ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་གསོན་ཉམས་ལྡན་ཞིང་ལག་ལེན་གྱི་རིགས་གཞུང་བགྲོ་གླེང་ཚོགས་འདུ་ཟི་ལིང་ནས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-06-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས17ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་གསོན་ཉམས་ལྡན་ཞིངལག་ལེན་གྱི་རིགས་གཞུང་བགྲོ་གླེང་ཚོགས་འདུ་ཟི་ལིང་ནས་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཀྲང་ཝང་ཏ་ནན་གྱིས་གཏམ་བཤད་དེ། ཏང་གི་གསར་སྐྲུན་རིགས་གཞུང་སློབ་སྦྱོང་དང་དྲིལ་སྒྲོག་བཟང་བོ་བྱེད་པ་དང་ཞིབ་འཇུག་དང་རྒྱས་འགྲེལ་ཟབ་མོ་བྱེད་པ་ནི་ནམ་ཡིན་ཡང་སྤྱི་ཚོགས་ཚན་རིག་རིགས་གཞུང་ལས་རིགས་ཀྱི་ཆབ་སྲིད་ལས་འགན་གཙོ་བོ་ཡིན། སྤྱི་ཚོགས་རིགས་གཞུང་ལས་རིགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཡིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་ལ་གཤིབ་སྡུར་བྱེད་པ་དང་། བདེན་དོན་གྱི་སྟོབས་ཤུགས་ཆེན་པོ་ཉམས་སུ་མྱོང་ཞིང་ལག་ལེན་གྱི་ཉམས་མྱོང་སྤྱི་བསྡོམས་བྱེད་དགོས་ལ། ཁ་ཕྱོགས་དམིགས་འབེན་གཏན་འཁེལ་གསལ་བོ་བྱེད་པ་དང་ངར་སེམས་ཆེར་སྐྱེད་སྒོས་མདུན་དུ་བསྐྱོད་དགོས་པར་མ་ཟད། དོན་དངོས་ཀྱི་འགུལ་སྐྱོད་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས།

གྲོས་ཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་ལ་ཡང་བསྐྱར་་སློབ་སྦྱོང་བྱས། གྲོས་ཚོགས་ནས་དགོངས་པའི་དར་ཆ་མཐོན་པོར་སྒྲེང་ཞིང་ཡང་དག་པའི་ཁ་ཕྱོགས་གསལ་བོ་བྱེད་པ་དང་། རིགས་གཞུང་རང་རྟོགས་ནུས་པ་ཇེ་ཆེར་གཏོང་བ་དང་དུས་རབས་ཀྱི་ཞིབ་འཇུག་བྱ་གཞིར་ལན་བཟང་བོ་འདེབས་དགོས་ལ། བསམ་བློའི་སྟོབས་ཤུགས་གཅིག་སྡུད་དང་མཚོ་སྔོན་གྱི་ལག་ལེན་ལ་འགྲེལ་ཀློག་བྱས་ནས་སྔར་ལས་མང་པོའི་བརྩམས་ཆོས་གསར་སྐྲུན་བྱེད་དགོས། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་སྟེང་གཏན་འཁེལ་བྱས་པའི་ངེས་པར་དུ་བདུན་གྱི་ཉམས་མྱོང་གིས་བློ་སྒོ་འབྱེད་པ་དང་དེང་རབས་ཅན་དྲུག་གི་མཚོ་སྔོན་གསར་བའི་འབད་འཐབ་དམིགས་འབེན། འགྱུར་བ་མེད་པ་བརྒྱད་ཀྱི་ནུས་ལྡན་ཐབས་ལམ་སོགས་ཇུས་ཆོད་བཀོད་སྒྲིག་དྲིལ་སྒྲོག་དང་རྒྱས་བཤད། འགྲེལ་ཀློག་བཟང་བོ་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་དང་མངོན་འགྱུར་བྱེད་པར་བསམ་བློའི་སྒུལ་ཤུགས་དང་རིགས་གཞུང་འདེགས་ཤུགས་འདོན་སྤྲོད་བྱེད་དགོས་པའི་རེ་བ་བཏོན།

གྲོས་ཚོགས་ནས་བསྡུས་པའི་རྩོམ་ཡིག་བརྒྱ་དང་གྱ་བཞིའི་ཁྲོད་དུ་བདམས་ཐོན་བྱུང་བའི་ཕུལ་བྱུང་དཔྱད་རྩོམ་སུམ་ཅུའི་རྩོམ་པ་པོ་དང་ཕུལ་བྱུང་རྩ་འཛུགས་ལས་ཁུངས་ཀྱི་འཐུས་མི་ལ་དཔང་ཡིག་དང་བྱ་དགའི་རྟགས་མ་གནང་བ་དང་། བྱ་དགའ་ཐོབ་པའི་རྩོམ་པ་པོ་དྲུག་གི་འཐུས་མི་དང་ཕུལ་བྱུང་རྩ་འཛུགས་ལས་ཁུངས་ཀྱི་འཐུས་མིས་བརྗེ་རེས་གཏམ་བཤད་སྤེལ།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།