ཀྲུང་གོ་བོད་ཀྱི་དྲ་བ།

དགའ་བདེ་རྫོང་གིས་བྱེད་ཐབས་སྣ་མང་ལ་བརྟེན་ནས་ཏང་འཛུགས་སྐྲུན་བྱ་བར་སྐུལ་འདེད་བཏང་བ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2022-06-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་གིས་ཁུལ་ཨུའི་ཏང་འཛུགས་སྐྲུན་དམ་འཛིན་དང་དོན་འཁྱོལ་ལ་སྐུལ་འདེད་བྱེད་པའི“འབྲེལ་གཏུག་བཞི་དང་རྒྱུགས་ཤོག་གསུམ”གྱི་བྱ་བའི་ནང་རྐྱེན་མཛུབ་སྟོན་དུ་བཟུང་ཞིང་། རྫོང་ཨུའི“155ཏང་འཛུགས་འབྲེལ་ཐག”གིས་ཐེག་བྱད་བྱས་པ། “རྫོང་གཅིག་ལ་རྟེན་གཞི་གཅིག་དང་།རྫོང་གཅིག་ལ་ཁྱད་ཆོས་གཅིག”གཞི་རྟེན་བྱས་ཏེ།ཏང་ཡོན་ལས་བྱེད་པར་སློབ་གསོ་དང་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཏང་འཛུགས་སྐྲུན་དང་བསམ་བློའི་ཆབ་སྲིད་ཀྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དེ་རྫོང་ཡོངས་ཀྱི་བྱ་བའི་གལ་ཆེའི་ནང་གི་འགངས་ཆེན་དུ་བརྩིས་ནས།རྫོང་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་པར་ཁག་ཐེག་བྱས་ནས་ཏང་ཡོན་གྱི་སློབ་གསོའི་བྱ་བར་སྐུལ་འདེད་ཆེན་པོ་བཏང་།

ཉེ་བའི་ལོ་འགའི་རིང་།དགའ་བདེའི་རྫོང་གིས“རྫོང་གཅིག་ལ་རྟེན་གཞི་གཅིག་དང་།རྫོང་གཅིག་ལ་ཁྱད་ཆོས་གཅིག”གི་ཏང་ཡོན་སློབ་གསོ་གསོ་སྦྱོང་གི“1+1+1+N”གཅིག་སྡུད་རྟེན་གཞི་དང་།ཞང་གྲོང་སོ་སོའི“སྐོར་སྐྱོད་ཏང་གི་སློབ་གྲྭའི”ནུས་པ་འདོན་སྤེལ་གང་ལེགས་བྱས་ཤིང་། ལྟ་སྦྱོང་སྒྲིག་འཛུགས་དང་སློབ་སྦྱོང་ཁྱིམ་སླེབས་སོགས་ཀྱི་རྣམ་པར་བརྟེན་ནས“ཚོགས་གསུམ་ཁྲིད་གཅིག”དང་།“རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུ”དང་།“ཏང་ཡོན་ལ་དམངས་གཙོས་དཔྱད་བསྡུར་བྱེད་པ”དང“བརྗོད་དོན་ཏང་གི་ཉིན་མོ”སོགས་ཏང་ནང་གི་ཆབ་སྲིད་འཚོ་བ་ཧུར་ཐག་གིས་དར་སྤེལ་བཏང་ཞིང་། བསམ་བློའི་ཆབ་སྲིད་འཛུགས་སྐྲུན་བྱེད་པ་དེ་ཏང་འཛུགས་སྐྲུན་གྱི་ཁྱབ་ཁོངས་ཡོངས་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཤིང་། སྡེ་བ་རིམ་པའི་ཏང་རྩ་འཛུགས་དང་ཏང་ཡོན་ཡོངས་ཀྱིས་ཆབ་སྲིད་ཀྱི་ལངས་ཕྱོགས་དང་།ཆབ་སྲིད་ཀྱི་ཁ་ཕྱོགས།ཆབ་སྲིད་ཀྱི་རྩ་དོན།ཆབ་སྲིད་ཀྱི་བགྲོད་ལམ་བཅས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་མཐུན་ཡོང་བར་སྐུལ་འདེད་བཏང་ནས།ཐོག་མཐའ་བར་གསུམ་དུ“སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་དང་།གཞི་རིམ་གྱི་ཏང་འཛུགས་སྐྲུན་ཚད་གཞི་ཅན་དུ་བསྐྲུན་པ་གཏིང་ཟབ་ཏུ་གཏོང་བ་དང་།ཏང་ཡོན་དོ་དམ་ཞིབ་ཕྲ་ཅན་དུ་གཏོང་བ་དམ་འཛིན་བྱས་ཏེ།གཞི་རིམ་གྱི་ཏང་རྩ་འཛུགས་ཀྱི་ཆབ་སྲིདཀྱི་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་། ཏང་གཤིས་སློབ་གསོའི་རྟེན་གཞི་ཡི“ཚོགས་ཁང་ཆུང་བ”བེད་སྤྱོད་གང་ལེགས་བྱས་ཏེ།དུས་ཐོག་ཏུ་ཏང་ཀྲི་པུའུ་ཧྲུའུ་ཅི་དང་སྡེ་བའི(སྡེ་ཁུལ)“ཨུ་ཡོན་ལྷན་ཁང་གཉིས”ཀྱི་འགན་འཁུར་པ་གཙོ་བོའི་གསོ་སྦྱོང་འཛིན་གྲྭ་བསྒྲུབས་པ་དང་།རྫོང་ཡོངས་ཀྱི་སྡེ་བ38གྱི(སྡེ་ཁུལ)“ཨུ་ཡོན་ལྷན་ཁང་གཉིས”ཀྱི་ཚན་ཁག་གི་ཁོངས་མི་གསོ་སྦྱོང་ནང་ཞུགས་ཤིང་།ཧྲུའུ་ཅི་དང་པོ་དང་སྡེ་བའི་བཅའ་སྡོད་ལས་དོན་རུ་མིའི་གསོ་སྦྱོང་འཛིན་གྲྭ་དང་ཏང་དོན་ལས་སྒྲུབ་པའི་གསོ་སྦྱོང་འཛིན་གྲྭ་སོགས་ཐེངས20ལྷག་རྩ་འཛུགས་བྱས་ཏེ་བསྒྲུབས།

