ཀྲུང་གོ་བོད་ཀྱི་དྲ་བ།

ཡུས་ཧྲུའུ་ཁུལ་གྱིས་རྒན་གསོ་ཞབས་ཞུ་ཁྱབ་ཁོངས་ཀྱི་མགོ་སྐོར་དོགས་ཟོན་ཐག་གཅོད་ཆེད་དོན་འགུལ་སྐྱོད་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-06-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས13ཉིན། གསར་འགོད་པས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དམངས་སྲིད་ཅུའུ་ནས་ཤེས་གསལ་ལྟར་ན། རྒྱལ་ཡོངས་ཀྱི་རྒན་གསོ་མགོ་སྐོར་ལ་རྡུང་རྡེག་དག་ཐེར་བཅོས་སྐྱོང་ཆེད་དོན་འགུལ་སྐྱོད་བཀོད་སྒྲིག་ཚོགས་འདུའི་དགོངས་དོན་ལག་བསྟར་ནན་ཏན་བྱེད་པ་དང་། དྲིལ་སྒྲོག་བྱེད་ཤུགས་སྔར་ལས་ཆེར་བསྐྱེད་པ། སྤྱི་ཚོགས་ཡོངས་ཟབ་ཞུགས་བྱས་ནས་རྒན་གསོ་མགོ་སྐོར་ལ་རྡུང་རྡེག་དག་ཐེར་བཅོས་སྐྱོང་གི་ཁོར་ཡུག་ལེགས་པོ་བསྐྲུན་པར་ལྷུར་བླངས་ཏེ། མིག་སྔར་ཡུས་ཧྲུའུ་ཁུལ་དམངས་སྲིད་ཅུའུ་ཡིས་རྒན་གསོ་ཞབས་ཞུ་མགོ་སྐོར་ལ་རྡུང་རྡེག་དག་ཐེར་བཅོས་སྐྱོང་ཆེད་དོན་འགུལ་སྐྱོད་སྤེལ། 

ཡུས་ཧྲུའུ་ཁུལ་དམངས་སྲིད་ཅུའུ་ཡིས《ཡུས་ཧྲུའུ་ཁུལ་རྒན་གསོ་ཞབས་ཞུ་ཁྱབ་ཁོངས་ཀྱི་མག་སྐོར་གནད་དོན་དོགས་ཟོན་ཐག་གཅོད་བྱ་བའི་ལག་བསྟར་ཇུས་གཞི》བཟོས་ཤིང་། ཁུལ་ཡོངས་ཀྱི་དམངས་སྲིད་མ་ལག་གིས་ཆེད་དོན་འགུལ་སྐྱོད་བརྒྱུད་ཕྱོགས་ཡོངས་ནས་རྒན་གསོ་ཞབས་ཞུ་མགོ་སྐོར་ཉེན་ཁའི་རྐྱེན་ངན་གྱི་གནས་ཚུལ་མཐའ་དག་རྟོགས་པར་བྱེད་པ་དང་། རྒན་པའི་ཉེ་འགྲམ་ནས་བྱུང་བའི་རྒན་པའི་ཁེ་ཕན་ལ་གནོད་པའི་མི་དང་དོན་དག་ལ་དམིགས་པ། རྒན་གསོ་ཞབས་ཞུ་མགོ་སྐོར་གནད་དོན་རྩ་བའི་ཐོག་ནས་དོགས་ཟོན་དང་ཐག་གཅོད་བྱེད་པ། རྒན་པའི་ཁྲིམས་སྐྱོང་འདུ་ཤེས་དང་མགོ་སྐོར་རྟོགས་པ་དང་འགོག་པའི་ནུས་པ་ཇེ་དྲག་ནུས་ལྡན་གཏོང་བ། ཉེན་ཁ་གསར་པ་འབྱུང་བར་སྟོབས་ཤུགས་ཡོད་དགུས་འགོག་པ། རྒན་གསོ་ཞབས་ཞུ་ཁྱབ་ཁོངས་ཀྱི་བདེ་འཇགས་བརྟན་ལྷིང་ལ་ཁག་ཐེག་བྱེད་དགོས་པའི་བླང་བྱ་བཏོན། 

དུས་མཚུངས་སུ། ཁུལ་ཡོངས་ཀྱི་ཁྱབ་ཁོངས་ཀྱི་རྒན་གསོ་ཞབས་ཞུ་ལས་ཁུངས་སུ(ཐོ་འགོད་མ་བྱས་ཀྱང་སྔར་རྒན་གསོ་ཞབས་ཞུ་ཁྱབ་ཁོངས་སུ་ལས་གཉེར་བྱེད་སྒོ་སྤེལ་བ)ཕྱོགས་ཡོངས་ནས་གསལ་རྟོགས་གྲལ་བཤེར་སྤེལ། རྒན་གསོ་ཞབས་ཞུ་ལས་ཁུངས་ཀྱི་གཉེར་སྐྱོང་བྱེད་པོ་དང་ཚོང་གཉེར་རྣམ་པ་སོགས་ཀྱི་གནས་ཚུལ་ལ་གཙོ་གནད་གྲལ་བཤེར་བྱེད་པ། རྒན་གསོ་ཞབས་ཞུ་ཁྱབ་ཁོངས་སུ་གཏན་འབེབས་རིན་གོང་ལྟར་དངུལ་མ་བསྡུས་པར“རྒན་གསོ་ཞབས་ཞུ”མཁོ་འདོན་དང“རྒན་གསོ་ལས་གཞིར”དངུལ་གཏོང་བ་སོགས་ཀྱི་རྣམ་པ་བརྒྱུད་ནས་ཁྲིམས་འགལ་དངུལ་སྡུད་དམ་མགོ་སྐོར་བྱ་སྤྱོད་སྤེལ་བར་གཙོ་གནད་དུ་བཟུང་ནས་རྡུང་རྡེག་དག་ཐེར་བཅོས་སྐྱོང་བྱས། རྒྱུས་ལོན་པ་ལྟར་ན། མིག་སྔར་བར་དུ། ཁུལ་ཡོངས་ཀྱི་རྒན་གསོ་ཞབས་ཞུ་ཁྱབ་ཁོངས་སུ་གནད་དོན་འདིའི་རིགས་ད་སྔ་བྱུང་མི་འདུག 

རྩོམ་སྒྲིག་པ། : གསང་བདག་རྒྱལ།