ཀྲུང་གོ་བོད་ཀྱི་དྲ་བ།

དབྱང་ཧྥིན་ཁྲུན་གྱིས་ཟི་ལིང་གྲོང་ཁྱེར་ཡུལ་སྐོར་ལས་རིགས་ཀྱི་ལས་ཐོན་སླར་གསོ་བྱ་བར་རྟོག་ཞིབ་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-06-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས15ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་དབྱང་ཧྥིན་ཁྲུན་ཟི་ལིང་གྲོང་ཁྱེར་གནས་སྐོར་ལས་རིགས་སུ་སོང་ནས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ་དང་། གནས་སྐོར་ལས་རིགས་ཀྱི་ལས་ཐོན་སླར་གསོ་བྱ་བར་རྟོག་ཞིབ་བྱས། ཁོ་སྔ་གཞུག་ཏུ་ནུབ་རྒྱུད་གུང་གསེང་རྒྱལ་སྤྱིའི་ཡུལ་སྐོར་ཁང་དང་། མཚོ་སྔོན་ཡུན་མེ་རྒྱལ་སྤྱིའི་ཡུལ་སྐོར་ཁང་། མཚོ་སྔོན་ཞི་པེ་ཅའོ་སྡེ་ཚོགས་སོགས་ལ་སོང་ནས། ཁེ་ལས་ཀྱི་འགན་ཁུར་མི་སྣ་དང་གླེང་མོལ་བྱས་ཏེ། ཁེ་ལས་ཀྱི་ཚོང་གཉེར་དོ་དམ་དང་ཁེ་ལས་ཀྱི་དཀའ་ཁག་སེལ་བའི་རོགས་འདེགས་སྲིད་ཇུས་ལག་བསྟར་བྱེད་པ། མི་སྣ་གསོ་སྦྱོང་བྱེད་པ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་པ་དང་། དེའི་ཐད་གནས་པའི་དཀའ་ཁག་གསལ་བོར་དྲིས་པ་དང་། གནས་སྐོར་སླར་གསོ་འཕེལ་རྒྱས་ཐད་ཀྱི་བསམ་འཆར་བསྡུ་ལེན་བྱས།

དབྱང་ཧྥིན་ཁྲུན་གྱིས་ནན་གྱིས་བསྟན་དོན། འཕེལ་རྒྱས་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་དཔལ་འབྱོར་ཇེ་བརྟན་དུ་གཏོང་བའི་སྲིད་ཇུས་སློབ་སྦྱོང་བཟང་བོ་བྱེད་པ་དང་། ཞིབ་འཇུག་གསལ་བོ་བྱེད་པ། བཀོལ་སྤྱོད་བཟང་བོ་བཅས་བྱས་ནས། རིག་གནས་ཡུལ་སྐོར་ཁེ་ལས་ཀྱི་དཀའ་ཁག་སེལ་བར་རོགས་འདེགས་བྱེད་དགོས། རིམས་ནད་འགོག་སྡོམ་དང་ཡུལ་སྐོར་འཕེལ་རྒྱས་སུ་གཏོང་བར་གཅིག་འདོམས་བྱེད་པ་དང་། བསམ་བློ་དང་བྱ་བའི་གྲ་སྒྲིག་བཟང་བོ་བྱེད་པ། རིམས་ནད་རྗེས་ཀྱི་འགྲུལ་བའི་དགོས་མཁོ་གཙོ་བོར་འཛིན་པ། གནས་སྐོར་ཐོན་རྫས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། ལམ་ཕྱོགས་ཇུས་འགོད་ཇེ་ལེགས་སུ་གཏོང་བ། མཁོ་འདོན་ལ་གསར་གཏོད་འགན་སྲུང་བྱེད་པ། ཁྲིམས་སྲོལ་ལྟར་དོ་དམ་བྱེད་པ་བཅས་བྱས་ཏེ། ཡུལ་སྐོར་ལས་རིགས་གོ་རིམ་ལྡན་པའི་ངང་སླར་གསོ་བྱེད་པ་དང་སྤུས་ཚད་མཐོར་འདེགས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། ལས་རིགས་རང་གཅུན་ལ་ཤུགས་སྣོན་པ་དང་། ལས་རིགས་ཀྱི་ཚད་གཞི་འཐུས་ཚང་དུ་གཏོང་བ། ཚོང་གཉེར་སྤྱོད་ཚུལ་ཚད་ལྡན་དུ་གཏོང་བ། བདེ་འཇགས་ཀྱི་ཚད་མཐའ་བརྟན་སྲུང་བྱེད་པ། ཁོར་ཡུག་བཟང་བོ་བསྐྲུན་པ། རབ་མཛེས་ཀྱི་སྣང་བརྙན་ལ་སྲུང་སྐྱོབ་བྱེད་པ་བཅས་བྱས་ནས། ཡུལ་སྐོར་པའི་ཡུལ་སྐོར་འཚོ་བ་སྐྱིད་པོ་ཞིག་ཡོང་བར་ཁག་ཐེག་བྱེད་དགོས།  །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།