ཀྲུང་གོ་བོད་ཀྱི་དྲ་བ།

དབྱང་ཧྥིན་ཁྲུན་གྱིས་མཚོ་སྔོན་ཞིང་ཆེན་རིག་དངོས་སྲུང་སྐྱོང་དང་བཤམས་སྟོན་ལྟེ་གནས་ལས་གཞིའི་རྣམ་གྲངས་མཐུན་སྦྱོར་གྲོས་ཚོགས་ལ་མགོ་འཛིན་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-06-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས17ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་དབྱང་ཧྥིན་ཁྲུན་གྱིས་ཞིང་ཆེན་རིག་དངོས་སྲུང་སྐྱོང་དང་བཤམས་སྟོན་ལྟེ་གནས་ལས་གཞིའི་རྣམ་གྲངས་མཐུན་སྦྱོར་གྲོས་ཚོགས་ལ་མགོ་འཛིན་བྱས་པ་དང་། ལས་གཞིའི་རྣམ་གྲངས་སྔོན་གྱི་འཕེལ་རིམ་གནས་ཚུལ་ལ་ཉན་ཞིང་། འབྲེལ་ཡོད་དཀའ་ངལ་གནད་དོན་མཐུན་སྦྱོར་དང་ཐག་གཅོད་བྱས་ནས། རྗེས་ཕྱོགས་ཀྱི་བྱ་བ་བཀོད་སྒྲིག་བྱས། 

དབྱང་ཧྥུན་ཁྲུན་གྱིས་ནན་གྱིས་བསྟན་དོན། ལས་ཡུན་ལྡོག་སྒྲིག་དང་། འབད་པས་སྐུལ་འདེད། ཆེད་ཚོགས་ཀྱི་ནུས་པ་འདོན་སྤེལ། རང་རང་གི་འགན་འཁྲི་དོན་འཁྱོལ། སེམས་ཤུགས་གཅིག་སྒྲིལ། རིས་འགེལ་འཐབ་རྩོད། ཐོལ་བརྒལ་དམ་འཛིན། དུས་ཚོད་བརྩོན་ལེན། འགྲོས་ཚད་མྱུར་བ། དེ་མིན་ལས་གཞིའི་རྣམ་གྲངས་སྔོན་བཤེར་དང་། ཁོར་ཡུག་ལ་ཐེབས་པའི་ཤུགས་རྐྱེན་དཔྱད་འཇོག ཡིད་རྟོན་ཚན་ཞིབ། ཇུས་འགོད་སོགས་དུས་སྐབས་སྔོན་མའི་བྱ་བ་ཇེ་མགྱོགས་སུ་བཏང་ནས། སྔ་མོ་ནས་ལས་གཞིའི་རྣམ་གྲངས་ཞིབ་མཆན་ཐོར་པར་སྐུལ་འདེད་གཏོང་དགོས། ཞིབ་འཇུག་དང་། གནད་འཁེལ་ཞིབ་ཚགས། འཛུགས་སྐྲུན་ནང་དོན་གཏན་འཁེལ། ཚན་རིག་ཁུངས་སྐྱེལ་ལ་ཤུགས་སྣོན། སྤུས་ཚད་བདེ་འདགས་ལ་དོ་སྣང་བྱེད་པ་དང་། ཚད་གཞི་མཐོན་པོས་ལས་གཞིའི་རྣམ་གྲངས་འཆར་འགོད་འགན་ལེན་དང་། སྤུས་ཚད་མཐོན་པོས་ཇུས་འགོད། སྤུས་ཀ་མཐོན་པོས་འཛུགས་སྐྲུན་བཅས་བྱེད་དགོས། དམིགས་འབེན་ལ་བརྩོན་ལེན་དང་སེམས་ཤུགས་གཉིས་འདོན། གནོད་དོན་ཤེས་རྟོགས་བྱུང་ཚེ་རེ་རེ་བཞིན་ཐག་གཅོད་པ། འབྲེལ་འདྲིས་མཐུན་སྦྱོར་ལ་ཤུགས་སྣོན་དང་གྲུབ་ཆའི་འགན་ལེན་ལ་ཤུགས་སྣོན་པ་བཅས་ཀྱིས། ལས་གཞིའི་རྣམ་གྲངས་བདེ་བླག་ངང་སྤེལ་བར་ཆ་རྐྱེན་ལེགས་པོ་བསྐྲུན་པ་དང་། ཕུལ་བྱུང་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོགས་པར་བསུ་མ་བྱེད་དགོས་པར་བསྟན། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།