ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཏ་ནན་གྱིས་མཚོ་ཤར་དུ་སྒྲོག་འགྲེལ་རྟོག་ཞིབ་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-06-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས16ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ། དྲིལ་སྒྲོལ་པུའུ་ཡི་པུའུ་ཀྲང་ཝང་ཏ་ནན་མཚོ་ཤར་གྲོང་ཁྱེར་ལི་ཏུའུ་ས་ཁུལ་དུ་བསྐྱོད་དེ་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་སྒྲོག་འགྲེལ་བྱས་པར་མ་ཟད། ཀའོ་མེའོ་གྲོང་རྡལ་དང་ཧྲོའུ་ལུ་གྲོང་རྡལ་དུ་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་སྒྲོག་འགྲེལ་ལག་བསྟར་དང་། གྲོང་གསེབ་དར་སྤེལ། སྐྱེ་ཁམས་སྲུང་སྐྱོང་སོགས་བྱ་བའི་གནས་ཚུལ་ལ་རྟོག་ཞིབ་བྱས། 

ཝང་ཏ་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱས་ཤིང་། ཚན་རིག་དང་མཐུན་པར་དཔེ་རིས་བྲིས་པར་ཆབ་སྲིད་ཀྱི་རང་མདངས་དང་། མི་དམངས་ཀྱི་གཞི་རྐང་། ལག་ལེན་གྱི་ཁྱད་ཆོས་བཅས་མངོན་གསལ་ལྡན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་པར་སློབ་སྦྱོང་དང་དྲིལ་སྒྲོག་ལག་བསྟར་བྱེད་པ་དང་ཟུང་འབྲེལ་སྒོས། ཏང་གི་འཐུས་མི་ཚོགས་ཆེན་ལས་བཏོན་པའི་སྤྱིའི་བླང་བྱ་དང་། འབད་འཐབ་དམིགས་འབེན། གཙོ་གནད་ལས་འགན་བཅས་ལ་གདེང་ཚོད་གནད་འཁེལ་ཡོད་པར་བྱེད་པ་དང་། “དེང་རབས་ཅན་དྲུག་གི་མཚོ་སྔོན་གསར་པའི”འཛུགས་སྐྲུན་དམིགས་འབེན་ལ་དམིགས་ཏེ། ཁུར་ལེན་ཇེ་དྲག་ཏུ་གཏོང་བ་དང་དངོས་འབེབས་ནན་འཛིན་བྱས་ནས། ཏང་གི་འཐུས་མི་ཚོགས་ཆེན་གྱི་བཀོད་སྒྲིག་ཁག་གཞི་རིམ་དུ་དངོས་འབེབས་ཕན་འབྲས་འབྱུང་བར་ཁག་ཐེག་བྱེད་དགོས། 

ཝང་ཏ་ནན་གྱིས། “རྒྱལ་དོན་གྱི་ཆེ་ཕྱོགས”སེམས་སུ་ཉར་བ་དང་། ཏང་གི་འཐུས་མི་ཚོགས་ཆེན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོང་། རིག་གནས་འཛུགས་སྐྱོང་སོགས་ལ་སྐུལ་འདེད་གཏོང་བར་བཀོད་སྒྲིག་བྱེད་པ་ཕྱོགས་ཡོངས་ནས་དངོས་འབེབས་བྱས་ཏེ། གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་ཟབ་མོ་བྱེད་པ་དང་། མཚོ་ཤར་གྱི་ཞིང་ལས་དང་སྐྱེ་ཁམས། རིག་གནས་སོགས་ཅུང་ཆེ་བའི་དགེ་མཚན་རྒྱ་ཆེར་བསྐྱེད་དེ། གྲོང་གསེབ་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ལོ་རྒྱུས་རིག་གནས་དང་གསར་བརྗེའི་ཐོན་ཁུངས་སྔོག་འདོན་ཟབ་མོ་བྱེད་པ་དང་། ལྕགས་རི་རིང་མོའི་ཐོན་ཁུངས་སྲུང་སྐྱོབ་བྱེད་ཤུགས་ཆེར་སྐྱེད་པ། རིག་གནས་ཡུལ་སྐོར་དང་གསར་བརྗེ་སློབ་གསོའི་ལས་དོན་ཆེན་མོ་ལེགས་པོར་བསྒྲུབ་དགོས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་ཤུགས་སྣོན་པ་དང་། ལྗང་སྒྱུར་ནགས་སྐྲུན་དང་ཞིང་སྡེ་འཚོ་སྡོད་ཁོར་ཡུག་བཅོས་སྐྱོང་མུ་མཐུད་དུ་སྤེལ་ཏེ། སྐྱེ་ཁམས་སྲུང་སྐྱོང་སླར་གསོ་ལ་གྲུབ་འབྲས་གསར་པ་ལེན་པར་སྐུལ་འདེད་གཏོང་དགོས། ཞིང་ཆེན་ཡོངས་ཀྱི་སྤྱོད་ཚུལ་འཛུགས་སྐྱོང་ཚོགས་འདུའི་དགོངས་དོན་དངོས་འབེབས་བྱེད་པ་དང་། དྲིལ་སྒྲོག་རུ་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་པ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་ལྟ་བས་སྔར་ལས་ལྷག་པར་མི་གསོ་སྐྱོང་བྱས་ཏེ། གཞི་རིམ་གྱི་དྲིལ་སྒྲོག་བྱ་བའི་སྤུས་ཚད་དང་གྲུབ་འབྲས་མཐོར་འདེགས་དགོས་པར་ནན་གྱིས་བསྟན། །

རྩོམ་སྒྲིག་པ། : གསང་བདག་རྒྱལ།