ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱིས་དམག་ཁོངས་ནས་བུད་པའི་དམག་མི་གྲོང་གསེབ་དར་སྤེལ་གྱི་ལས་ལ་ཞུགས་པར་སྐུལ་བའི་སྐོར་གྱི་ལག་བསྟར་བསམ་འཆར་དཔར་འགྲེམ་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-06-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་དམག་ཁོངས་ནས་བུད་པའི་དམག་མིའི་ལས་དོན་ཐིང་ནས་ཤེས་གསལ་ལྟར་ན། ཞིང་ཆེན་དམག་ཁོངས་ནས་བུད་པའི་དམག་མིའི་ལས་དོན་ཐིང་སོགས་སྡེ་ཁག17གྱིས་མཉམ་འབྲེལ་སྒོས《དམག་ཁོངས་ནས་བུད་པའི་དམག་མི་གྲོང་གསེབ་དར་སྤེལ་གྱི་ལས་ལ་ཞུགས་པར་སྐུལ་བའི་སྐོར་གྱི་ལག་བསྟར་བསམ་འཆར》(གཤམ་ནས《བསམ་འཆར》ཞེས་བསྡུ་རྒྱུ)དཔར་འགྲེམ་བྱས་ཤིང་། དམག་ཁོངས་ནས་བུད་པའི་དམག་མིས་རྒྱལ་ཁབ་ཀྱི་འབོད་སྐུལ་དང་དུ་བླངས་ནས། རང་ཡུལ་དུ་ལོག་ཅིང་ལས་སྒྲུབ་ལས་གཏོད་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་དར་སྤེལ་ལ་རོགས་འདེགས་ལྷུར་ལེན་བྱེད་པར་སྐུལ་མ་དང་ཁྲིད་སྟོན་བྱས། 

《བསམ་འཆར》ལས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་སྐོར་གྱི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་གཏིང་ཟབ་མོས་ལག་བསྟར་བྱེད་པ་དང་། ཏང་ཀྲུང་དབྱང་གི་གྲོང་གསེབ་དར་སྤེལ་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་ཁག་དང་ཞིང་ཆེན་སྲིད་གཞུང་གི་བླང་བྱ་བྱེ་བྲག་པ་མཐའ་གཅིག་ཏུ་དངོས་འབེབས་བྱེད་པ། རང་ཞིང་གི་ཐོན་ཁུངས་ཀྱི་དགེ་མཚན་དང་ཐོན་ལས་འཕེལ་རྒྱས་ཀྱི་དངོས་ཡོད་ལ་རྐང་འཛུགས་པ། སྲིད་ཇུས་རོགས་སྐྱོར་དང་མ་དངུལ་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེར་སྐྱེད་པ། ཞིང་ཆེན་ཡོངས་ཀྱི་དམག་ཁོངས་ནས་བུད་པའི་དམག་མིའི་ཁྲོད་ཕྱུག་སྒྱུར་ནུས་ཅན་དང་གཞི་རིམ་བཅོས་སྐྱོང་འཇོན་ཅན་སྐོར་ཞིག་འབད་པས་གསོ་སྐྱོང་བྱེད་པ། ཞིང་ཕྱུགས་ལས་ས་ཁུལ་གྱི་ཐོན་ལས་སྒྲོམ་གཞི་རིམ་སྤོར་དང་བཅོས་སྐྱོང་ནུས་པ་མཐོར་འདེགས་ལ་ཞབས་ཞུ་སྔར་ལས་ལེགས་པོ་བྱས་ཏེ། གྲོང་གསེབ་དར་སྤེལ་སྐུལ་འདེད་གཏོང་བ་དང“དམིགས་བསལ་གཅིག་དང་མཐོ་བ་གཉིས”ཀྱི་འཐབ་ཇུས་ལ་སྐུལ་སྤེལ་བྱ་ཆེད་དམག་ཁོངས་ནས་བུད་པའི་དམག་མིས་སྟོབས་ཤུགས་འབུལ་དགོས། ། 

རྩོམ་སྒྲིག་པ། : གསང་བདག་རྒྱལ།