ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་ཞོད་འགོག་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-06-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས17ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་ཞོད་འགོག་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གནོད་འགོག་རྒུད་སྐྱོབ་སྐོར་གྱི་རྣམ་བཤད་གལ་ཆེན་དང་ཞོད་འགོག་བྱ་བ་ལེགས་པར་བསྒྲུབ་པའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་དང་། ཞོད་འགོག་གནས་བབ་ལ་དབྱེ་ཞིབ་བརྡར་གཅོད། ཞོད་འགོག་བྱ་བ་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

ཝུའུ་ཞའོ་ཅུན་གྱིས་བསྟན་དོན། ཆུ་རྒྱས་པའི་དུས་ལ་སླེབས་རྗེས། རང་ཞིང་གི་མདུན་དུ་ལྷགས་པའི་བསམ་ཡུལ་འདས་པའི་ཉེན་ཁ་འགྲན་རྩོད་ཚོད་དཔག་བྱེད་དཀའ་པས། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། བདེ་འཇགས་ཀྱི་ཉེན་ཁ་ནམ་ཡང་འགོག་སྲུང་ནན་མོ་བྱེད་པ། མི་དམངས་དང་ཚེ་སྲོག་གཙོར་འཛིན་པ། ཆར་ཞོད་འགོག་སྲུང་དང་ཉེན་ཁ་མྱུར་སྐྱོབ། གནོད་འཚེ་མྱུར་སྐྱོབ་བྱེད་པར་རྐང་འཛུགས་པ། འགོག་སྲུང་གཙོར་བྱེད་པ་དང་འགོག་རྒོལ་སྐྱོབ་གསུམ་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱེད་པ། རྒྱུན་རྣམ་གྱི་གནོད་པ་མེད་པར་བྱེད་པ་དང་རྒྱུན་རྣམ་མིན་པའི་མྱུར་སྐྱོབ་གཉིས་གཅིག་གྱུར་བྱེད་པ་རྒྱུན་འཁྱོངས་བྱེད་པ། གནོད་འཚེའི་རྗེས་ཀྱི་རོགས་སྐྱོར་ལ་དོ་སྣང་བྱེད་པ་ནས་གནོད་འཚེའི་སྔོན་གྱི་སྔོན་འགོག་ལ་དོ་སྣང་བྱེད་པར་བསྒྱུར་བ་དང་། གནོད་འཚེ་རིགས་སྣ་གཅིག་ལ་ཁ་གཏད་འཇལ་བ་ནས་ཕྱོགས་བསྡུས་གནོད་སྐྱོབ་ཏུ་བསྒྱུར་བ། གནོད་འཚེའི་གྱོང་གུན་ཇེ་ཆུང་དུ་གཏོང་བ་ནས་གནོད་འཚེའི་ཉེན་ཁ་ཇེ་ཆུང་དུ་གཏོང་བར་བསྒྱུར་བ་བཅས་བྱས་ཏེ། ཞོད་འགོག་གནོད་སྐྱོབ་ཀྱི་ཆབ་སྲིད་འགན་འཁྲི་ཕྲག་ཏུ་བླངས་ནས། སྟོབས་ཤུགས་ཡོད་རྒུས་ཞོད་འགོག་གནོད་སྐྱོབ་ཀྱི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་དགོས་བསྟན།

ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། ཞོད་འགོག་བྱ་བའི་ཁྲོད་གནས་པའི་སྐྱོན་ཆར་རྟོག་སེལ་དབྱེ་ཞིབ་བྱེད་པ་དང་། ཉམས་ཞན་སྟོབས་ལྡན་དུ་བསྒྱུར་བ། དག་ཐེར་ལེགས་བཅོས་ཀྱི་བྱེད་ཐབས་ལག་བསྟར་བྱེད་པ་དང་འཐུས་ཚང་དུ་བཏང་སྟེ། ཞོད་འགོག་གནོད་སྐྱོབ་ཀྱི་བྱ་བ་སྣ་ཚོགས་དམ་འཛིན་བྱེད་དགོས། སྔོན་བརྡ་དང་ཉེན་བརྡ་ལྟ་ཞིབ་བྱེད་པར་ཤུགས་སྣོན་པ་དང་། ལྟ་ཞིབ་ཚད་ལེན་དང་གནད་ཕིགས་སྔོན་བརྡ། སྤུས་ལེགས་ཞབས་ཞུ་ནུས་པ་མཐོར་འདེགས་གཏོང་བ། དེང་རབས་ཅན་གྱི་ལྟ་ཞིབ་ཚད་ལེན་བྱེད་ཐབས་བཀོལ་བ། ཆུ་ལོག་རྒྱས་སླ་བའི་ལུང་བ་དང་ས་གཤིས་གནོད་འཚེ་འབྱུང་སླ་བའི་ས་ཁུལ། གྲོང་ཁྱེར་གྱི་ཆུ་འཁྱིལ་སླ་བའི་ས་ཆ་བཅས་ཀྱི་ཆར་འབབ་ཚད་ལ་ལྟ་ཞིབ་བྱེད་པར་ཤུགས་སྣོན་པ། ཁུལ་ཁོངས་བགོ་བ་དང་དུས་ཚོད་བགོས་ནས་སྔོན་བརྡ་ཉེན་བརྡ་བཏང་ནས། ཆུ་རྒྱས་པའི་དུས་སྐབས་ཀྱི་རྨ་ཆུའི་བཞུར་རྒྱུད་ཀྱི་ཆར་ཞོད་གནོད་འཚེ་ལ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་རྒྱག་པའི་ཞབས་ཞུ་བཟང་བོར་བསྒྲུབ་དགོས། ཉེན་ཁ་རྟོག་སེལ་བཅོས་སྐྱོང་བྱེད་པར་ཤུགས་སྣོན་པ་དང་། ཉེན་ཁ་ནི་དོན་རྐྱེན་ཡིན་པའི་འདུ་ཤེས་བརྟན་པོ་འཛུགས་པ། ཡུལ་གནས་གཙོ་བོའི་ཉེན་ཁ་རྟོག་སེལ་བཅོས་སྐྱོང་ལ་ཤུགས་སྣོན་པ། གྲོང་ཁྱེར་གྱི་ཆུ་འདོན་སྒྲིག་ཆས་ལ་རྟོག་སེལ་དང་སྲུང་སྐྱོབ་བྱེད་པ། གནས་སྤོར་ཉེན་གཡོལ་ནན་མོ་བྱས་ཏེ། གནོད་འཚེ་ཡང་བསྐྱར་འབྱུང་བར་བཀག་འགོག་བྱེད་དགོས། འཕྲལ་བསྟུན་ཉེན་སྐྱོབ་ནུས་པ་སྤྱིའི་ཆ་ནས་མཐོར་འདེགས་གཏོང་བ་དང་། སྔོན་འགོག་གྲ་སྒྲིག་དང་འཕྲལ་བསྟུན་ཐག་གཅོད་གཉིས་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱེད་པ། ཞོད་འགོག་འཕྲལ་བསྟུན་ཇུས་གཞི་སྔར་ལས་འཐུས་ཚང་དུ་གཏོང་བ། ཚད་གཞི་ལས་བརྒལ་བའི་ཆུ་ལོག་དང་འབར་ཚད་ཆེ་བའི་ཆར་བ་སོགས་ལ་ཁ་གཏད་འཇལ་བའི་རྒྱུན་སྲོལ་ལས་བརྒལ་བའི་བྱེད་ཐབས་ཇེ་བཟང་དུ་གཏོང་བ། ཕན་ནུས་ཡོད་པའི་སྒོ་ནས་རིམ་པ་མང་པ་དང་ཁྱོན་ཡོངས་ཀྱི་འཕྲལ་བསྟུན་འཁྲབ་སྦྱོང་སྤེལ་བ། ཚན་རིག་དང་མཐུན་པའི་སྒོ་