ཀྲུང་གོ་བོད་ཀྱི་དྲ་བ།

“མཚོ་སྔོན་ཞིང་ཆེན་གྱི2022ལོའི་དངུལ་རྩའི་ཞབས་ཞུའི་བཟོ་ལས་ཆ་འཕྲིན་ཁྱབ་ཁོངས་ཀྱི་ཁེ་ལས་འབྲིང་ཆུང”གི་སྲིད་གཞུང་དང་དངུལ་ཁང་། ཁེ་ལས་བཅས་ཀྱི་ཆེད་དོན་སྦྲེལ་མཐུད་ཚོགས་འདུའི་ཕན་འབྲས་མངོན་གསལ་ཡིན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-06-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཁྱོན་ཡོངས་ནས་རྒྱལ་ཡོངས་ཀྱི་དཔལ་འབྱོར་གཏན་འཇགས་བརྙན་འཕྲིན་ཁ་པར་གྲོས་ཚོགས་དང་། མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་བའི་དགོངས་དོན་དོན་འཁྱོལ་བྱེད་པ། ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། མཚོ་སྔོན་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་དཔལ་འབྱོར་སྲིད་ཇུས་བྱེད་ཐབས་དོན་འཁྱོལ་བྱེད་པ་ཇེ་མགྱོགས་སུ་གཏོང་ཆེད། ཟླ6པའི་ཚེས17ཉིན། མཚོ་སྔོན་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་གིས“མཚོ་སྔོན་ཞིང་ཆེན་གྱི2022ལོའི་དངུལ་རྩའི་ཞབས་ཞུའི་བཟོ་ལས་ཆ་འཕྲིན་ཁྱབ་ཁོངས་ཀྱི་ཁེ་ལས་འབྲིང་ཆུང”གི་སྲིད་གཞུང་དང་དངུལ་ཁང་། ཁེ་ལས་བཅས་ཀྱི་ཆེད་དོན་སྦྲེལ་མཐུད་ཚོགས་འདུ་བསྡུས་ཏེ། སྲིད་གཞུང་དང་དངུལ་ཁང་། ཁེ་ལསབཅས་ཀྱི་སྦྲེལ་མཐུད་བརྗེ་རེས་མཉམ་ལས་བྱེད་པར་ཤུགས་བསྣན་ནས། ཁེ་ལས་འབྲིང་ཆུང་གི་མ་དངུལ་མཉམ་འདྲེས་ཐབས་ལམ་ཕན་ནུས་ལྡན་པའི་སྒོ་ནས་རྒྱ་བསྐྱེད།

