ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱིས་རིག་གནས་ཡུལ་སྐོར་ལས་རིགས་བདེ་འཇགས་ཐོན་སྐྱེད་དང་སྤུས་ཚད་མཐོར་འདེགས་བྱ་བ་ངེས་པ་དོན་གྱིས་དངོས་འཛིན་ལེགས་པོ་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-06-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས17ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་གིས་བསྡུས་པའི་ཞིང་ཆེན་ཡོངས་ཀྱི་རིག་གནས་ཡུལ་སྐོར་ལས་རིགས་བདེ་འཇགས་ཐོན་སྐྱེད་དང་ཞབས་ཞུ་སྤུས་ཚད་མཐོར་འདེགས་བྱ་བའི་ཚོགས་འདུའི་སྟེང་ཤེས་གསལ་ལྟར་ན། རང་ཞིང་གིས་རིག་གནས་ཡུལ་སྐོར་ལས་རིགས་བདེ་འཇགས་ཐོན་སྐྱེད་བྱ་བ་ངེས་པ་དོན་གྱིས་དངོས་འཛིན་ལེགས་པོ་བྱས་ཤིང་། ཞབས་ཞུའི་སྤུས་ཚད་མཐོར་འདེགས་པར་དམིགས་ནས། རང་ཞིང་གི་རིག་གནས་ཡུལ་སྐོར་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་ཡོད་དགུས་སྐུལ་འདེད་བཏང་། 

ད་ལོ་ནི་རིག་གནས་ཡུལ་སྐོར་ལས་རིགས་བདེ་འཇགས་ཐོན་སྐྱེད་ཆེད་དོན་དག་ཐེར་བཅོས་སྒྲིག་ལོ་གསུམ་འགུལ་སྐྱོད་མཇུག་སྡོམ་གྱི་ལོ་ཡིན་པས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་རིག་གནས་ཡུལ་སྐོར་སྡེ་ཁག་གིས་ཡོངས་ལ་ཁེབས་པ་དང་ཆད་ལུས་མེད་པའི་རིག་གནས་ཡུལ་སྐོར་ལས་རིགས་གཉེར་བའི་ཁང་པའི་བདེ་འཇགས་རྐྱེན་ངན་གྲལ་བཤེར་དག་ཐེར་བཅོས་སྐྱོང་ཕྱོགས་ཡོངས་ནས་སྤེལ་བ་དང་། མེ་སྐྱོན་བདེ་འཇགས་རྐྱེན་ངན་ཡོད་པ་སོགས“གནད་དོན”གྱི་གྲོང་གསེབ་ཡུལ་སྐོར་སྣེ་ལེན་བྱེད་སའི་རིམ་པ་དང་། རིམ་པAཅན་གྱི་ཡུལ་སྐོར་མཛེས་ལྗོངས་སོགས་ཁང་པར་ཕྱོགས་ཡོངས་ནས་གྲལ་བཤེར་དག་ཐེར་བཅོས་སྐྱོང་སྤེལ་དགོས། ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་ཉེན་ཁ་ཆེ་བའི་རྣམ་གྲངས་ལ་ལྟ་སྐུལ་བརྟག་དཔྱད་ལེགས་པར་བཟུང་ནས་རྒྱུན་རྣམ་ཅན་གྱི་བདེ་འཇགས་ལམ་སྲོལ་འཛུགས་སྐྱོང་ཇེ་དྲག་ཏུ་གཏོང་དགོས། དེ་མིན། ཡུལ་སྐོར་བརྒྱུད་ལམ་གྱི་བདེ་འཇགས་དང་། ཡུལ་སྐོར“སྒེར་འཁོར།” དྲ་གྲགས་གཞུང་ལམ་བདེ་འཇགས། རིག་གནས་ཡུལ་སྐོར་ཁང་གི་མེ་ཟོན་བདེ་འཇགས་སོགས་ཀྱི་ཐད་ནས་འབྲེལ་ཡོད་འགན་ནུས་སྡེ་ཁག་དང་མཉམ་འབྲེལ་གྱིས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་སྤེལ་བ་དང་། ལྟ་རྟོག་དང་དོ་དམ་གྱི་མཉམ་ཤུགས་ཆགས་པར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་རིག་གནས་ཡུལ་སྐོར་ལས་རིགས་ཀྱི་བདེ་འཇགས་ཐོན་སྐྱེད་གནས་ཚུལ་མུ་མཐུད་དུ་བརྟན་ཐོག་བཟང་འཕེལ་ལ་ཁག་ཐེག་བྱེད་དགོས།  །

རྩོམ་སྒྲིག་པ། : གསང་བདག་རྒྱལ།