ཀྲུང་གོ་བོད་ཀྱི་དྲ་བ།

ཞིང་ཆེན་ཡོངས་ཀྱིས་རིམ་རྩིས་བྱས་ན་ཚད་གཞི་མཐོ་བའི་ཞིང་ས་སྤྱི་ཆིང་ཁྲི29.4བསྐྲུན་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-06-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་ནས་ཤེས་རྟོགས་བྱུང་བ་ལྟར་ན། ད་ལོའི་ཟླ5པའི་ཟླ་མཇུག་བར་ཞིང་ཆེན་ཡོངས་སུ་རིམ་རྩིས་བྱས་ན་ཚད་གཞི་མཐོ་བའི་ཞིང་ས་སྤྱི་ཆིང་ཁྲི29.4བསྐྲུན་ནས་རྨོ་ཞིང་གི་སྤུས་ཚད་མངོན་གསལ་གྱིས་མཐོ་རུ་ཕྱིན་པ་དང་། ཆུའི་ཐོན་ཁུངས་སྤྱོད་ཚད་ལོ་རེ་བཞིན་ཇེ་མཐོར་སོང་ལ། ཞིང་སྡེའི་སྐྱེ་ཁམས་ཁོར་ཡུག་ནུས་ལྡན་སྒོས་ཇེ་ལེགས་སུ་ཕྱིན་པ་མ་ཟད། ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་ལོ་ཧྲིལ་བོའི་ཆ་སྙོམས་ཀྱི་འབྲུ་རིགས་ཐོན་འབབ་བརྟན་བརླིང་ཡོང་བར་རྨང་གཞི་བརྟན་པོ་བཏིང་ཡོད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། མཚོ་སྔོན་ཞིང་ཆེན་གྱིས“ཞིང་བརྟེན་འབྲུ་གསོག་དང་རྩལ་བརྟེན་འབྲུ་གསོག”གི་འཐབ་ཇུས་གལ་ཆེན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས། ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་གྱི་བྱེད་ཐབས་ཁག་ལ་སྐུལ་འདེད་ཏན་ཏིག་བཏང་ཞིང་། དཀའ་ངལ་གནད་དོན་ཐག་གཅོད་བྱེད་པར་མཐུན་སྦྱོར་བྱས་ཏེ། 《མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་དོན་ཐིང་གིས་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་འབྲུ་རིགས་ཐོན་སྐྱེད་ནུས་པ་ཆེ་རུ་གཏོང་བའི་སྐོར་གྱི་ལག་བསྟར་བསམ་འཆར》དང་།《མཚོ་སྔོན་ཞིང་ཆེན་གྱི་ཞིང་ས་འཛུགས་སྐྲུན་རྣམ་གྲངས་དོ་དམ་བྱ་ཐབས》《མཚོ་སྔོན་ཞིང་ཆེན་གྱི་ས་ཞིང་འཛུགས་སྐྲུན་མ་དངུལ་དོ་དམ་བྱ་ཐབས》སོགས་རྩེ་རིམ་ཇུས་འགོད་དེ“ཀ་བཞི་གདུང་བརྒྱད”ཀྱི་རྨང་གཞི་བྱས་པའི་ལམ་ལུགས་མ་ལག་བཙུགས་ཡོད། ས་གནས་ཁག་གིས་ཆ་སྡེབ་དོ་དམ་གྱི་ལམ་ལུགས་ཟམ་མི་ཆད་པར་འཐུས་ཚང་དུ་བཏང་ནས། ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་མགྱོགས་ཤིང་ལེགས་པའི་སྒོ་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་ནུས་ལྡན་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་འབྲུ་རིགས་དང་ཞིང་ལས་ཐོན་རྫས་གཙོ་བོའི་ཐོན་སྐྱེད་ནུས་པ་མཐོར་འདེགས་སུ་གཏོང་བར་འདེགས་སྐྱོར་བྱས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཆིང་ཁྲི1.35ཡི་ཚད་གཞི་མཐོ་བའི་ཞིང་ས་དང་སྤྱི་ཆིང་ཁྲི0.08ཟིན་པའི་ཕན་ཆེའི་ཆུ་གྲོན་གྱི་ཆུ་འདྲེན་ཞིང་ས་འཛུགས་སྐྲུན་ལས་འགན་ལེགས་སྒྲུབ་བྱ་རྒྱུ་རེད། རྗེས་མར་ཞིང་ཆེན་ཡོངས་ཀྱི་ཞིང་ལས་དང་ཞིང་སྡེ་ཚན་ཁག་གིས་འགན་འཁྲི་དོན་འཁྱོལ་བྱེད་པ་དང་ལས་འགན་ཁ་གསལ་བཟོ་བ། རྣམ་གྲངས་སྒྲིག་འཛུགས་ལག་བསྟར་ཇེ་མགྱོགས་སུ་གཏོང་བ། སྤུས་ཚད་དོ་དམ་ལ་ཤུགས་སྣོན་པ། ལས་ཀའི་ཕུགས་ཕན་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་མཚོ་སྔོན་ཞིང་ཆེན་གྱི་ཚད་གཞི་མཐོ་བའི་ཞིང་ས་སྐྱོན་བྲལ་དང་གོ་རིམ་ལྡན་པ། སྤུས་ཚད་མཐོ་བ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་དང་། བྱ་སྤྱོད་ངོ་མའི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་མ་ཞུ་རྒྱུ་རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།