ཀྲུང་གོ་བོད་ཀྱི་དྲ་བ།

ཡུས་ཧྲུའུ་ཁུལ་གྱི་རིམ་པ་གསུམ་པའི་གཞུང་གཉེར་སྨན་ཁང་གིས་སྟབས་བདེའི་སྒོ་བསྟེན་སྨན་ཁང་བཙུགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-06-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲབའི་འཕྲིན། ཉིན་འགའི་སྔོན། མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་སྒོ་བསྟེན་སྨན་ཁང་ལ་གཅིག་གྱུར་འཆར་འགོད་ཀྱི་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། ཁུལ་དང་། རྫོང་། ཤང་བཅས་རིམ་པ་གསུམ་གྱི་གཞུང་གཉེར་སྨན་ཁང་དུ་སྟབས་བདེའི་སྒོ་བསྟེན་སྨན་ཁང་ཚད་ལྡན་བཙུགས་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྤྱིར་བཏང་གི་སྒོ་བསྟེན་སྨན་ཁང་ལ་སྤྱི་འདོམས་དང“ནད་རིགས་གཉིས”སྨན་རྫས་འགན་ལེན་སྲིད་ཇུས་ནང་ཚུད་པའི་གཅོང་ནད་ཕོག་མཁན(སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་སྒྲིག་གཞིའི་གཞན་སྒྱུར་གྱི་གཅོང་ནད་ནད་པ་ཚུད་པ)ལ་དུས་ཐོག་ཏུ་སྨན་སྟེར་བའམ་ཡང་ན་འབྲེལ་ཡོད་གསོ་རིག་ཞིབ་བཤེར་གྱི་འཛིན་ཡིག་སྤྲད་ནས། དམངས་ཕན་སྲིད་ཇུས་དོན་འཁྱོལ་བྱས།

རྒྱུས་ལོན་པ་ལྟར་ན། སྟབས་བདེའི་སྒོ་བསྟེན་སྨན་ཁང་བཙུགས་རྗེས། སྨན་བཅོས་འགན་བཅོལ་བྱང་བུ་དང་ཐོབ་ཐང་ལག་ཁྱེར་བྱང་བུ་སྤྱོད་པའི་ལས་སྒོ་མཁོ་འདོན་བྱས་ཡོད། རིམ་པ་གཉིས་པ་ཡན་གྱི་སྨན་ཁང་གི་སྟབས་བདེ་སྒོ་བསྟེན་སྨན་ཁང་གིས་གཏན་འབེབས་ལྟར་ཐོ་འགོད་རིན་པ་སྒོར1བསྡུ་རྒྱུ་དང་། རིམ་པ་གཉིས་པ་མན་གྱི་སྨན་ཁང་གིས་ཐོ་འགོད་རིན་པ་བསྡུ་རྒྱུ་མ་རེད། སྨན་ཁང་གིས་རིམ་པ་མི་འདྲ་བའི་སྨན་བཅོས་འགན་བཅོལ་གྱི་འགྲོ་སོང་རྩིས་ཞུའི་བསྡུར་ཚད(རིམ་པ་གསུམ་པ་དང་། རིམ་པ་གཉིས་པ། རིམ་པ་གཉིས་པ་མན་གྱི་འགྲོ་སོང་རྩིས་ཞུའི་བསྡུར་གྲངས50%དང70%ཟིན)ལྟར་ནད་པར་སྒོ་བསྟེན་སྨན་རིན་རྩིས་ཞུ་བྱེད་རྒྱུ་རེད། ཁྲག་ཤེད་མཐོ་བ་དང་སྙིང་ནད་ཡོད་པའི་ནད་པའི་སྒོ་བསྟེན་སྨན་རིན་གྱི་རྩིས་ཞུའི་མཐོ་ཤོས་སྒོར1000ཟིན་པ་དང་། གཅོང་ནད་ཕོག་པའི་ནད་པས་སྒུག་བཅོས་ཀྱི་དུས་ཚོད་ཐུང་དུ་བཏང་ནས། བསྐྱར་དུ་སྨན་བཅོས་བྱེད་པ་དང་སྨན་ལེན་པ། བརྟག་དཔྱད་བྱེད་པ་བཅས་ལ་སྟབས་བདེ་བསྐྲུན་ཡོད། སྟབས་བདེའི་སྒོ་བསྟེན་སྨན་ཁང་བཙུགས་རྗེས། སྨན་པར་སྟོན་པའི་བརྒྱུད་རིམ་སྔར་ལས་ཇེ་ལེགས་སུ་ཕྱིན་ནས། སྨན་ཁང་དུ་ཞག་སྡོད་བྱེད་མི་དགོས་པའི་སྒོ་བསྟེན་གཅོང་ནད་སྨན་བཅོས་དང་ནད་རྟགས་མི་ལྗིད་པའི་ནད་པ་ཚང་མས་སྒོ་བསྟེན་རྩིས་ཞུའི་ཐོབ་ཐང་ལོངས་སྤྱོད་བྱེད་ཐུབ་པས། རྒྱ་ཆེའི་མང་ཚོགས་ཀྱི་སྨན་པར་སྟོན་པའི་ཐོབ་སྣང་དང་སྐྱིད་སྣང་ཆེ་རུ་ཕྱིན་ཡོད། ། 

རྩོམ་སྒྲིག་པ། : བདེ་ལེགས་མཚོ།