ཚོགས་རའི་སྟེང་། ཞིང་ཆེན་བཟོ་ལས་ཆ་འཕྲིན་ཐིང་དང་འཛུགས་སྐྲུན་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས《ཁེ་ལས་འབྲིང་ཆུང་གི་དངུལ་རྩའི་ཞབས་ཞུའི་འཐབ་ཇུས་མཉམ་ལས་གྲོས་གཞིར》མིང་རྟགས་བཀོད་པ་དང་། ཕྱོགས་གཉིས་ཀྱིས་ཡུན་ཕན་མཉམ་ལས་སྒྲིག་གཞི་སྒྲིག་འཛུགས་བྱས་ཤིང་། དེའི་སྐབས་སུ་འཛུགས་སྐྲུན་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་ལོ་རེར་སྒོར་དུང་ཕྱུར20བསྐྱི་དངུལ་བཀོད་སྒྲིག་བྱས་ཤིང་། ཁེ་ལས་ཀྱི་མ་དངུལ་མཉམ་འདྲེས་དགོས་མཁོ་བསྐངས་ཏེ། ཁེ་ལས་འབྲིང་ཆུང་གི་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད། དུས་མཚུངས་སུ། སྲིད་གཞུང་དངུལ་གཏོང་སྡེ་ཁག་གིས་ཁེ་ལས་ཆུང་འབྲིང8ལ་སྒོར་ཁྲི1700ཡི་བསྐྱི་དངུལ་འཁོར་རྒྱུག་ལས་གཉེར་དང་། སྒོར་ཁྲི1400ཡི་འཕེལ་རྒྱས་ཐེབས་རྩའི་དངུལ་གཏོང་སྟེང་མིང་རྟགས་བཀོད། བསྡོམས་རྩིས་བྱས་པ་ལྟར་ན། ཐེངས་འདིའི་སྦྲེལ་མཐུད་ཚོགས་འདུས་ཞིང་ཆེན་ནང་ཁུལ་གྱི་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྡེ་ཁག་དང་།ཞིང་ཆེན་ནང་ཁུལ་གྱི་སྐོར་ཐེངས་ལྔ་བའི་“ཆེད་ལས་ཅན་དང་ཞིབ་ཚགས་ཅན། ཁྱད་ལྡན་ཅན། གསར་རྐྱང་ཅན”གྱི་ཁེ་ལས་ཆུང་འབྲིང13ལ་བསྐྱི་དངུལ་སྒོར་དུང་ཕྱུར15.35ཡི་མཉམ་ལས་གྲོས་གཞིར་མཐུན་སྦྱོར་བྱས་པ་དང་། དེའི་ཁྲོད་ཡུལ་དངོས་ནས་ཧ་ལམ་སྒོར་དུང་ཕྱུར8.89ཀྱི་མིང་རྟགས་བཀོད། 

ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཐིང་གི་འབྲེལ་ཡོད་འགན་ཁུར་མི་སྣའི་མཚམས་སྦྱོར་ལྟར་ན། ཐེངས་འདིའི་སྦྲེལ་མཐུད་ཚོགས་འདུས་སྲིད་གཞུང་དང་དངུལ་རྩའི་སྡེ་ཁག་གི་འགན་ནུས་འདོན་སྤེལ་གང་ལེགས་བྱེད་པ་དང་། ཁེ་ལས་ཀྱི་དཀའ་ཁག་སེལ་བའི་ཤུགས་ཚད་ཆེ་རུ་བཏང་ནས། རང་ཞིང་གི་ཁེ་ལས་ཆུང་འབྲིང་གི་གསོན་ཤུགས་སྐུལ་སྤེལ་བྱས་ཏེ། ཕན་ནུས་ལྡན་པའི་སྒོ་ནས་མཉམ་ཤུགས་གཅིག་སྒྲིལ་བྱེད་པར་ནུས་པ་འདོན་སྤེལ་བྱས། རྗེས་མར་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཐིང་གིས་ཞིང་ཆེན་ནང་ཁུལ་གྱི་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྡེ་ཁག་དང་མཉམ་འབྲེལ་བྱེད་པར་ཤུགས་སྣོན་པ་དང་། རང་འགུལ་སྒོས་ཁེ་ལས་ཆུང་འབྲིང་གི་དངུལ་རྩ་མཉམ་འདྲེས་དགོས་མཁོར་དམིགས་ནས། དངུལ་རྩའི་སྦྲེལ་མཐུད་བརྗེ་རེས་སྟེགས་བུ་འཛུགས་སྐྲུན་དང་། “ཁེ་ལས་གཅིག་ལ་སྲིད་ཇུས་གཅིག”གི་མ་དངུལ་མཉམ་འདྲེས་དཀའ་ངལ་ཐག་བཅད་དེ། སྲིད་གཞུང་དང་དངུལ་ཁང་། ཁེ་ལས་བཅས་བར་གྱི་མཉམ་རྒྱལ་མངོན་འགྱུར་ཡོང་བར་བྱས་ནས། ཞིང་ཆེན་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་དང་ཁེ་ལས་ཆུང་འབྲིང་རྒྱུན་མཐུད་དང་བདེ་ཐང་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་རེད་ཟེར།། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།