ཀྲུང་གོ་བོད་ཀྱི་དྲ་བ།

ཁྲི་ཀ་རྫོང་མི་དམངས་རིག་གནས་ཁང་གིས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་གྲོང་ཚོ་རུ་བསྐྱལ་བའི་བྱེད་སྒོ་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-06-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

4c98d72e6c4227753ca8e54b85ac965.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས14ཉིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་མི་དམངས་རིག་གནས་ཁང་གིས“རྟ་ཐོག་རིག་རྩལ་རུ་ཁག”ཞེས་པ་སྒྲིག་འཛུགས་བྱས་ནས་རྨ་ནུབ་གྲོང་རྡལ་མདོ་བ་གྲོང་ཚོ་དང་། སྲང་གཞུག་གྲོང་ཚོ། ལ་ཟེ་བ་གྲོང་རྡལ། སྟག་ལུང་གྲོང་ཚོ། ལྷ་ཁང་ཐང་གྲོང་ཚོ་བཅས་གྲོང་ཚོ་བཞིར་མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་གྲོང་ཚོ་རུ་བསྐྱལ་བའི་བྱེད་སྒོ་སྤེལ། “རྟ་ཐོག་རིག་རྩལ་རུ་ཁག”ཞེས་པ་དེར་མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་རྣམ་པར་བརྟེན་ནས། ཏང་གི་བཀའ་དྲིན་ཚོར་ཞིང་མེས་རྒྱལ་ལ་བསྔགས་བརྗོད་བྱེད་པ་དང་། སྙིང་སྟོབས་ཆེར་སྐྱེད་དང་སྐད་གསང་མཐོན་པོས་གླུ་དབྱངས་བླངས་ནས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་གཞི་རུམ་དུ་ཁྱབ་གདལ་དུ་གཏོང་བར་སྐུལ་འདེད་བཏང་སྟེ། གྲོང་གསེབ་དར་སྤེལ་གཏོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་ཚོགས་བྱེད་པར་རྣམ་པ་བཟང་པོ་ཞིག་བསྐྲུན། ། 

རྩོམ་སྒྲིག་པ། : བདེ་ལེགས་མཚོ།