ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལུགས་སློབ་སྦྱོང་ཆེད་དོན་འཆད་ཁྲིད་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-06-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས16ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལུགས་སློབ་སྦྱོང་ཆེད་དོན་འཆད་ཁྲིད་བྱས་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས། 

འཆད་ཁྲིད་སྟེང་རང་བྱུང་ཐོན་ཁུངས་པུའུ་ཁྲིམས་སྲོལ་སི་ཡི་སི་ཀྲང་ཝེ་ལི་ཧྭ་གདན་དྲངས་ནས། ས་ཞིང་སྒྲིག་གཞི་བཅོས་བསྒྱུར་གྱི་རྒྱབ་ལྗོངས་དང་ས་ཞིང་དོ་དམ་བཅའ་ཁྲིམས་བཟོ་བཅོས་སོགས་ཀྱི་ནང་དོན་དང་འབྲེལ་ནས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ས་ཞིང་དོ་དམ་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག》ཐད་ཀློག་འགྲེལ་ཟུར་ཁྲིད་བྱས། 

ཝུའུ་ཞའོ་ཅུན་གྱིས་བསྟན་དོན། ས་ཞིང་དོ་དམ་ནི། ཏང་དང་རྒྱལ་ཁབ་ལས་དོན་ཁྲོད་ཀྱི་བྱ་བ་གལ་ཆེན་ཞིག་ཡིན། མཚོ་སྔོན་ལ་མཚོན་ནས་བཤད་ན། ས་ཞིང་དོ་དམ་བྱ་བར་དམིགས་བསལ་གྱི་དོན་སྙིང་ལྡན། ཞིང་ཆེན་ཡོངས་ཀྱི་སྲིད་གཞུང་སྡེ་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་ཀྱིས། ཁྲིམས་སྐྱོང་བསམ་བློ་ཤུགས་དྲག་ཏུ་གཏོང་བ་དང་། ཁྲིམས་སྐྱོང་བསམ་བློ་དར་སྤེལ་བྱས་ཏེ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ས་ཞིང་དོ་དམ་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག》ལག་ལེན་དོན་འཁྱོལ་བྱེད་པ་གོ་སྐབས་སུ་བཟུང་ནས།《ས་ཞིང་དོ་དམ་བཅའ་ཁྲིམས》དང《ནགས་ཚལ་བཅའ་ཁྲིམས》《ཞིང་སའི་སྲུང་སྐྱོང་བཅའ་ཁྲིམས》སོགས་ཁྲིམས་ལུགས་གཏན་སྲོལ་གྱི་ལག་བསྟར་གཅིག་གྱུར་བྱེད་པ་དང་། འཆར་འགོད་བཀོད་སྒྲིག་ཇེ་ལེགས་སུ་གཏོང་བ་དང་། རྨོ་ཞིང་སྲུང་སྐྱོང་གཟབ་ནན། གཅིག་བསྡུས་སྒོས་ཞིང་ས་བེད་སྤྱོད་བྱེད་པ། ཞིབ་བཤེར་ཕན་ནུས་མཐོར་འདེགས་སུ་གཏོང་བ། ཁྲིམས་ལུགས་ལག་བསྟར་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ནས། དོ་དམ་འགན་འཁྲི་གཟབ་ནན་སྒོས། ཞིང་ཆེན་ཡོངས་ཀྱི་ས་ཞིང་དོ་དམ་གྱི་སྤྱིའི་ཆུ་ཚད་མཐོར་འདེགས་སུ་བཏང་སྟེ། ས་ཞིང་ཁྱབ་ཁོངས་ཀྱི་ཁྲིམས་ལུགས་བཅོས་སྐྱོང་ལེགས་པོ་བྱེད་པ་མངོན་འགྱུར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན།  ། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།