ཀྲུང་གོ་བོད་ཀྱི་དྲ་བ།

པད་མ་རྫོང་གིས་བྱེད་ཐབས་སྣ་མང་སྤྱད་དེ་དམངས་འཚོའི་འགན་སྲུང་བརྟན་བརླིང་ངང་འཕེལ་རྒྱས་བྱུང་བར་སྐུལ་འདེད་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-06-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དམངས་འཚོ་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་དང་ཧུར་ཐག་གིས་དམངས་འཚོར་ཕན་པ་བསྐྲུན་ཆེད། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་གིས་དམངས་འཚོ་འགན་ལེན་དང་ཇེ་ལེགས་སུ་གཏོང་རྒྱུ་དེ་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་དང་གྲོང་གསེབ་དར་སྤེལ་འབྲེལ་མཐུད་བྱེད་པའི་ལས་དོན་གལ་ཆེན་ཞིག་ཏུ་བརྩིས་ནས། དམངས་འཚོ་འགན་ལེན་གྱི་མཐའ་ཚད་ཁྱོན་ཡོངས་ནས་བསྐྲུན་ཏེ། བཅོས་སྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་རྫོང་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་ལ་དེ་ལས་མང་བ་དང་དེ་ལས་འདྲ་མཉམ་གྱི་ཕན་བདེ་སྐྲུན། 

དེ་དང་ཆབས་ཅིག མ་དངུལ་སྒོར་ཁྲི7632ཧུར་ཐག་གིས་བརྩོན་ལེན་བྱས་ནས། རྫོང་ཡོངས་ཀྱི་འོས་འགན་སློབ་གསོའི་སློབ་གྲྭར་ལེགས་སྒྲིག་བྱེད་པ་དང་། རང་འགུལ་ངང་སློབ་གསོའི་དཔུང་ཁག་དང་དགེ་རྒན་གྱི་ཀུན་སྤྱོད་ལ་དག་ཐེར་བྱེད་པ། དགེ་རྒན་གྱི་ལས་གནས་ལེགས་སྒྲིག་གི་བྱ་བའི་ཇུས་གཞི་བཟོ་བ། གཞི་རིམ་གྱི་སློབ་གཉེར་ཞན་ཆ་ཁ་གསབ་བྱེད་པ། སློབ་གསོའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས། རྫོང་ཡོངས་ཀྱི་སློབ་གསོ་དང་སློབ་ཁྲིད་ཀྱི་སྤུས་ཚད་མངོན་གསལ་དོད་པོས་མཐོར་འདེགས་སུ་ཕྱིན། 

དེ་ལས་གཞན། “སྔོན་ལ་སྨན་ཁང་དུ་ཞག་སྡོད་བྱས་ཏེ་རྗེས་སུ་རྩིས་རྒྱག་པ”དང“དྲུག་འཕྲི”སྲིད་ཇུས་ལག་བསྟར་བྱེད་པ་དང་། “གཅིག་བསྡུས་ཞབས་ཞུ”ལག་བསྟར་དོན་འཁྱོལ་བྱེད་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་བདེ་ཐང་ཡིག་ཚགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། བདེ་ཐང་དབུལ་སྐྱོར་གྱི་རོགས་སྐྱོབ་མ་དངུལ་དོན་འཁྱོལ་བྱེད་པ། ས་གནས་ཀྱི་ནད་རིགས་འགོག་བཅོས་ལས་དོན་ཏན་ཏིག་གིས་སྤེལ་བ་བཅས་བྱས་ནས། ཁོངས་གཏོགས་ཁུལ་གྱི་དམངས་ཡོངས་ལ་ཞིབ་བཤེར་བྱས་པ་དང་ཞིབ་བཤེར་ཚད100%ཟིན།  སྤྱི་ཚོགས་འགན་སྲུང་ཐད། རྫོང་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁེ་ལས་ལས་བཟོའི་གཞི་རྩའི་རྒན་གསོའི་འགན་བཅོལ་དང་། ལས་རྨས་འགན་བཅོལ། ལས་ཁུངས་དང་བྱ་གཞག་ལས་ཁུངས་ཀྱི་རྒན་གསོའི་འགན་བཅོལ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྤྱི་ཚོགས་རྒན་གསོའི་འགན་བཅོལ། གཞི་རྩའི་སྨན་བཅོས་འགན་བཅོལ་བཅས་ནང་ཞུགས་པའི་མི་ཐེངས་ཁྲི3.75ཟིན་པ་དང་།《གཞི་གྲངས་དོགས་གནད་ཡོད་པའི་གནད་དོན་བཅོས་སྒྲིག་འགན་འཁྲིའི་གསལ་ཐོ》བཟོས་ནས། གཞི་གྲངས་དོན་ཚན193ལ་ཞིབ་བསྡུར་བྱས་པ་དང་། དོན་ཚན103བཅོས་སྒྲིག་བྱས། ། 

རྩོམ་སྒྲིག་པ། : བདེ་ལེགས་མཚོ།