དུས་མཚུངས་སུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱ་འགུལ་དང་ཟུང་འབྲེལ་བྱས་ཏེ།རྫོང་ཡོངས་ཀྱི་ཀྲི་པུའུ་སོ་སོས“བརྗོད་དོན་ཏང་གི་ཉིན་མོ”དང“རྩ་འཛུགས་འཚོ་བའི་ཚོགས་འདུ”“ཚོགས་གསུམ་ཁྲིད་གཅིག”བཅས་ཀྱི་བྱ་འགུལ་སྤེལ་སྐབས“རྫོང་གཅིག་ལ་རྟེན་གཞི་གཅིག་དང་རྫོང་གཅིག་ལ་ཁྱད་ཆོས་གཅིག”གི་ཏང་ཡོན་སློབ་གསོ་གསོ་སྦྱོང་གི་གཅིག་སྡུད་རྟེན་གཞི་བེད་སྤྱོད་གང་ལེགས་བྱས་ཏེ།བྱེད་ཐབས་སྣ་མང་དང་ནང་དོན་ཕུན་སུམ་ཚོགས་པའི་བྱ་འགུལ་སྤེལ་ནས།དགའ་བདེ་རྫོང་གི་ཏང་ཡོན་སློབ་གསོའི་རྟེན་གཞི་བཀོལ་སྤྱོད་ལ་སྔར་ལས་སྐུལ་འདེད་བཏང་ཞིང་། ཚོགས་ཁང་ཆུང་བའི་ནང་གི་སྲིད་བཙུགས་ལོ་རྒྱུས་དང་། བཅོས་བསྒྱུར་སྒོ་འབྱེད་ལོ་རྒྱུས། གནའ་རྫས་འགྲེམ་སྟོན། ཐོག་མའི་ཚོགས་རའི་འགྲེམ་སྟོན། སྔོན་ཐོན་མི་སྣའི་དཔེ་མཚོན་བཅས་བརྒྱུད་ནས།ཏང་ནང་ཞུགས་པའི་ཧུར་བརྩོན་ཅན་དག་གིས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་དང་། ཏང་གི་རྨང་གཞིའི་ཤེས་བྱ། དགའ་བདེ་རྫོང་གི་ལོ་རྒྱུས་འཕེལ་རྒྱས་བཅས་ལ་རྒྱུས་ལོན་དང་ཤེས་རྟོགས་བྱུང་བར་མ་ཟད། ད་དུང་ཡུལ་དངོས་ཀྱི་ལྟ་སྦྱོང་དང་སློབ་སྦྱོང་བྱེད་མཁན་རྣམས་ལ་ལོ་རྒྱུས་ཀྱི་ཤུགས་རྐྱེན་བཟང་པོ་དང་། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན། མདུན་སྐྱོད་སྟོབས་ཤུགས་བཅས་སྡུད་ལེན་བྱས་ཏེ་རྒྱ་ཆེའི་ཏང་ཡོན་གྱི་ཏང་གཤིས་མཐོར་འདེགས་སུ་བཏང་།

མིག་སྔར་ཏང་ཡོན་སློབ་གསོའི་རྟེན་གཞིར་བརྟེན་ནས་བྱ་འགུལ་སྣ་ཚོགས་ཐེངས300ལྷག་སྤེལ་བ་དང་།གཞི་རིམ་གྱི་ཀྲི་པུའུ98ལ་ཁེབས་ཡོད་ལ།ཏང་ཡོན་མི་ཐེངས1000ལྷག་ཙམ་ཟིན་ཡོད། 2021ལོའི་ཟླ12པར་དགའ་བདེ་རྫོང་གི་ཏང་གཤིས་སློབ་གསོའི་རྟེན་གཞི“ཚོགས་ཁང་ཆུང་བ”དེ་ཞིང་ཆེན་རིམ་པའི་སྐོར་ཁག་གཉིས་པའི“ཏང་ཀྲི་པུའུ་ཡི་རྩ་འཛུགས་འཚོ་བའི་མཉམ་སྤྱོད་གཡུལ་ས”ཡི་མིང་ཐོའི་ཁྲོད་ཚུད་ཡོད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།