ཀྲུང་གོ་བོད་ཀྱི་དྲ་བ།

ཝུའུ་ཞའོ་ཅུན་གྱིས་ནུས་ཁུངས་མཁོ་འདོན་བྱ་བར་རྟོག་ཞིབ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-06-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།
       ཀྲུང་གོ་བོད་ཀྱི་དྲ་བའ་འཕྲིན། ཟླ6པའི་ཚེས18ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ནུས་ཁུངས་མཁོ་འདོན་བྱ་བར་རྟོག་ཞིབ་བྱེད་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ནུས་ཁུངས་བདེ་འཇགས་འགན་སྲུང་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་དགོས་པ་དང་། རྒྱལ་ཡོངས་དབྱར་དུས་ཀྱི་ནུས་ཁུངས་མཁོ་འདོན་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་དགོངས་དོན་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་ནན་ཏན་སྒོས་དངོས་འབེབས་བྱས་ཏེ། ཆབ་སྲིད་ཀྱི་ལངས་གནས་སྲ་བརྟན་དུ་གཏོང་བ་དང་། རྐྱེན་སྲོལ་འགན་སྲུང་ལ་ཁག་ཐེག་བྱེད་དགོས་ཤིང་། དངོས་འབེབས་བྱ་བ་དམ་འཛིན་བྱེད་པ་དང་། ནུས་ཁུངས་མཁོ་འདོན་བརྟན་བརླིང་དང་གོ་རིམ་ལྡན་པར་འགན་སྲུང་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་སྟོབས་ལྡན་ནུས་ཁུངས་འགན་སྲུང་འདོན་སྤྲོད་བྱེད་དགོས།

རྨ་ཆུའི་ཟི་ལིང་ངར་གློག་ཚད་ཡོད་འགན་ལེན་ཀུང་ཟི་རུ་ཝུའུ་ཞའོ་ཅུན་གྱིས་འཕྲུལ་འཁོར་ཚན་ཁག་གི་འཁོར་སྐྱོད་དང་གློག་སོལ་གསོག་འཇོག་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་རྗེས་བཤད་རྒྱུར། ནུས་ཁུངས་བདེ་འཇགས་ནི་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འབྲེལ་བ་ཡོད་པའི་ཁྱོན་ཡོངས་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་གནད་དོན་ཞིག་ཡིན་པས། སོལ་གློག་སྒྲིག་གཞི་སྔར་ལས་ལེགས་སྒྱུར་བྱེད་པ་དང་། སོལ་གློག་གི་ནུས་ཁུངས་གྲོན་ཆུང་དང་བཙོག་ཆུ་ཉུང་འདོན་རིམ་འཕར་སྒྱུར་བཀོད་ལ་སྐུལ་འདེད་གཏོང་དགོས་ལ། ཏན་ཏིག་སྒོས་གློག་སོལ་གྱི་སྤུས་ཚད་འགན་སྲུང་དང་རིན་གོང་བརྟན་འཇགས་བྱ་བ་བཟང་བོར་བསྒྲུབ་པ་དང་། གཞུང་ལམ་སྐྱེལ་འདྲེན་དོ་དམ་ལ་ཤུགས་སྣོན་ཞིང་འོས་འཚམ་སྒོས་རྡོ་སོལ་གསོག་འཇོག་སྲུང་འཛིན་བྱས་ནས། ཐོན་ནུས་གསར་འཕར་ལ་སྐུལ་འདེད་གཏོང་དགོས།

