ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱིས“2022ལོའི་སྤྱོད་གཙང་འགུལ་སྐྱོད”མུ་མཐུད་དུ་སྤེལ་ནས་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཁྲིམས་འགལ་གྱིས་ཉོ་ཚོང་བྱེད་པར་རྡུག་རྡེག་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-06-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ནས་ཤེས་རྟོགས་བྱུང་བར། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་དང་ཞིང་ལས་དང་གྲོང་གསེབ་པུའུ་སོགས་པུའུ་ཨུ11གིས་མཉམ་འབྲེལ་སྒོས་སྤེལ་བའི《“2022ལོའི་སྤྱོད་གཙང་འགུལ་སྐྱོད”སྤེལ་བའི་སྐོར་གྱི་བརྡ་ཐོ》ཡི་བླང་བྱ་གཞིར་བཟུང་། ཉེ་ཆར། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ལྷན་དང་། ཞིང་ཆེན་ཏང་ཨུའི་དྲ་འཕྲིན་གཞུང་ལས་ཁང་། ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་། ཞིང་ཆེན་སྤྱི་བདེ་ཐིང་། ཞིང་ཆེན་འགྲིམ་འགྲུལ་ཐིང་། ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་ཅུའུ། ཟི་ལིང་འགག་སྒོ། ཞིང་ཆེན་དམངས་སྤྱོད་མཁའ་འགྲུལ་ཅུའུ། མཚོ་བོད་ལྕགས་ལམ་སྡེ་ཚོགས་ཀུང་སི། ཞིང་ཆེན་ཞིབ་དཔྱོད་ཁང་སོགས་ཀྱི་སྡེ་ཁག12ཀྱི་སྣེ་ཁྲིད་དེ་མཉམ་དུ་ཟླ་གཅིག་གི་རིང“2022ལོའི་སྤྱོད་གཙང་འགུལ་སྐྱོད”ཀྱི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཁྲིམས་འགལ་གྱིས་ཉོ་ཚོང་བྱེད་པར་རྡུང་རྡེག་དང་གཏོར་བཤིག་གཏོང་བའི་མཉམ་འབྲེལ་འགུལ་སྐྱོད་སྤེལ། 

མཉམ་འབྲེལ་འགུལ་སྐྱོད་སྤེལ་སྐབས། ཞིང་ཆེན་ཡོངས་ཀྱིས་ཁྲིམས་འཛིན་རླངས་འཁོར་ཐེངས3222དང་ཁྲིམས་འཛིན་མི་སྣ་མི་ཐེངས24374བཏང་ནས། བྱེད་སྒོ་སྤེལ་ཡུལ་ཁག23544ལ་ལྟ་སྐུལ་དང་ཞིབ་བཤེར་བྱས་པའི་ནང་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་འཚོ་གནས་ཁུལ63དང་། མིའི་བྱེད་ཐབས་ལ་བརྟེན་ནས་རྒྱུད་སྤེལ་བྱེད་གནས51། གཉེར་སྐྱོང་བེད་སྤྱོད་བྱེད་གནས20748། སྨན་ཚོང་ཁང103། ཞིབ་བཤེར་བྱ་ཡུལ་གཞན་པ2476བཅས་ཡོད་པ་རེད།

ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་སྲུང་སྐྱོང་ཁྲུའུ་ཡི་ཁྲུའུ་ཀྲང་ཀྲང་ཡུས་ཀྱིས་མཚོ་སྔོན་ཞིང་ཆེན་གྱིས་སྡེ་ཁག་བར་གྱི་མཉམ་ལས་ལམ་སྲོལ་མུ་མཐུད་འདོན་སྤེལ་དང་ཆེད་དོན་རྡུང་རྡེག་འགུལ་སྐྱོད་མུ་མཐུད་དུ་སྤེལ་ནས་ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་སྡེ་ཁག་མང་པོས་མཉམ་འབྲེལ་བྱེད་པའི་མཉམ་འགོག་མཉམ་བཅོས་ཀྱི་ཕུགས་ཕན་ལམ་སྲོལ་རྒྱུན་ཆད་མེད་པར་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། སྡེ་ཁག་མང་པོའི་མཉམ་འབྲེལ་རྡུང་རྡེག་གི་ནུས་པ་ཆེ་རུ་གཏོང་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།