ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཡོངས་ཀྱི་ཁུར་བོ་གཉིས་ཇེ་ཡང་དུ་གཏོང་བའི་བྱ་བ་སྤེལ་བའི་གནས་ཚུལ་ཡར་ཞུ་བྱེད་པའི་གྲོས་ཚོགས་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-06-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས14ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཆེད་དོན་གྲོས་ཚོགས་བསྡུས་ནས། ཞིང་ཆེན་ཡོངས་ཀྱི་ཁུར་བོ་གཉིས་ཇེ་ཡང་དུ་གཏོང་བའི་བྱ་བ་སྤེལ་བའི་གནས་ཚུལ་ཐད་ཀྱི་ཡར་ཞུ་ལ་ཉན་པ་དང་། ཞིང་ཆེན་ཡོངས་ཀྱི་ཁུར་བོ་གཉིས་ཇེ་ཡང་དུ་གཏོང་བའི་སྲིད་ཇུས་ལག་བསྟར་གནས་ཚུལ་ལ་ཁྱོན་ཡོངས་ནས་རྒྱུས་ལོན་གསལ་བོ་བྱས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀྲང་ཧོང་ཡོན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་འགན་ཁུར་མི་སྣ་དང་ཟི་ལིང་གྲོང་ཁྱེར། མཚོ་ཤར་གྲོང་ཁྱེར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཅས་ཀྱི་སྲིད་གཞུང་གི་གཙོ་འགན་འཁུར་བའི་འགོ་ཁྲིད་བཅས་ཀྱིས་རང་སྟེང་གི་འགན་ནུས་དང་རང་ས་ཁུལ་གྱིས་བྱ་བ་སྤེལ་བའི་གནས་ཚུལ་ལ་ཟུང་འབྲེལ་བྱས་ནས་ཡར་ཞུ་བྱས།

ཀྲང་ཧོང་ཡོན་གྱིས་བསྟན་དོན། ཁུར་བོ་གཉིས་ཇེ་ཡང་དུ་གཏོང་བའི་བྱ་བ་ནི་ཏང་ཀྲུང་དབྱང་གི་ཧ་ཅང་མཐོང་ཆེན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དངོས་སུ་བཀོད་སྒྲིག་བྱས་པའི་དམངས་ཚིས་བཟོ་སྐྲུན་གལ་ཆེན་ཡིན་པས། ཞིང་ཆེན་ཏང་ཨུས་ཧ་ཅང་མཐོང་ཆེན་བྱས་པ་དང་། རྩ་འཛུགས་འགོ་ཁྲིད་ཇེ་དྲག་ཏུ་བཏང་ལ། ཞིང་ཆེན་སྲིད་གཞུང་གིས་སྐུལ་འདེད་བཏང་བ་དང་། བཀོད་སྒྲིག་བྱས་པ་སྔ་ཞིང་བྱེད་ཐབས་བཟང་བ་དང་། ཞིང་ཆེན་སློབ་གསོ་ཐིན་གྱི་འབྲེལ་ཡོད་སྡེ་ཁག་གིས་མཉམ་འཛིན་མཉམ་སྡོམ་བྱས་པ་དང་། སྤྱིའི་བྱ་བ་ནུས་ཤུགས་ལྡན་པ་དང་ཁྱད་ཆོས་ལྡན་པའི་ངང་སྤེལ་བས། གྲུབ་འབྲས་མངོན་གསལ་བླངས།

ཀྲང་ཧོང་ཡོན་གྱིས་ནན་གྱིས་བསྟན་དོན། ཁུར་བོ་གཉིས་ཇེ་ཡང་དུ་གཏོང་བའི་དམིགས་འབེན་ལག་བསྟར་བྱེད་ན་ངེས་པར་དུ་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་ཚད་གཞིར་འཛིན་པ། སྲིད་གཞུང་གིས་གཅིག་འདོམས་མཐོན་པོ་རྒྱུན་འཁྱོངས་བྱེད་པ། སྡེ་ཁག་གི་མཉམ་ལས་ལ་ཤུགས་བསྣན་ནས། བྱ་བའི་མཉམ་ཤུགས་སྔར་ལས་ཆེན་པོ་གྲུབ་པར་བྱེད་དགོས། དམིགས་འབེན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། སློབ་གསོའི་གདེང་འཇོག་མ་ལག་གསར་བ་འཛུགས་པ་དང་སློབ་གྲྭའི་སློབ་གསོའི་གཡུལ་ས་གཙོ་བོའི་ནུས་པ་ཇེ་དྲག་ཏུ་གཏོང་བ། སློབ་ཕྱིའི་གསོ་སྦྱོང་ཉེན་ཁར་དོ་དམ་ཚོད་འཛིན་བྱེད་པར་ཤུགས་སྣོན་པ། སློབ་ཁྲིད་རྗེས་ཀྱི་ཞབས་ཞུའི་ཐད་ཀྱི་དཀའ་ཁག་ཐག་གཅོད་པ་སོགས་ཕྱོགས་ལ་དམིགས་ནས། སྔར་ལས་དངོས་གཉེར་ཤུགས་ལྡན་གྱི་བྱེད་ཐབས་སྤྱད་དེ་ཁུར་བོ་གཉིས་ཇེ་ཡང་དུ་གཏོང་བའི་སྲིད་ཇུས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ་དང་། དམངས་ཚིས་ཐད་ཀྱི་དཀའ་ངལ་སེལ་ནས། འོས་འགན་སློབ་གསོ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།