ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་གྱིས་གཉེན་སྒྲིག་ཐོ་འགོད་ལས་དོན་གྱི་ཞིབ་སྲོལ་གཏན་འབེབས་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-06-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས14ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་ནས་ཤེས་རྟོགས་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་གཉེན་སྒྲིག་ཐོ་འགོད་ཚད་ལྡན་ཅན་དུ་བསྒྱུར་བའི་དོ་དམ་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་བ་དང་། གཉེན་སྒྲིག་དོ་བདག་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་། གཉེན་སྒྲིག་དང་ཁྱིམ་ཚང་འཆམ་མཐུན་ཡོང་བ་བཅས་ལ་སྐུལ་འདེད་གཏོང་ཆེད། ཉེ་ཆར། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་གིས《མཚོ་སྔོན་གྱི་གཉེན་སྒྲིག་ཐོ་འགོད་ལས་དོན་གྱི་ཞིབ་སྲོལ》(གཤམ་དུ《ཞིབ་སྲོལ》ཞེས་བསྡུ་རྒྱུ་ཡིན)བཏོན་པ་དང་། 《ཞིབ་སྲོལ》ནང་བསྡོམས་པས་ལེའུ14དང་དོན་ཚན153ཡོད། གཙོ་བོ་རིམ་པ་སོ་སོའི་གཉེན་སྒྲིག་ཐོ་འགོད་ཁྲུའུ་དང་གཉེན་སྒྲིག་ཐོ་འགོད་པའི་འགན་འཁྲི་གཙོ་བོར་དམིགས་ནས། གཉེན་སྒྲིག་ཐོ་འགོད་ཀྱི་ཞིབ་ཕྲའི་ཆ་རྐྱེན་དང་། དགོས་ངེས་ཀྱི་སྲ་ཆས་དང་ཚད་གཞི། གཉེན་སྒྲིག་ཐོ་འགོད་ཀྱི་འབྲེལ་ཡོད་བརྒྱུད་རིམ་དང་འགྲོ་ལུགས་སོགས་ཀྱི་ཐད་ཞིབ་ཕྲའི་གཏན་འབེབས་བྱས་ཡོད། ། 

རྩོམ་སྒྲིག་པ། : བདེ་ལེགས་མཚོ།