ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ཨུས་ཏང་ཙུའུ་གྲོས་ཚོགས་བསྡུས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-06-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས15ཉིན། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ཨུས་ཏང་ཙུའུ་གྲོས་ཚོགས་ཐེངས་གྱ་བརྒྱད་པ་བསྡུས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཞིང་ཆེན་ཡོངས་ཀྱི་སྤྱོད་ཚུལ་འཛུགས་སྐྱོང་ཚོགས་འདུའི་དགོངས་དོན་སློབ་སྦྱོང་བརྒྱུད་སྒྲོག་བྱས་ཏེ། འབྲེལ་ཡོད་བྱ་བར་ཞིབ་འཇུག་བཀོད་སྒྲིག་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་རེན་གཞོན་པ་ཡུས་ཚུང་ལིས་མགོ་འཛིན་བྱས་ཤིང་བླང་བྱ་བཏོན། ཝང་ལི་མིང་དང་མཱ་ཝེ། ཉའོ་ཁྲིན་ཡུང་། ཀྲང་ཧོང་ཡོན། ཅཱ་དབྱིན་ཀྲུང་བཅས་གྲོས་ཚོགས་ལ་ཞུགས། 

ཚོགས་ཐོག་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཐུན་མོང་སློབ་སྦྱོང་ཐེངས་སོ་དགུ་པའི་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་པས། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་ལོ་རྒྱུས་རང་རྟོགས་ཇེ་དྲག་ཏུ་གཏོང་བ་དང་རིག་གནས་རང་རྟོན་བརྟན་པོར་འཛུགས་པར་སྐུལ་འདེད་གཏོང་བ་དང་། སྔར་ལས་ལྷག་པར་ངོས་འཛིན་གཏིང་ཟབ་ཏུ་གཏོང་བ་དང་ཀྲུང་ཧྭའི་དཔལ་ཡོན་རྒྱུན་འཛིན་དར་སྤེལ་བྱེད་པར་དོན་སྙིང་གལ་ཆེན་ལྡན་པར་ངོས་འཛིན་བྱས་ཤིང་། གཞུང་ལུགས་ཀྱིས་དྲག་ཆས་སྤྲས་པ་དང་། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་པ། ཁྲིམས་འཛུགས་དང་། ལྟ་རྟོག འཐས་ཚབ་སོགས་ཀྱི་བྱ་བ་ཁྲོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་། རྣམ་བཤད་གལ་ཆེན། མཛུབ་སྟོན་གལ་ཆེན་བཅས་དངོས་འབེབས་བྱས་ཏེ། དམངས་ཆེན་གྱི་ནུས་པ་གལ་ཆེན་འདོན་དགོས་པར་འདོད། 

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་སྤྱོད་ཚུལ་འཛུགས་སྐྱོང་གི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པ་དང་། སྤྱོད་ཚུལ་འཛུགས་སྐྱོང་ལ་འཕྲད་པའི་ལས་འགན་གསར་པར་གདེང་ཚོད་ཡང་དག་པ་ཡོད་པར་བྱེད་པ། བློ་ཞིབ་མོས་སློབ་སྦྱོང་དང་རང་རྟོགས་སྒོས་ཚད་བསྡུར་བྱེད་པ། ཞིང་ཆེན་ཏང་ཨུས་བཏོན་པའི་བྱེད་ཐབས་འགའ་བརྩི་སྲུང་ནན་ཏན་བྱེད་པ། གནད་དོན་ཕྱོགས་སྟོན་རྒྱུན་སྐྱོང་བ། ལག་བསྟར་དངོས་འབེབས་ལེགས་པར་འཛིན་པ། ལམ་ལུགས་བྱེད་ཐབས་ཁག་འཐུས་ཚང་དུ་བཏང་སྟེ། དམངས་ཆེན་གྱི་སྤྱོད་ཚུལ་འཛུགས་སྐྱོང་མུ་མཐུད་དུ་བཟང་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་དགོས། 

ཚོགས་ཐོག་ནས། མཚོ་སྔོན་ཞིང་ཆེན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་འཐུས་མི་འདེམ་བསྐོ་སྐོར་གྱི་འབྲེལ་ཡོད་དོན་ཚན་དང་། ཞིང་ཆེན་དམངས་ཆེན་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོར་ཡན་ལག་ཏང་ཙུའུ་འཛུགས་པ་སོགས་བྱ་བའི་སྐོར་གྱི་སྙན་ཞུ་ལ་མཉན་བ་དང་། དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས། །

རྩོམ་སྒྲིག་པ། : གསང་བདག་རྒྱལ།