ཟི་ལིང་གྲོང་ཁྱེརLNGརླངས་གསོག་བཀོད་གཏོང་ས་ཚིགས་འཛུགས་སྐྲུན་ལས་གཞིའི་ཡུལ་དངོས་སུ་ཝུའུ་ཞའོ་ཅུན་གྱིས་ལས་གཞིའི་འཕེལ་རིམ་གནས་ཚུལ་ཞིབ་འདྲི་བྱས་པ་དང་ཡུལ་དངོས་ནས་འབྲེལ་ཡོད་གནད་དོན་མཐུན་སྦྱོར་སྒོས་ཐག་བཅད། ཁོས་བསྟན་དོན། མཁར་ཁུལ་གྱི་རང་བྱུང་སོལ་རླངས་མཁོ་འདོན་ལས་གཞི་ནི་དམངས་ཚིས་ཀྱི་བཟོ་སྐྲུན་གལ་ཆེན་ཞིག་ཡིན་པས། འབྲེལ་འདྲིས་འབྲེལ་མཐུད་བྱ་བ་བཟང་བོར་བསྒྲུབ་པ་དང་དུས་ཚོད་ཀྱི་ལས་རིམ་དང་དམ་པོར་སྦྲེལ་ཏེ། སྤུད་ཚད་དང་བདེ་འཇགས་འགན་སྲུང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག སྟོབས་ཤུགས་ཡོད་རྒུས་བཟོ་སྐྲུན་ལག་བསྟར་བྱས་ཚད་ཇེ་མགྱོགས་སུ་གཏོང་བ་དང་། མྱུར་དུ་ཐོན་སྐྱེད་བྱས་ཏེ་ཕན་འབྲས་ཐོབ་པ་འགན་སྲུང་བྱས་ནས གྲོང་ཁྱེར་གྱི་རྣམ་པ་དང་གྲོང་ཁྱེར་སྡོད་དམངས་ཀྱི་བདེ་སྐྱིད་དམིགས་ཚད་མཐོར་འདེགས་སུ་འགྲོ་བར་ཆ་རྐྱེན་བཟང་བོ་འདོན་སྤྲོད་བྱེད་དགོས།

རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་ཟིའི་བཀོད་གཏོང་ཚོད་འཛིན་ལྟེ་གནས་སུ་ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཡོངས་ཀྱི་གློག་དྲའི་འཁོར་སྐྱོད་དང་དབྱར་དུས་ཀྱི་གློག་ཤུགས་མཁོ་འདོན་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པ་དང་འཐབ་ཕྱོགས་དང་པོའི་ལས་བཟོ་བར་འཚམས་འདྲི་བྱས། དེར་མཐུད་ནས་བཞུགས་མོལ་ཚོགས་འདུ་བསྡུས་ཏེ་འབྲེལ་ཡོད་བྱ་བའི་གནས་ཚུལ་ཡར་ཞུ་བྱས་པར་ཉན། ཝུའུ་ཞོ་ཅུན་གྱིས་རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་ཟིས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ལ་བྱས་རྗེས་བཞག་ཁར་ཁས་ལེན་གང་ལེགས་བྱས། ཁོས་བསྟན་དོན། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དང་གཅིག་གྱུར་བྱེད་པ་དང་། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་བའི་དགོངས་དོན་ལག་བསྟར་དང་དངོས་འབེབས་བཟང་བོ་བྱས་ཏེ། གནད་ལ་འཁེལ་བའི་སྒོ་ནས་བརྡར་ཤ་གཅོད་པ་དང་སྔ་སྣུར་སྒོས་འཆར་འགོད་བྱེད་པ། ཚན་རིག་དང་མཐུན་པར་བཀོད་སྒྲིག་བྱེད་པ། དམ་འཛིན་དངོས་སྒྲུབ་བྱེད་པར་མ་ཟད། སྟོབས་ཤུགས་ཡོད་རྒུས་ནུས་ཁུངས་མཁོ་འདོན་བྱ་བ་བཟང་བོར་བསྒྲུབ་ནས་དཔལ་འབྱོར་དང་སྤྱི་ཚོགས་བརྟན་བརླིང་སྒོས་འཁོར་སྐྱོད་བྱེད་པ་འགན་སྲུང་བྱེད་དགོས།

ཝང་ཝེ་ཏུང་རྟོག་ཞིབ་ལ་ཞུགས།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།