ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཧོང་ཡ་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིན་དང་ཞིང་ཆེན་འཕྲིན་བཅར་ཅུའུ་ལ་སོང་ནས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་སྒྲོག་འགྲེལ་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-06-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས15ནས་ཚེས16ཉིན་བར། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིས་ཧོང་ཡ་ཞིང་ཆེན་སྤྱི་བདེ་ཐིན་དང་ཞིང་ཆེན་འཕྲིན་བཅར་ཅུའུ་ལ་སོང་ནས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་སྒྲོག་འགྲེལ་བྱས། ལིས་ཧོང་ཡ་ཡིས་བསྟན་དོན། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་སྟེང་ལོ་ལྔའི་རིང་གི་བྱ་བའི་གྲུབ་འབྲས་ལ་ཁྱོན་ཡོངས་ནས་སྤྱི་བསྡོམས་བྱས་ཤིང་། ལག་ལེན་ཁྲོད་དུ་བསགས་པའི་རིན་ཐང་བྲལ་བའི་ཉམས་མྱོང་བསྡུ་ལེན་བྱས་པ་དང་།  མདུན་དུ་ལྷགས་པའི་གོ་སྐབས་དང་འགྲན་རྩོད་ལ་ལུགས་མཐུན་སྒོས་དབྱེ་ཞིབ་བྱས་པར་མ་ཟད། ཕྱིན་ཆད་ཀྱི་ལོ་ལྔའི་མཚོ་སྔོན་འཕེལ་རྒྱས་ཀྱི་དམིགས་འབེན་དང་ལས་འགན་ལ་འཆར་འགོད་ཞིབ་མོ་བྱས་ཡོད།

ལིས་ཧོང་ཡ་ཡིས་བསྟན་དོན། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱེད་རྒྱུ་དེ་དེང་སྐབས་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ། སློབ་སྦྱོང་ནན་མོ་བྱེད་པ་དང་གོ་བ་ཟབ་མོ་ལེན་པ། ལག་ལེན་མཐའ་འཁྱོལ་བྱེད་པ། ཕན་འབྲས་བཟང་བོ་ཐོབ་པའི་ཕྱོགས་སུ་ཤུགས་བསྐྱེད་དགོས། སློབ་སྦྱོང་ནན་མོ་བྱེད་སྐབས། ཏང་གི་ཚོགས་ཆེན་ཐེངས་བཅུ་བཞི་པའི་སྙན་ཞུ་ལས་བཏོན་པའི་ལངས་ཕྱོགས་དང་ལྟ་བ། སྒྲུབ་སྟངས། དམིགས་འབེན་དང་ཐབས་ལམ་བཅས་ཇི་མ་ཇི་བཞིན་དུ་སློབ་སྦྱོང་བྱས་ནས། དཀྱིལ་སྙིང་ལ་དམིགས་ཤིང་འཕེལ་རྒྱས་ལ་ཞབས་ཞུ་སྒྲུབ་པའི་བསམ་བློའི་རང་རྟོགས་དང་ཆབ་སྲིད་རང་རྟོགས། འགུལ་སྐྱོད་རང་རྟོགས་སྔར་ལས་ཇེ་དྲག་ཏུ་གཏོང་དགོས། གོ་བ་ཟབ་མོ་ལེན་སྐབས།  ཁོངས་གཏོགས་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ།  ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་དུ་ངེས་གནས་འཚོལ་བ་དང་བསམ་ཕྱོགས་གསལ་བོ་བྱེད་པ། ཐབས་ལམ་གཏན་འཁེལ་བྱེད་པ་དང་། ཁྱོན་ཡོངས་དང་ཕྱོགས་ཁ་ཤས་མཐུན་སྦྱོར་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། ལག་ལེན་བྱེད་སྐབས། བསམ་བློ་དང་འགུལ་སྐྱོད་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་དང་གཅིག་གྱུར་བྱེད་པ་དང་། བློ་གྲོས་དང་སྟོབས་ཤུགས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་སྟེང་གཏན་འཁེལ་བྱས་པའི་དམིགས་འབེན་དང་ལས་འགན་སྣ་ཚོགས་དང་གཅིག་སྡུད་བྱས་ཏེ། དོན་དངོས་ཀྱི་འགུལ་སྐྱོད་ལ་བརྟེན་ནས་ཇུས་ཆོད་བཀོད་སྒྲིག་སྣ་ཚོགས་དངོས་འབེབས་བྱེད་པ་སྐུལ་འདེད་གཏོང་དགོས། ཕན་འབྲས་ལེན་སྐབས། འགན་འཁྲིའི་ནུས་པ་མུ་མཐུད་དུ་མཐོར་འདེགས་སུ་གཏོང་བ་དང་། སྔར་ལས་མཐོ་བའི་ལངས་གནས་དང་སྔར་ལས་འཐུས་ཚང་ཡིན་པའི་བྱེད་ཐབས། སྔར་ལས་ལེགས་པའི་སྤྱོད་ཚུལ་ལ་བརྟེན་ནས། སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་སྒོས་བརྟན་འཇགས་དང་བཟང་ཕྱོགས་སུ་འཕེལ་བར་སྲུང་སྐྱོབ་བྱེད་པ་དང་། དོན་དངོས་ཀྱི་འགུལ་སྐྱོད་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།