ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་ལྷོ་ཁུལ་གྱིས་ནུས་ཁུངས་གཙང་མར་བརྟེན་ནས་དཔལ་འབྱོར་བརྟན་བརླིང་ངང་འཁོར་སྐྱོད་བྱེད་པར་སྐུལ་འདེད་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2022-06-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས11ཉིན། གསར་འགོད་པས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་ནས་རྒྱུས་ལོན་པ་ལྟར་ན། མཚོ་ལྷོ་ཁུལ་གྱིས་ནུས་ཁུངས་གཙང་མའི་ཐོན་ལས་ཁུལ་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི་སྒུལ་ཤུགས་གཙོ་བོར་བརྩིས་ཏེ། 《དུས་རབས་གསར་བ་དང་ནུས་ཁུངས་གསར་བ། སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་གཏོང་བར་སྐུལ་སྤེལ་བྱེད་པའི་སྐོར་གྱི་ལག་བསྟར་ཇུས་གཞི》གྱི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་བྱས། རྣམ་གྲངས་སྙན་ཞུར་བརྟེན་ནས་ཐོན་ལས་གཞི་ཚུགས་པར་སྐུལ་འདེད་གཏོང་བ་དང་། འོད་ཤུགས་དང་རླུང་ནུས་རྣམ་གྲངས་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས་ཆུ་གློག་ཐོན་ཁུངས་གསར་སྤེལ་ལ་སྐུལ་འདེད་གཏོང་བ། ས་འོག་ཚ་ནུས་དང་སྐམ་ཚའི་བྲག་རྡོའི་ཚན་ཞིབ་འགག་སྒྲོལ་དང་གྲུབ་འབྲས་གཞན་སྒྱུར་གྱིས་མ་དངུལ་དང་རྣམ་གྲངས་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ། “ནུས་ཁུངས་དང་གློག་འདོན། གསོག་འཇོག”བཅས་གཅིག་དྲིལ་ཅན་གྱི་འཕེལ་རྒྱས་ལ་དམིགས་ནས། བྱེ་ཐང་དང་མྱ་ངམ་ཐང་། ཐང་རྒོད་བཅས་གཙོ་གནད་དུ་འཛིན་པའི་རླུང་གློག་གི་འོད་ཤུགས་རྟེན་གཞི་ཆེ་གྲས་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་མྱུར་བཏང་ནས། རླུང་དང་འོད། ཆུ། ཚ་ནུས་དང་གསོག་འཇོག“གནས་ལྔ་གཞི་གཅིག”བཅས་ཀྱི་ནུས་ཁུངས་གཙང་མའི་འཕེལ་རྒྱས་ཀྱི་རྣམ་པ་ཞིག་ཆགས་པར་བྱས་ཏེ། ནུས་ཁུངས་གཙང་མའི་ཐོན་ལས་ལ་བརྟེན་ནས་དཔལ་འབྱོར་བརྟན་བརླིང་ངང་འཁོར་སྐྱོད་ཐུབ་པར་སྐུལ་འདེད་གཏོང་རྒྱུ་རེད། 

རྗེས་མར་མཚོ་ལྷོ་ཁུལ་གྱིས“ལྗང་གློག”ཕྱིར་སྐྱེལ་བགྲོད་ལམ་གྱི་དཀའ་གནད་མགྱོགས་མྱུར་ངང་སེལ་ཏེ། “ནུབ་གློག་ཤར་སྐྱེལ”གྱི་གོམ་སྟབས་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་དང་། འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་ཀྱི་ས་ཁམས་ཀྱི་ཐ་སྙད་ནུས་ཁུངས་གཙང་མའི་ཁྱབ་ཁོངས་སུ་ནང་འདྲེན་བྱ་རྒྱུ། “ལྗང་མདོག་གཙང་གསུམ་འབྱུང་གསུམ་ཡུལ”གྱི་ལས་གཞི་ལག་བསྟར་བྱ་རྒྱུ། འོད་ཤུགས་ས་རྒྱུད་གསུམ་གཅིག་བསྡུས་ཀྱིས་འཛུགས་སྐྲུན་བྱ་རྒྱུ། བབ་མཚུངས་ཀྱི་དམིགས་བསལ་མཐོ་གནོན་ཐད་རྒྱུག་གློག་འདྲེན་སྐུད་ལམ་གསུམ་འཛུགས་སྐྲུན་བྱས་ནས། འབྲི་ཆུའི་འབབ་རྒྱུད་ཀྱི་ཅང་སུའུ་དང་ཀྲེ་ཅང་། རྨ་ཆུའི་འབབ་རྒྱུད་ཀྱི་ཧོ་ནན་དང་ཀྲུའུ་ཅང་གཙང་པོའི་འབབ་རྒྱུད་ཀྱི་ཀོང་ཏུང་དང་ཞང་ཀང་། ཨོ་མོན་བཅས་མཚོ་ཁུག་ཆེན་པོའི་ཁུལ་དུ་སོ་སོར་འདྲེན་རྒྱུ་དང་། “ནུབ་གློག་ཤར་སྐྱེལ”བྱས་པ་བརྒྱུད་ནུས་ཁུངས་ཀྱི་བཟང་ཆ་དེ་དཔལ་འབྱོར་གྱི་ལེགས་ཆར་བསྒྱུར་རྒྱུ་དང་། ཐོན་ཁུངས་བཀོད་སྒྲིག་ལུགས་མཐུན་དང་། ནུས་ཁུངས་གྲུབ་ཚུལ་ལེགས་འགྱུར། དཔལ་འབྱོར་དང་སྤྱི་ཚོགས་བརྟན་བརླིང་ངང་འཁོར་སྐྱོད་བྱེད་པ་དང་རྒྱུན་མཐུད་ངང་འཕེལ་རྒྱས་འབྱུང་བར་སྐུལ་འདེད་གཏོང་རྒྱུ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།