ཀྲུང་གོ་བོད་ཀྱི་དྲ་བ།

ཚེ་རིང་ཐར་གྱིས་མགོ་ལོག་ཁུལ་དུ་རྟོག་ཞིབ་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-06-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ། ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་གྱིས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་ཁྱོན་ཡོངས་ནས་དངོས་འབེབ་བྱེད་པ། དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱས་ཏེ། ཧུར་ཐག་གིས་སྐྱེ་ཁམས་དང་ཐོན་སྐྱེད། འཚོ་བ་བཅས་མཉམ་རྒྱལ་ཡོང་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་དགོས།

ཚེ་རིང་ཐར་སྔ་རྗེས་སུ་རྨ་ཆེན་རྫོང་དང་དགའ་བདེ་རྫོང་། དར་ལག་རྫོང་བཅས་ཀྱི་རྩྭ་ཐང་ཕྱུགས་ར་དང་། ཞིང་འབྲོག་ཁེ་ལས། གསོ་སྤེལ་རྟེན་གཞི། རྣམ་གྲངས་བཟོ་གྲྭ།  སློབ་གྲྭའི་སྨན་ཁང་བཅས་སུ་སོང་སྟེ་ཡུལ་དངོས་ནས་ཐོན་ལས་སྐྱེད་སྲིང་དང་གཟན་རྩྭ་འདེབས་འཛུགས། འབྲོག་དམངས་ཀྱི་ཡོང་འབབ་འཕར་སྣོན། གྲོང་གསེབ་འཛུགས་སྐྲུན། སློབ་གསོ་དང་སྨན་བཅོས་འགན་སྲུང་སོགས་ཀྱི་གནས་ཚུལ་ལ་ལྟ་ཞིབ་དང་རྒྱུས་ལོན་བྱས།  ཁོས་ནན་གྱིས་བསྟན་དོན། རྣམ་གྲངས་འཛུགས་སྐྲུན་གྱི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་བ་དང་། རྫོང་རིམ་པའི་འགོ་ཁྲིད་ཀྱི་འགན་ལེན་མཉམ་འབྲེལ་གྱི་རྣམ་གྲངས་རྐྱེན་སྲོལ་འཛུགས་པ། རྣམ་གྲངས་འཛུགས་སྐྲུན་གྱི་དུས་ཚོད་ཡག་ཤོས་བརྩོན་ལེན་བཅས་བྱས་ནས་དུས་བཀག་ལྟར་སྤུས་ཚད་འགན་ལེན་གྱིས་ལོ་འཁོར་གྱི་ལས་འགན་ཡོངས་འགྲུབ་བྱ་རྒྱུར་འགན་སྲུང་བྱ་དགོས། ཁེ་ཕན་སྦྲེལ་མཐུད་ཀྱི་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ་ལས་ཞུགས་ལ་སྐུལ་ཁྲིད་དང་མ་མཐའི་ཁེ་སྤོགས་བགོ་འགྲེམས། མ་རྐང་མཉམ་ལས་སོགས་རྣམ་པ་སྣ་ནང་བརྒྱུད་ནས་ཁེ་ལས་ལ་ཁེ་ཕན་ཐོབ་པ་དང་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་བྱེད་པའི་གཉིས་རྒྱལ་མངོན་འགྱུར་བྱེད་དགོས། ས་གནས་ཐོན་ཁུངས་ཀྱི་དགེ་མཚན་ལ་བརྟེན་ནས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་ལ་དམིགས་ཏེ་རྣམ་གྲངས་བཀོད་སྒྲིག་གི་ཐོན་ལས་ལ་ཇུས་འགོད་བྱེད་དགོས། རོང་འབྲོག་མང་ཚོགས་ཀྱི་དངོས་སྤྱོད་ལག་རྩལ་གསོ་སྦྱོང་བྱས་ནས་ངལ་རྩོལ་ནུས་པ་དང་ལས་ཞུགས་ནུས་པ་ཆེ་རུ་གཏོང་དགོས། རྣམ་གྲངས་ཀྱི་རྒྱུ་ནོར་དོ་དམ་ལ་སྔར་ལས་ཤུགས་སྣོན་པ་དང་ཚད་ལྡན་དུ་བཏང་སྟེ་རྣམ་གྲངས་ཀྱིས་རྒྱུན་མཐུད་ངང་ཕན་འབྲས་ཐོན་རྒྱུར་འགན་སྲུང་བྱེད་དགོས། རྟོག་ཞིབ་བྱེད་སྐབས་ཚེ་རིང་ཐར་གྱིས་མགོ་ལོག་ཁུལ་གྱི་གྲོང་གསེབ་གཞུང་ལམ་དང་། ཐུམ་འབུའི་ནད་སྔོན་འགོག སློབ་གསོའི་ཐད་ཀྱི་ཞན་ཆ་ཁ་གསབ་བྱེད་པ་བཅས་ཀྱི་ཐད་རེ་བ་བཏོན། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།