ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཁུལ་ཐོག་མ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2022-06-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས15ཉིན་གྱི་སྔ་དྲོར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་དང་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས་མཉམ་དུ་བསྐྲུན་པའི་རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོང་ཁུལ་མ་ལག་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་དེ་མཚོ་བྱང་ཁུལ་དུ་སྤེལ་མགོ་བརྩམས།

མཚོ་བྱང་ཁུལ་དེ་ཞིང་ཆེན་ཡོངས་དང་ཐ་ན་རྒྱལ་ཡོངས་ཀྱི་སྐྱེ་ཁམས་བདེ་འཇགས་ཁྲོད་གནད་འགག་ཆེ་བའི་གོ་གནས་ཡོད་ཅིང་། རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོང་ཁུལ་མ་ལག་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པ་བརྒྱུད་དེ། རང་བྱུང་སྲུང་སྐྱོང་ཁུལ་ལེགས་སྒྱུར་སྡེབ་སྒྲིག་དང་རང་བྱུང་སྲུང་སྐྱོང་ཁུལ་གྱི་དོ་དམ་ལམ་ལུགས་གསར་སྐྲུན། རང་བྱུང་སྲུང་སྐྱོང་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མི་དང་རང་བྱུང་འཆམ་མཐུན་མཉམ་གནས། རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་། བྱེ་ཐང་འཁྱགས་རོམ་མ་ལག་སྲུང་སྐྱོང་དང་སླར་གསོ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བཅས་ཕྱོགས་དྲུག་ནས་ཞིང་ཆེན་ཡོངས་ཀྱི་དཔེ་སྟོན་གྲུབ་པར་བརྩོན་ལེན་བྱེད་དགོས། དུས་མཉམ་དུ། རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོང་ཁུལ་མ་ལག་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པ་བརྒྱུད་དེ། མཚོ་བྱང་གི་གཏམ་རྒྱུད་ལེགས་པར་བརྗོད་པ་དང་། དམངས་ཡོངས་མཉམ་ཞུགས་དང་རང་བྱུང་སྲུང་ཁུལ་འཛུགས་སྐྲུན་ལ་སྔར་ལས་ལྷག་པར་ཤུགས་བསྣན་ཏེ། རང་བྱུང་སྐྱེ་ཁམས་ཀྱི་རང་འགུལ་རང་བཞིན་དང་རང་རྟོགས་རང་བཞིན་ལ་ཁྲིམས་ལྟར་སྲུང་སྐྱོང་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱིས་རང་བྱུང་སྐྱེ་ཁམས་ལ་སྲུང་སྐྱོང་བྱེད་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་ཡག་པོ་བསྐྲུན་དགོས།

མིག་སྔར། རང་ཞིང་གིས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་བགྲོད་ལམ་སྟེང་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་དེ། རྒྱལ་ཡོངས་ཀྱི་རྒྱལ་ཁབ་སྤྱི་གླིང་གསུམ་འཛུགས་སྐྲུན་བྱེད་བཞིན་ཞིང་ཆེན་ཁོ་ན་ཡིན་པས། མཚོ་བྱང་ཁུལ་གྱིས་སྐྱེ་ཁམས་ལེགས་ཆ་འདོན་སྤེལ་དང་བེད་སྤྱོད་གང་ལེགས་བྱས་ཏེ། ཕྱོགས་ཡོངས་ནས་ནགས་ཚལ་དང་རྩྭ་ཐང་། བརླན་ས། བྱེ་ཐང་བཅས་སྐྱེ་ཁམས་མ་ལག་སྲུང་སྐྱོང་སླར་གསོ་དང་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོང་ལ་ཤུགས་སྣོན་པ་དང་། མཚོ་བྱང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་ཆད་མེད་པར་སྐས་རིམ་གསར་བ་སྟེང་དུ་བསླེབ་པར་སྐུལ་འདེད་གཏོང་བཞིན་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།