ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིང་གིས་ལས་ཁུངས་ཀྱི་སྤྱོད་ཚུལ་འཛུགས་སྐྱོང་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པར་མྱུར་དུ་བཀོད་སྒྲིག་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-06-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས13ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིང་གིས་ལས་ཁུངས་ཀྱི་སྤྱོད་ཚུལ་འཛུགས་སྐྱོང་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་འཚོགས་ནས། མྱུར་དུ་ཞིང་ཆེན་ཡོངས་ཀྱི་སྤྱོད་ཚུལ་འཛུགས་སྐྱོང་བྱ་བའི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད། ཐིང་ཁོངས་གཏོགས་ལས་ཁུངས་ཀྱི་སྤྱོད་ཚུལ་འཛུགས་སྐྱོང་ལ་བཀོད་སྒྲིག་བྱས་ཏེ་བྱ་ཐབས་སྔོན་ལ་ལག་བསྟར་དང་མིག་དཔེ་འདོན་པར་སྐུལ་འདེད་བཏང་། 

གྲོས་ཚོགས་སྟེང་བསྟན་དོན། སྐབས་གསར་པའི་ཞིང་ཆེན་ཏང་ཨུས་སྤྱོད་ཚུལ་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱེད་བཞིན་ཡོད། ཐིང་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་སྤྱོད་ཚུལ་འཛུགས་སྐྱོང་གི་གལ་ཆེའི་རང་བཞིན་དང་། དགོས་ངེས་རང་བཞིན། དགོས་གཏུག་རང་བཞིན་བཅས་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་བསམ་བློ་དང་བྱ་སྤྱོད་ཞིང་ཆེན་ཨུ་ལྷན་གྱི་བཀོད་སྒྲིག་སྟེང་ནན་ཏན་གྱིས་གཅིག་གྱུར་ཡོང་བར་བྱས་ཏེ། བསམ་བློའི་རང་རྟོགས་དང་ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། “སྤྱོད་ཚུལ་བཞི་”དང་དེ་བཞིན་བསམ་བློའི་སྤྱོད་ཚུལ་དང་། བྱ་བའི་སྤྱོད་ཚུལ། སློབ་སྲོལ་སོགས་ལ་དམིགས་ནས་གནད་དོན་བཙལ་ནས་བསམ་འཆར་དང་གྲོས་གཞི་རྒྱ་ཁྱབ་ཏུ་འཚོལ་བསྡུ་བྱེད་པ་དང་། གནད་དོན་རྩིས་ཐོ་བཟོ་བ། ཐོ་བསུབ་ལམ་ལུགས་ལག་བསྟར་བཅས་བྱས་ཏེ་ཆེད་དོན་རྩ་འཛུགས་འཚོ་བའི་གྲོས་ཚོགས་འཚོགས་པ་བརྒྱུད་ནས་རྒྱུ་རྐྱེན་ལ་དབྱེ་ཞིབ་གཏིང་ཟབ་དང་། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱེད་པ་བརྒྱུད་ནས་གནད་དོན་དག་ཐེར་ཡོ་བསྲང་བྱེད་པར་སྐུལ་འདེད་གཏོང་དགོས། “སྤྱོད་ཚུལ་ཇེ་ལེགས་སུ་གཏོང་བ་དང་། ཕན་ནུས་ཆེ་རུ་གཏོང་བ། གཞི་རིམ་ལ་ཞབས་འདེགས་ཞུ་བ། རྩེ་གྲར་བརྩོན་ལེན་བྱེད་པ”བཅས་ཀྱི་བརྗོད་དོན་གཙོ་བོར་དམིགས་ཏེ། “གསར་གཏོད་ཀྱི་འདུ་ཤེས་དང་ལེགས་བཅོས་ལམ་སྲོལ་གྱི་གྲོས་བསྡུར་ཆེན་པོ”དང་། “ངས་ལས་དོན་བསྒྲུབ་པར་ནོར་འཁྲུལ་མེད་པ་དང་ང་ལ་བྱ་བ་སྤྲད་པར་བློ་བདེ་མོ་བྱོས”སོགས་ཀྱི་བྱེད་སྒོ་ནན་ཏན་གྱིས་སྤེལ་བ་དང་། “ཞབས་ཞུ་གསུམ”གྱི་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་བཏང་། “བྱ་སྤྱོད་ཡོད་ཚད་དྲུག”མཐའ་གཅིག་ཏུ་བཅོས་སྒྲིག་བྱེད་པ་དང་། འགན་འཁྲིའི་འདུ་ཤེས་ཟབ་མོ་མེད་པ་དང་ལས་དོན་ཞིབ་ཚགས་མིན་པ། སྤྱོད་ཚུལ་དོན་དངོས་མིན་པ། འགག་སྒོ་ནན་མོ་མིན་པ། སྤུས་ཚད་མཐོན་པོ་མེད་པ་སོགས་ཀྱི་གནད་དོན་ལ་དམ་དུ་དམིགས་ཏེ། གོང་གིས་འོག་ལ་སྣེ་ཁྲིད་པར་མཐའ་འཁྱོངས་དང་། “གནད་འགག་ཉུང་ཤས”མངོན་གསལ་དོད་པོ་ཡོང་བ་བྱེད་པ། རྣམ་འགྱུར་གྱི་ཐོག་ནས་གནད་དོན་དག་ཐེར་ལ་མཐའ་གཅིག་ཏུ་དམ་འཛིན་བཅས་བྱེད་དགོས། ཞིབ་ཕྲ་དང་གནད་འཁེལ། ཡང་དག་བཅས་ལ་དམ་པོར་དམིགས་ནས“མིག་སྔར་གྱི་བཅོས་སྒྱུར”དང“ཡུན་རིང་བརྟན་པོ”གཉིས་ཟུང་འབྲེལ་བྱེད་པ་མཐའ་འཁྱོངས་བྱས་ཏེ། ཞན་ཆ་ཁག་གཅིག་མགྱོགས་མྱུར་སྒོས་གསབ་པ་དང་། བྱ་བའི་ལམ་ལུགས་ཁག་གཅིག་ཚད་ལྡན་དུ་གཏོང་བ། བྱ་བའི་ལམ་སྲོལ་ཁག་གཅིག་ལ་འགྱུར་ལྡོག་གཏོང་བ་བཅས་བྱས་ཏེ་སྤྱོད་ཚུལ་ཇེ་ལེགས་སུ་གཏོང་བ་དང་། བྱང་ཚད་མཐོ་རུ་གཏོང་བ། ཕན་ནུས་ཆེ་རུ་གཏོང་བ་བཅས་ལ་སྐུལ་འདེད་བཏང་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་ལེགས་པར་རྩོམ་ཆེད། སྲ་ཞིང་བརྟན་པའི་སྤྱོད་ཚུལ་གྱི་འགན་ལེན་མཁོ་འདོན་བྱེད་དགོས་པར་བསྟན། །


རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།