ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱིས་བསླབ་ཚན་མ་ཡིན་པའི་རིགས་ཀྱི་སློབ་ཕྱིའི་གསོ་སྦྱོང་སྡེ་ཁག་གི་དོ་དམ་ཕྱོགས་ཡོངས་ནས་ཇེ་དམ་ཏུ་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-06-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཉེ་ལམ་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་ནས་རྒྱུས་ལོན་པ་ལྟར་ན། རང་ཞིང་གིས་ཞིང་ཆེན་ཡོངས་ཀྱི་བསླབ་ཚན་མ་ཡིན་པའི་རིགས(ཚན་རྩལ་རིགས་དང་། རིག་གནས་སྒྱུ་རྩལ་རིགས། ཞིབ་འཇུག་སློབ་སྦྱོང་གི་རིགས། ལུས་རྩལ་གྱི་རིགས་བཅས་འདུས)ཀྱི་སློབ་ཕྱིའི་གསོ་སྦྱོང་སྡེ་ཁག་དང་མངག་བཅོལ་ཞབས་ཞུ་སྡེ་ཁག་གི་དོ་དམ་ཕྱོགས་ཡོངས་ནས་ཇེ་དྲག་ཏུ་གཏོང་བ་དང་། བསླབ་ཚན་མ་ཡིན་པའི་སློབ་ཕྱིའི་གསོ་སྦྱོང་སྡེ་ཁག་དང་མངག་བཅོལ་ཞབས་ཞུ་སྡེ་ཁག་གི་སློབ་སྒྲུབ་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། སློབ་ཕྱིའི་གསོ་སྦྱོང་དང་མངག་བཅོལ་ཞབས་ཞུའི་ཚོང་ར་དག་གཙང་དུ་བཏང་ནས། ཆུང་འབྲིང་སློབ་མའི་སློབ་ཕྱིའི་གསོ་སྦྱོང་འགན་ཁུར་ངེས་པ་དོན་གྱིས་ཇེ་ཡང་དུ་བཏང་། 

རྒྱུས་ལོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་དང་། མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིང་། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་། མཚོ་སྔོན་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་། མཚོ་སྔོན་ཞིང་ཆེན་ཚོང་རའི་ལྟ་རྟོག་དོ་དམ་ཅུའུ། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཐིང་བཅས་ཀྱིས་མཉམ་འབྲེལ་སྒོས། 《བསླབ་ཚན་མ་ཡིན་པའི་རིགས་ཀྱི་སློབ་ཕྱིའི་གསོ་སྦྱོང་སྡེ་ཁག་དང་མངག་བཅོལ་ཞབས་ཞུ་སྡེ་ཁག་གི་དོ་དམ་བྱ་བར་ཕྱོགས་ཡོངས་ནས་ཇེ་དྲག་ཏུ་གཏོང་བའི་བརྡ་སྦྱོར》བཏང་། ཞིང་ཆེན་ཚན་རྩལ་ཐིང་དང་། ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་། ཞིང་ཆེན་ལུས་རྩལ་ཅུའུ་བཅས་ཀྱིས་རང་ཞིང་གི་ཚན་རྩལ་རིགས་དང་། རིག་གནས་སྒྱུར་རྩལ་རིགས། ལུས་རྩལ་རིགས་བཅས་ཀྱི་སློབ་ཕྱིའི་གསོ་སྦྱོང་སྡེ་ཁག་འཛུགས་པའི་ཚད་གཞི་དང་ཞིབ་མཆན་གོ་རིམ་བཟོ་བར་དམ་འཛིན་བྱེད་བཞིན་ཡོད་པར་མ་ཟད། ཉེ་ལམ་དཔར་འགྲེམ་བྱ་རྒྱུ་རེད། ས་ཁུལ་སོ་སོས་ཁོངས་གཏོགས་ཅན་གྱི་དོ་དམ་བླང་བྱ་གཞིར་བཟུང་སྟེ། རྫོང་གཙོ་བོར་འཛིན་པ་དང་། “སྔོན་ལ་དཔང་ཡིག་དང་རྗེས་སུ་བཀའ་རྟགས། རིགས་དབྱེ་ཞིབ་མཆན། སྒྲིག་སྲོལ་ལྟར་ཞིབ་མཆན། གནས་གཅིག་མཆན་གཅིག”གི་རྩ་དོན་ལྟར། རང་ཞིང་གི་བསླབ་ཚན་མ་ཡིན་པའི་སློབ་ཕྱིའི་གསོ་སྦྱོང་སྡེ་ཁག་རིགས་སོ་སོ་འཛུགས་པའི་ཚད་གཞི་དང་། ཞིབ་མཆན་གོ་རིམ། དོ་དམ་བྱེད་ཐབས་བཅས་ལག་བསྟར་ནན་ཏན་བྱེད་པ། ཁོངས་གཏོགས་ཀྱི་བསླབ་ཚན་མ་ཡིན་པའི་སློབ་ཕྱིའི་གསོ་སྦྱོང་སྡེ་ཁག(བསླབ་ཚན་རིགས་ཀྱི་སློབ་ཕྱིའི་གསོ་སྦྱོང་ཚུལ་སྒྱུར་སྡེ་ཁག་དང་། སྔར་ཡོད་བསླབ་ཚན་མ་ཡིན་པའི་སློབ་ཕྱིའི་གསོ་སྦྱོང་སྡེ་ཁག གསར་དུ་སྒྲུབ་པའི་བསླབ་ཚན་མ་ཡིན་པའི་སློབ་ཕྱིའི་གསོ་སྦྱོང་སྡེ་ཁག་དང་ཡན་ལག་སློབ་གྲྭ། སློབ་སྒྲུབ་གནས)ལ་རིགས་དབྱེ་བ་དང་སྡེ་ཁག་བཀར་ནས། སློབ་སྒྲུབ་ཐོབ་ཐང་ལ་ཡང་བསྐྱར་ཞིབ་མཆན་ཐོ་འགོད་བྱེད་དགོས། “བསྐྱར་མཆེད་དང་། རྣམ་པ་འགྱུར་བ། རུལ་མཆེད། ཉེན་ཁ་བཅས་འགོག་པ”ནས་མགོ་བརྩམས་ཏེ། བསླབ་ཚན་མ་ཡིན་པའི་རིགས་ཀྱི་སློབ་ཕྱིའི་གསོ་སྦྱོང་སྡེ་ཁག་དང་མངག་བཅོལ་ཞབས་ཞུ་སྡེ་ཁག་གི་དོ་དམ་ཕྱོགས་ཡོངས་ནས་ཇེ་དྲག་ཏུ་གཏོང་བ་དང་། བསླབ་ཚན་མ་ཡིན་པའི་རིགས་ཀྱི་གསོ་སྦྱོང་སྒྲིག་འགལ་གྱིས་སྤེལ་བའི་གནད་དོན་དག་གཏན་འགོག་བྱས་ཏེ། བསླབ་ཚན་མ་ཡིན་པའི་རིགས་ཀྱི་གསོ་སྦྱོང་ཚད་ལྡན་བདེ་ཐང་ངང་འཕེལ་རྒྱས་འགྲོ་བར་ཁག་ཐེག་བྱེད་རྒྱུ་རེད། །

རྩོམ་སྒྲིག་པ། : གསང་བདག་རྒྱལ།