མཚོ་སྔོན་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་སྐབས་བཅུ་བཞི་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དགུ་པ་ཟི་ལིང་དུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས16ཉིན། མཚོ་སྔོན་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་སྐབས་བཅུ་བཞི་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དགུ་པ་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཆེན་པོའི་ལག་ཤེས་པའི་གསར་གཏོད་བརྗེ་རེས་ཚོགས་ཆེན་སྟེང་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་དང་། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན། རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ལྔ་གཅིག་རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་གཟེངས་བསྟོད་ཚོགས་ཆེན་དང་ཐོན་ལས་བཟོ་བའི་དཔུང་སྡེ་འཛུགས་སྐྲུན་བཅོས་སྒྱུར་སྐུལ་སྤེལ་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་མ་ཅི་ཞའོ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས་པ་མ་ཟད་གཏམ་བཤད་གནང་། ཝང་ཅིན་ཀྲའེ་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་སྐབས་བཅུ་བཞི་པའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པར་བདམས།

མཱ་ཅི་ཞའོ་ཡིས་ནན་གྱིས་བསྟན་དོན། སློབ་སྦྱོང་དང་རྒྱུས་ལོན། ལག་བསྟར་བྱེད་པའི་ཁྲོད་ཆབ་སྲིད་ཀྱི་རང་རྟོགས་མཐོར་འདེགས་གཏོང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཟོ་བ་གྲལ་རིམ་དང་བཟོ་ཚོགས་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་། མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་བཅས་ལ་རྒྱུས་ལོན་ཡང་དག་དང་ལག་བསྟར་ནན་མོ་བྱས་ནས། བཟོ་ཚོགས་ཀྱི་བྱ་བ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་སྒུལ་ཤུགས་ཆེན་པོ་སྣོན་དགོས། དྲིལ་སྒྲོག་གཏིང་ཟབ་བྱེད་པའི་ཁྲོད་མདུན་སྐྱོད་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུ་བ་དང་། སྤྱི་ཡོངས་ལ་འདྲེས་པར་བྱེད་པའི་ཁྲོད་བཟོ་ཚོགས་ཀྱི་སྟོབས་ཤུགས་མངོན་པར་བྱེད་པ། འགན་སྒྲུབ་ནན་མོ་བྱེད་པའི་ཁྲོད་མི་དམངས་ཀྱི་བསམ་པའི་བརྩེ་སེམས་མངོན་པར་བྱེད་པ། བཅོས་སྒྱུར་གསར་གཏོད་ཁྲོད་བྱ་བའི་གསོན་ཤུགས་ཆེར་བསྐྱེད་པ། གཟབ་ནན་བྱེད་པའི་ཁྲོད་རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ཞིང་ཆེན་ཡོངས་ཀྱི་ལས་བཟོ་བ་ཁྲི་ཕྲག་གིས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་གྱིས་བཀོད་སྒྲིག་བྱས་པའི་རླབས་ཆེའི་འཆར་གཞི་དང་མདུན་སྐྱོད་ཀྱི་ཁ་ཕྱོགས་ལྟར་དཀའ་སྤྱད་འབད་བརྩོན་བྱེད་པ་དང་། འགུལ་སྐྱོད་དངོས་ཀྱི་སྟེང་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།