ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་ཆེད་དོན་གྲོས་ཚོགས་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-06-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས15ཉིན། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་ཆེད་དོན་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་དང་། དེ་བཞིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གནང་ནས་ལོ་གཅིག་འགོར་བའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལ་ནན་ཏན་གྱིས་སློབ་སྦྱོང་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་རེན་གཞོན་པ་ཚུང་ལེ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས་ནས་གཏམ་བཤད་གནང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་ཝང་ལི་མིང་དང་། ཏང་ཙུའུ་ཁོངས་མི་མ་ཝེ། ཉའོ་ཁྲིན་ཡུན། ཀྲང་ཧོང་ཡོན། ཅ་དབྱིང་ཀྲུང་བཅས་གྲོས་ཚོགས་ལ་ཞུགས་ཡོད་པ་རེད།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། མི་དམངས་འཐུས་མི་ཚོགས་ཆེན་ནི་ཏང་གི་མགོ་ཁྲིད་འོག་གི་ཆབ་སྲིད་ལས་ཁུངས་ཡིན། ཏང་གིས་ཁྱོན་ཡོངས་ལ་མགོ་ཁྲིད་བྱེད་པར་མཐའ་འཁྱོངས་ཀྱིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས། “འདུ་ཤེས་བཞི”གཏིང་ཟབ་ཏུ་གཏོང་བ་དང་། “ཡིད་ཆེས་བཞི”སྲ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ཏེ་རང་རྟོགས་ངང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་དང་བཞུགས་མོལ་ཚོགས་འདུའི་དགོངས་དོན་སློབ་སྦྱོང་བྱ་རྒྱུ་ནི་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་སློབ་སྦྱོང་དང་ཟུང་འབྲེལ་བྱས་ཏེ་དཔེ་བསྡུར་ཚད་བསྡུར་ཟུང་འབྲེལ་དང་། སློབ་སྦྱོང་དང་བསམ་བློ་ཟུང་འབྲེལ། སློབ་སྦྱོང་དང་ཞིབ་འཇུག་ཟུང་འབྲེལ། སྦྱོང་སྤྱོད་ཟུང་འབྲེལ་བཅས་ཐུབ་པ་བྱེད་དགོས། གསུང་བཤད་ཀྱི་དགོངས་དོན་མཛུབ་ཁྲིད་དུ་བྱས་ནས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ལ་དམ་དུ་དམིགས་ཏེ་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཏང་འཛུགས་སྐྱོང་དང་། ཁྲིམས་འཛུགས། ལྟ་སྐུལ་སོགས་ཀྱི་བྱ་བར་ཁྱོན་ཡོངས་ནས་ཤུགས་སྣོན་དང་། བྱ་བའི་གྲུབ་འབྲས་དངོས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ཕན་འབྲས་ལ་ཞིབ་བཤེར་དང་། ཕུལ་བྱུང་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་མ་བྱེད་དགོས། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།