ཀྲུང་གོ་བོད་ཀྱི་དྲ་བ།

ཁོང་ཡུང་གིས་ས་ཁང་བདག་ཁོངས་དང་འགྲིམ་འགྲུལ་ལས་གཞིའི་ཐད་རྟོག་ཞིབ་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-06-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས13ཉིན་ནས་ཚེས14ཉིན་བར། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཁོང་ཡུང་ཟི་ལིང་དང་མཚོ་ཤར། མཚོ་བྱང་བཅས་ཀྱི་ས་ཁང་བདག་ཁོངས་དང་འགྲིམ་འགྲུལ་ལས་གཞིའི་ཡུལ་དངོས་སུ་སོང་ནས་བཟོ་སྐྲུན་འཛུགས་སྐྲུན་མྱུར་ཚད་དང་ཨར་ལས་འཆར་གཞི་བཀོད་སྒྲིག་ཐད་རྒྱུས་ལོན་ཞིབ་མོ་བྱས་པ་དང་། ཡུལ་དངོས་ནས་གནད་དོན་ཞིབ་འཇུག་ཐག་གཅོད་བྱས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དཔལ་འབྱོར་བརྟན་པོ་ཡོང་བར་བྱེད་པའི་སྐོར་གྱི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་།

ཁོང་ཡུང་གིས་ནན་གྱིས་བསྟན་དོན། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་བརྟན་པོ་ཡོང་བར་བྱེད་པའི་ཐད་ཀྱི་བཀོད་སྒྲིག་བླང་བྱ་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། མིག་སྔའི་གནས་བབ་ཁོང་དུ་ཡང་དག་པར་ཆུད་པར་བྱེད་པ། ལས་གཞི་ལས་ཐུབ་ཚད་ལས་པ་དང་མྱུར་ཐུབ་ཚད་མྱུར་བར་བྱས་ནས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། བཟོ་སྐྲུན་གྱི་སྤུས་ཚད་ལ་འགན་སྲུང་དང་འཛུགས་སྐྲུན་ཇུས་གཞི་མུ་མཐུད་ཇེ་ལེགས་སུ་གཏོང་བ། གཙོ་ཤུགས་འགན་འཁྲི་དོན་འཁྱོལ་བྱེད་པ། བྱ་བའི་བྱེད་ཐབས་ཇེ་ཞིབ་ཏུ་གཏོང་བ། ཨར་ལས་དོ་དམ་ལ་ཤུགས་སྣོན་པ་བཅས་བྱས་ནས་བཟོ་སྐྲུན་སྤུས་ཚད་ཀྱིས་ཚོད་བགམ་ཐེག་ཐུབ་པར་བྱེད་དགོས། བདེ་འཇགས་ཀྱི་ཚད་མཐའ་བརྟན་སྲུང་བྱེད་པ་དང་། ཁོར་ཡུག་སྲུང་སྐྱོབ་ཀྱི་གཙོ་ཤུགས་འགན་འཁྲི་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་དེ་རྣམ་གྲངས་འཛུགས་སྐྲུན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་དགོས། རིམས་ནད་འགོག་སྡོམ་དང་བདེ་འཇགས་ཐོན་སྐྱེད་བྱ་བར་སྤྱི་འདོམས་བྱས་ནས་ལས་གཞིའི་ཡུལ་དངོས་ཀྱི་བཀག་སྡོམ་དོ་དམ་ལ་ཤུགས་སྣོན་དགོས། བདེ་འཇགས་ཀྱི་ཉེན་ཁ་དོ་དམ་ཚོད་འཛིན་བྱེད་ཐབས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཨར་ལས་བདེ་འཇགས་དང་སྤུས་ཚད་བདེ་འཇགས། མི་སྣའི་བདེ་འཇགས་བཅས་ལ་འགན་སྲུང་བྱེད་དགོས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།