མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཏང་ཡོན་གཅིག་བསྡུས་རེས་སྐོར་གསོ་སྦྱོང་བྱ་འགུལ་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 《2019—2023ལོའི་བར་གྱི་རྒྱལ་ཡོངས་ཏང་ཡོན་སློབ་གསོའི་གསོ་སྦྱོང་བྱ་བའི་འཆར་འགོད》དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་བའི་དགོངས་དོན་ལག་ལེན་གཏིང་ཟབ་བྱས་ཏེ། 2023ལོའི་ལོ་མཇུག་སྔོན་དུ་ཞིང་ཆེན་ཡོངས་ཀྱི་ཏང་ཡོན་གྱི་ལས་འགན་རེས་སྐོར་གསོ་སྦྱོང་བྱེད་པ་བདེ་བླག་ངང་ལེགས་འགྲུབ་བྱ་ཆེད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཞིང་ཆེན་ཏང་གི་སློབ་གྲྭ་དང་མཉམ་འབྲེལ་སྒོས་ཏང་ཡོན་གྱི་གཅིག་བསྡུས་རེས་སྐོར་གསོ་སྦྱོང་བྱ་འགུལ་སྤེལ་བ་དང་། རྩ་འཛུགས་ཅན་གྱི་རྣམ་པས་ཏང་ཡོན་གྱི་གཞུང་ལུགས་ལ་ཤུགས་བསྣན། 

“གཙང་སེལ”བྱ་འགུལ་དེ་ཞིང་ཆེན་རིམ་པའི་དཔེ་སྟོན་དང་གྲོང་ཁྱེར་རིམ་པའི་གཙོ་གནད། རྫོང་རིམ་པའི་ཁྱབ་གདལ། གཞི་རིམ་ཏང་ཨུའི་གཙང་སེལལ་བྱེད་པའི་རྣམ་པས་སྤེལ་རྒྱུ་ཡིན་པ་དང་། ཏང་ཀྲི་པུའུ་ཧྲུའུ་ཅིའི་ནུས་ཤུགས་མཐོར་འདེགས་དང་ཏང་ཡོན་ཏང་གི་སློབ་གྲྭར་བསྐྱོད་ནས་རེས་སྐོར་གསོ་སྦྱོང་གི་བཟོ་སྐྲུན་ལ་གཅིག་གྱུར་སྒོས་སྐུལ་འདེད་བྱེད་པ། ཏང་ཀྲི་པུའུ་ཚན་ཁག་དུ་བྱས་ཏེ་གནད་ཁེལ་ངང་རེས་སྐོར་གསོ་སྦྱོང་ཁྲོད་ཞུགས་མེད་པའི་ཏང་ཡོན་གྱི་རྨང་གཞི་སྟེང་། མཚམས་འཇོག་དུས་ཚོད་ལ་དམིགས་ནས། རེས་སྐོར་གསོ་སྦྱོང་བྱེད་ཐབས་སྒྲིག་བཟོ་བྱེད་པ་དང་།ཞིང་སྡེ་ཏང་ཡོན་དང་བསྐོར་བསྐྱོད་ཏང་ཡོན་གཙོ་གནད་དུ་བཟུང་སྟེ། “གསར་བ་གཉིས”ཀྱི་རྩ་འཛུགས་ཏང་ཡོན་དང་ལས་རྣམ་གསར་བ། ལས་ཞུགས་གསར་བའི་ཏང་ཡོན་གྱི་གཅིག་བསྡུས་རེས་སྐོར་གསོ་སྦྱོང་ལས་འགན་མཁྲེགས་གཏོར་བྱེད་རྒྱུ་རེད།

“གཙང་སེལ”བྱ་འགུལ་བདེ་བླག་ངང་སྤེལ་བར་འགན་སྲུང་བྱ་ཆེད། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་འབྲེལ་ཡོད་སྡེ་ཁག་དང་བྱ་བའི་ལྟ་སྐུལ་མཛུབ་སྟོན་ལ་ཤུགས་བསྣན་ནས།ཏང་ཡོན་གཅིག་བསྡུས་རེས་སྐོར་གསོ་སྦྱོང་བྱེད་པའི་གནས་ཚུལ་དེ་ཧྲུའུ་ཅིའི་གཞི་རིམ་ཏང་འཛུགས་ལས་གནས་དཔྱད་འཇོག་གི་རྒྱུགས་ལེན་དཔྱད་ཞིབ་ཀྱི་ནང་དོན་ཁྲོད་བླངས་ཏེ། རིམ་པ་སོ་སོའི་ཏང་ཨུའི(ཏང་ཙུའུ)ཏང་ཡོན་རེས་སྐོར་གསོ་སྦྱོང་གི་ལས་འགན་དང་རིམ་པ་སོ་སོའི་རྩ་འཛུགས་སྡེ་ཁག་དང་། རིམ་པ་སོ་སོའི་ཏང་གི་སློབ་གྲྭའི་བྱེ་བྲག་ལག་བསྟར་བྱེད་པའི་ལས་འགན་ལ་ལྟ་སྐུལ་བྱ་རྒྱུ་རེད། སྔར་ལས་ལྷག་པའི་སྒོ་ནས་ཏང་ཡོན་གྱི་སློབ་གསོའི་འགྲོ་གྲོན་དང་སློབ་སྦྱོང་བྱེད་ས། དགེ་རྒན་དཔུང་ཁག ཁྲིད་གཞི་བཅས་འགན་སྲུང་ཤུགས་དྲག་ཏུ་བཏང་ནས། སྤུས་ཚད་དོ་དམ་གཟབ་ནན་དང་སྐོར་སྦྱོང་གི་ཕན་འབྲས་དཔྱད་འཇོག་སྒྲིག་གཞི་སྒྲིག་འཛུགས་འཚོལ་ཞིབ་བྱས་ཏེ། ཏང་ཡོན་གྱི་རེས་སྐོར་གསོ་སྦྱོང་ཁྲོད་ཞུགས་པའི་གནས་ཚུལ་ལ་དཔྱད་འཇོག་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།