ནས་ཆུ་ལོག་འགོག་པའི་བཟོ་སྐྲུན་ལ་བཀོད་གཏོང་བྱས་ནས། མྱུར་སྐྱོབ་སྟོབས་ཤུགས་དང་ཉེན་སྐྱོབ་དངོས་ཟོག་སྔ་མོ་ནས་བཀོད་སྒྲིག་བྱེད་དགོས། གནོད་འགོག་གནོད་སྐྱོབ་ཐད་ཀྱི་ཚན་རྩལ་ཁྱབ་གདལ་དྲིལ་སྒྲོག་ལ་ཤུགས་སྣོན་པ་དང་། ཚན་རྩལ་ཁྱབ་གདལ་སློབ་གྲྭ་དང་ཁེ་ལས། གཞིས་ཁུལ། བཟོ་སྐྲུན་འཛུགས་སྐྲུན་ཡུལ་དངོས་བཅས་སུ་བསྐྱོད་པ། མང་ཚོགས་ཀྱིས་གནོད་འཚེ་ལ་ངོས་འཛིན་ཡང་དག་བྱེད་པ་དང་ཚན་རིག་དང་མཐུན་པའི་སྒོ་ནས་གནོད་འཚེ་འགོག་སྲུང་བྱེད་པར་སྣེ་ཁྲིད་བྱས་ཏེ། མང་ཚོགས་ཀྱི་ནམ་ཟླའི་གནོད་འཚེ་འགོག་རྒོལ་བྱེད་པའི་འདུ་ཤེས་དང་ནུས་པ་མཐོར་འདེགས་གཏོང་དགོས་པར་བསྟན།

ཝུའུ་ཞའོ་ཅུན་གྱིས་ཞོད་འགོག་གི་གནད་འགག་དུས་སྐབས་དམ་འཛིན་བྱེད་པ་དང་། ནམ་ཡང་ཞོད་འགོག་རྒུད་སྐྱོབ་ཀྱི་རྣམ་པ་བཟང་བོ་རྒྱུན་འཁྱོངས་བྱེད་པ། འགན་འཁྲི་ལག་བསྟར་དང་མཐུན་སྦྱོར་མཉམ་འགུལ། མྱུར་སྐྱོབ་འགན་སྲུང་ནན་མོ་བྱེད་པར་དམིགས་ནས། ཚན་རིག་དང་དམ་ཟབ། ཕན་མཐོ་ཡི་ཞོད་འགོག་གནོད་སྐྱོབ་བྱ་བའི་འབྲེལ་ཐག་གྲུབ་པར་བྱེད་པ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་བདེ་འཇགས་ཆུ་རགས་བརྟན་པོ་བཙུགས་ཏེ། དུས་བདེ་ཞོད་འཇགས་དང་སྤྱི་ཚོགས་བདེ་འཇགས། མི་དམངས་བདེ་སྐྱིད་ཡོང་བར་ཁག་ཐེག་བྱེད་དགོས་ཞེས་བསྟན།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ཝེ་ཏུང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་གྲོས་ཚོགས་ལ་ཞུགས།

ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཅུའུ་ཡིས་ཆུ་རྒྱས་པའི་སྐབས་ཀྱི་གནམ་གཤིས་གནས་བབ་ཁྱབ་བསྒྲགས་བྱས་པ་དང་། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་གྱིས་ཞིང་ཆེན་ཡོངས་ཀྱི་ས་གཤིས་གནོད་འཚེ་འགོག་སྲུང་བྱ་བ་ཡར་ཞུ་བྱས་ལ། ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན་དང་མཚོ་ཤར་གྲོང་ཁྱེར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཅས་ཀྱི་སྲིད་གཞུང་གིས་གཏམ་བཤད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།