ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་བྱ་བའི་གཙོ་གནད་ལས་འགན་གྱི་སྐུལ་འདེད་ཚོགས་འདུ་བསྡུས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-06-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས17ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་བྱ་བའི་གཙོ་གནད་ལས་འགན་གྱི་སྐུལ་འདེད་ཚོགས་འདུ་བསྡུས་པ་དང་། ཚོགས་འདུས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་བའི་དགོངས་དོན་སློབ་སྦྱོང་ལག་ལེན་བྱས་པ་དང་། ཀྲུང་དབྱང་རྩ་འཛུགས་པུའུ་ཡི་བརྙན་འཕྲིན་ཁ་པར་གྲོས་ཚོགས་འདུའི་བླང་བྱ་དོན་འཁྱོལ་དང་། གཙོ་གནད་བྱ་བ་བཀོད་སྒྲིག་བྱས་ཤིང་། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཀྲའོ་ཡུའེ་ཞྭ་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད། 

ཀྲའོ་ཡུའེ་ཞྭ་ཡིས་བསྟན་དོན། རྩ་འཛུགས་བྱ་བ་དེ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་དང་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་གྱི་སྤྱི་ཁྱོན་ཁྲོད་ཀྱི་གནས་ཚད་དང་བཀོད་སྒྲིག་ཁྲོད་འཇོག་པ་དང་། རྒྱུན་པར་ཏང་ཀྲུང་དབྱང་གི་དགོངས་དོན་དང་ཀྲུང་དབྱང་རྩ་འཛུགས་པུའུ་ཡི་བླང་བྱ། ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ལྟར་དཔེ་བསྡུར་ཚད་བསྡུར་བྱས་ཏེ། དམིགས་འབེན་ཁ་ཕྱོགས་གསལ་བོར་བྱས་ནས། རྩ་འཛུགས་བྱ་བ་དེ་དཀྱིལ་སྙིང་དུ་དམིགས་པ་དང་། ཁྱོན་ཡོངས་ལ་དམིགས་པར་ཁག་ཐེག་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་ཐད་རྩ་འཛུགས་ཁག་ཐེག་མཁོ་འདོན་བྱེད་དགོས། ཁོ་མོའི་ནན་གྱིས་བསྟན་དོན། སྐབས་བརྗེའི་རྗེས་ཀྱི་མགོ་ཁྲིད་རྩ་འཛུགས་འཛུགས་སྐྲུན་དམ་འཛིན་དང་ཆབ་སྲིད་འཛུགས་སྐྲུན་ལ་སྣེ་ཁྲིད་བྱེད་པ་རྒྱུན་འཁྱོངས་ཀྱིས། རྩ་འཛུགས་ཀྱི་བྱེད་ནུས་མཐོར་འདེགས་སུ་གཏོང་དགོས། ཕུལ་བྱུང་ན་གཞོན་ལས་བྱེད་པ་གསོ་སྐྱོང་བྱེད་པ་དང་། “གསོ་སྐྱོང་དང་བདམས་གསེས། དོ་དམ་དང་བེད་སྤྱོད”ཀྱི་སྦྲེལ་མཐུད་སྒྲིག་སྲོལ་འཐུས་ཚང་དུ་བཏང་ནས། ན་གཞོན་ལས་བྱེད་པ་བདེ་ཐང་ངང་འཚར་ལོངས་འབྱུང་བར་སྐུལ་འདེད་གཏོང་དགོས། ཏང་འཛུགས་ཀྱིས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བ་དང་། དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་དེ་གྲོང་གསེབ་དར་སྤེལ་དང་ཕན་ནུས་ལྡན་པའི་མཐུད་སྦྲེལ་བྱེད་པར་འགན་སྲུང་བྱེད་དགོས། གཙོ་གནད་ཁྱབ་ཁོངས་ཀྱི་ཏང་འཛུགས་བྱ་བར་ཤུགས་བསྣན་ནས། ཏང་འཛུགས་ཀྱིས་གྲོང་ཁྱེར་གཞི་རིམ་བཅོས་སྐྱོང་དང་། ལས་རྣམ་གསར་བ་དང་ལས་ཞུགས་གསར་བའི་ཏང་འཛུགས་བྱ་བའི་ཕན་ནུས་མཐོར་འདེགས་ལ་གཅིག་གྱུར་སྐུལ་འདེད་གཏོང་དགོས། འཇོན་མི་འགུག་པ་དང་འཇོན་མི་གསོ་སྐྱོང་བྱ་བ་ལེགས་པོར་སྒྲུབ་ནས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་དང་། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་ཐད་འཇོན་མིའི་གཞོགས་འདེགས་མཁོ་འདོན་བྱེད་དགོས། གཟབ་ནན་སྒོས་རྩ་འཛུགས་སྡེ་ཁག་རང་སྟེང་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ཏང་ལ་བློ་དཀར་བ་དང་། དྲང་བདེན་རྒྱུན་འཁྱོངས་བྱས་ཏེ། ཆེད་ལས་ནུས་ཤུགས་མཐོར་འདེགས་སུ་གཏོང་བ་དང་། སྤྱོད་སྟངས་ལེགས་པོ་ཆགས་པར་སྣེ་ཁྲིད་བྱེད་པ་དང་། དཔེ་སྟོན་སྡེ་ཁག་འཛུགས་སྐྲུན་དང་དཔུང་ཁག་གསར་སྐྲུན་བྱས་ནས། གཡུར་དུ་ཟ་བའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་བ་རྒྱལ་ཁའི་ངང་འཚོག་པར་བསུ་མ་བྱེད་དགོས་ཞེས་བསྟན།  །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།