མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་མགོ་ཁྲིད་ཚན་ཆུང་ཕྱོགས་བསྡུས་དང་བཟོ་སྐྲུན་གཞུང་ལས་ཁང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཆེད་དོན་འཆད་ཁྲིད་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས16ཉིན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་བསམ་བློ་དང་། སྤྱི་ཁྱབ་ཧྲུའུ་ཅིའི་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་དགོངས་དོན་ལག་ལེན་དོན་འཁྱོལ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་མགོ་ཁྲིད་ཚན་ཆུང(རྒྱ་བསྐྱེད)གྲོས་ཚོགས་གྲུབ་འབྲས་ཟབ་སྤེལ་བྱས་ཏེ། བསམ་བློ་དང་བྱེད་སྟངས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་སྟེང་ཐོན་པར་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་མགོ་ཁྲིད་ཚན་ཆུང་ཕྱོགས་བསྡུས་དང་བཟོ་སྐྲུན་གཞུང་ལས་ཁང་། ཞིང་ཆེན་སྐྱེ་ཁམས་དཔལ་ཡོན་ཞིབ་འཇུག་ལྟེ་གནས་ཀྱིས་མཚོ་སྔོན་མི་རིགས་སློབ་ཆེན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཞིབ་འཇུག་ཁང་གི་ཡོན་ཀྲང་གཞོན་པ། དགེ་རྒན་ཆེན་མོ་གཞོན་པ་ཁྲིན་ཧྲའོ་ཡན་གདན་དྲངས་ཏེ། “ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་བསམ་བློ་དང་མཚོ་སྔོན་ལག་ལེན”ཞེས་པའི་ཆེད་དོན་འཆད་ཁྲིད་བྱས།

ཤེས་གསལ་ལྟར་ན། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་འབྲེལ་ཡོད་ལས་ཁུངས་སྡེ་ཁག་དང་། འབྲེལ་ཡོད་ས་ཁུལ་དང་འབྲེལ་ཡོད་ཁེ་ལས་ཀྱི་འགན་ཁུར་བློ་མཐུན། མཐོ་རིམ་སློབ་གྲྭའི་དགེ་རྒན་འཐུས་ཚབ་པས་འཆད་ཁྲིད་ལ་ཉན། འཆད་ཁྲིད་ཀྱིས་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་གྱི་བྱེད་ཐབས་ཀྱིས། “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་མཚོ་སྔོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་བསམ་བློ། མཚོ་སྔོན་སྐྱེ་ཁམས་རིན་ཐང་ལག་ལེན་དུ་བསྒྱུར་བ། ཐཱན་གཉིས་ལག་ལེན། དེ་མིན་སྐྱེ་ཁམས་དཔལ་ཡོན་མཐོ་སའི་ལག་ལེན”སོགས་ཀྱི་ནང་དོན་འགྲེལ་བརྗོད་དང་། མཚོ་སྔོན་གྱི“ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གནས་ཚུལ་དང“སྔར་ལས་གལ་ཆེན་གསུམ”གྱི་འཐབ་ཇུས་གོ་གནས་ལ་འགྲེལ་བརྗོད་བྱས། དེས་སྔར་ལས་ལྷག་པའི་སྒོ་ནས་རང་ཞིང་གི་ས་གནས་སོ་སོ་དང་། སྡེ་ཁག་སོ་སོའི་སྐྱེ་ཁམས་དཔལ་ཡོན་མཐོ་ས་གསར་སྐྲུན་གྱི་བྱ་བའི་བསམ་ཕྱོགས་མཐོང་རྒྱ་བསྐྱེད་པ་དང་། སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་དང་།གཙང་གསུམ་འབྱུང་ཡུལ་སྲུང་སྐྱོང་། “ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོང་གི་ལས་འགན་མཐོར་འདེགས་སུ་བཏང་བ་དང་། མི་ཚང་མ“ཀྲུང་ཧྭའི་ཆུ་མཛོད་སྲུང་སྐྱོང་བྱེད་མཁན”གྱི་གཅིག་མཐུན་འདོད་བློ་གཅིག་སྒྲིལ་བྱས།  ། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།