ཀྲུང་གོ་བོད་ཀྱི་དྲ་བ།

མཱ་ཧྥིན་ཧྲིན་གྱིས་ཆུ་དམར་ལེབ་རྫོང་གི་བྱ་བར་རྟོག་ཞིབ་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-06-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས15ཉིན་ནས་ཚེས17ཉིན་བར། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མཱ་ཧྥིན་ཧྲིན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་དུ་སོང་ནས་གྲོང་གསེབ་དར་སྤེལ་བྱ་བར་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་ལག་བསྟར་བྱེད་པ་དང་། དགོངས་དོན་གྱི་ངོ་བོར་སློབ་སྦྱོང་དང་རྒྱུས་ལོན་གསལ་བོ་བྱས་ཏེ། གཟེར་འདེབས་སྙིང་སྟོབས་ཀྱིས་གྲོང་གསེབ་དར་སྤེལ་གྱི་བྱ་བ་སྣ་ཚོགས་ལག་བསྟར་བྱས་ནས་གྲུབ་འབྲས་ལེན་པར་སྐུལ་འདེད་གཏོང་དགོས།

མཱ་ཧྥིན་ཧྲིན་སྔ་གཞུག་ཏུ་གཡུ་དགེ་ཤང་སེ་བོ་གསར་བརྗེའི་རིག་གནས་སློབ་གསོ་རྟེན་གཞི་དང་ཧུང་ཆི་སྡེ་བའི་ཏང་ཡོན་དང་མང་ཚོགས་ཞབས་ཞུ་ལྟེ་གནས། ནོར་གནག་རྒྱུད་བཟང་གསོ་སྤེལ་རྟེན་གཞི། རྫོང་མཁར་གྱི་ཡུལ་གཞན་གནས་སྤོར་གཅིག་བསྡུས་བཀོད་སྒྲིག་བྱེད་ས་བཅས་ལ་སོང་ནས། རྩ་འཛུགས་འཛུགས་སྐྲུན་དང་ཐོན་ལས་འཕེལ་རྒྱས། དམངས་འཚོ་འགན་སྲུང་སོགས་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་པ་དང་། རྫོང་དང་ཤང་། སྡེ་བ་བཅས་རིམ་པ་གསུམ་གྱི་ལས་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས་ནས་བསྟན་དོན། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་གཙོ་བོ་དང་གནས་ཐིག་གཏན་ཁེལ་གཙོ་བོ། ལམ་བུ་གཙོ་བོ་བཅས་གཏན་ཁེལ་བྱས་ལ། བསམ་བློ་དང་འགུལ་སྐྱོད་གཉིས་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་སྟེང་གཅིག་གྱུར་བྱེད་དགོས་ཟེར། 

མཱ་ཧྥིན་ཧྲིན་གྱིས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་གནད་དོན་དག་ཐེར་ལེགས་བཅོས་དང་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། དུས་ལྟར་སྤུས་ཚད་བཟང་བའི་སྒོ་ནས་གནད་དོན་དག་ཐེར་ལེགས་བཅོས་བྱེད་པར་ཁག་ཐེག་བྱེད་དགོས། འགུལ་རྣམ་ལྟ་ཞིབ་རོགས་སྐྱོར་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། ལས་བརྟན་ལས་ཞུགས་ཀྱི་ལམ་བུ་རྒྱ་བསྐྱེད་པ། འགན་སྲུང་གསུམ་གྱི་བྱ་བ་རྒྱུན་མཐུད་ངང་བཟང་བོར་བསྒྲུབ་ནས། ཧུར་ཐག་གིས་གནོད་འཚེ་དང་ནད་སོགས་ཀྱི་དབང་གིས་ཕྱིར་དབུལ་བོར་འགྱུར་བའི་ཉེན་ཁ་བཀག་འགོག་དང་ཐག་གཅོད་བྱེད་དགོས། གྲོང་གསེབ་འཕེལ་རྒྱས་ཐད་ཀྱི་ཞན་ཆ་ཁ་གསབ་བྱེད་པ་དང་། ཆུ་དང་གློག ལམ། འཕྲིན་གཏོང་། དངོས་ཟོག་སྐྱེལ་འདྲེན་སོགས་རྨང་གཞིའི་སྒྲིག་ཆས་གཞི་རིམ་དུ་རྒྱུན་བསྲིང་བར་སྐུལ་འདེད་གཏོང་དགོས། སྡེ་བ་དང་གཞིས་ཁུལ་གྱི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་ཚན་ཁག་འཛུགས་སྐྲུན་བྱེད་པ་དང་། ཐབས་མང་མཉམ་སྤྱོད་ཀྱིས་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་དགོས། བྱ་བའི་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ་དང་། ཇུས་འགོད་བཟང་བོ་དམ་འཛིན་བྱས་ནས། སྲིད་ཇུས་གཏན་འབེབས་བཟང་བོ་བྱེད་པ་དང་ལས་གཞི་འཆར་འགོད་བཟང་བོ་བྱེད་པ། མ་དངུལ་བཀོལ་སྤྱོད་བཟང་བོ་བཅས་བྱེད་དགོས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།