ཀྲུང་གོ་བོད་ཀྱི་དྲ་བ།

དབྱང་ཧྥུན་ཁྲུན་མཚོ་སྔོན་ཚོང་ཚོགས་དང་སྐྱེ་ཁམས་དངོས་མང་བཤམས་སྟོན་ཚོགས་འདུའི་གྲ་སྒྲིག་ཚོགས་འདུར་ཞུགས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-06-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས14ཉིན། མཚོ་སྔོན་ཚོང་ཚོགས་དང་སྐྱེ་ཁམས་དངོས་མང་བཤམས་སྟོན་ཚོགས་འདུའི་གྲ་སྒྲིག་གྲོས་ཚོགས་བསྡུས་པ་དང་། གྲ་སྒྲིག་བྱ་བའི་གནས་ཚུལ་ལ་ཉན་པ་དང་གཙོ་གནད་ལས་འགན་བཀོད་སྒྲིག་བྱས། ཧྲིན་ཀྲང་གཞོན་པའམ་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དབྱང་ཧྥུན་ཁྲུན་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད།

དབྱང་ཧྥུན་ཁྲུན་གྱིས་བསྟན་དོན། མཚོ་སྔོན་ཚོང་ཚོགས་དང་སྐྱེ་ཁམས་དངོས་མང་བཤམས་སྟོན་ཚོགས་འདུར་མཉམ་གྱིས་བསྡུས་པ་དེའི་དམིགས་ཡུལ་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་བསམ་བློ་ལག་ལེན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་བྱ་བའི་ཐད་ཀྱི་གསུང་བཤད་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ལག་ལེན་དོན་འཁྱོལ་བྱེད་པ། ཏན་ཏིག་གིས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་བའི་དགོངས་དོན་ལག་ལེན་དོན་འཁྱོལ་བྱས་ཏེ། ཀྲུང་དབྱང་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་དཔལ་འབྱོར་སྲིད་ཇུས་བྱེད་ཐབས་དོན་འཁྱོལ་ཡོང་བར་སྐུལ་འདེད་བཏང་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱས་ཏེ་མགྱོགས་མྱུར་སྒོས་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བྱེད་པ་དང་། “དེང་རབས་ཅན་དྲུག་གི་མཚོ་སྔོན་གསར་བརསྒོ་འབྱེད་མཐུན་སྦྱོར་གྱི་སྟེགས་བུ་གསར་སྐྲུན་བྱེད་པ་མངོན་འགྱུར་བྱེད་དགོས་ཞེས་བསྟན། 

དབྱང་ཧྥུན་ཁྲུན་གྱིས་ནན་གྱིས་བསྟན་དོན། ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ལས་ཁུངས་ཀྱིས་འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་བྱེད་པ་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་མཐོན་པོ་དང་སྤྱི་ཡོངས་ཀྱི་འདུ་ཤེས་མཐོར་འདེགས། བསམ་བློའི་ངེས་ཤེས་གཅིག་གྱུར་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་གྲ་སྒྲིག་བྱ་བ་སོ་སོ་ལེགས་པོར་སྒྲུབ་དགོས། བྱ་བའི་གཙོ་གནད་འབུར་ཐོན་དང་། སྐུ་མགྲོན་གདན་ཞུ་དང་ཚོང་འགུག་འགྲེམ་སྟོན། མགོ་རྩོམ་དང་མཇུག་སྒྲིལ། གླེང་སྟེགས་བྱ་འགུལ། ལས་གཞིའི་མིང་རྟགས་འགོད་པ། སྣེ་ལེན་ཞབས་ཞུ། ཁོར་ཡུག་གསར་སྐྲུན། གློག་སྒུལ་རླངས་འཁོར་འགྲན་བསྡུར་སོགས་ཀྱི་བྱ་བར་དམིགས་ནས་གྲ་སྒྲིག་བྱ་བ་དེ་ཞིབ་ཚགས་ཅན་དུ་གཏོང་དགོས། བསམ་བློའི་མཐའ་མཚམས་སྲུང་བ་དང་། རིམས་ནད་འགོག་སྡོམ་གཟབ་ནན། བདེ་འཇགས་ཐོན་སྐྱེད་དོན་འཁྱོལ་གྱིས་གྲ་སྒྲིག་བྱ་བ་སོ་སོ་འཐུས་ཚང་དུ་བཏང་ནས། ཉེན་ཁའི་རྩད་ཞིབ་ཤུགས་ཆེར་བཏང་ནས་བདེ་འཇགས་སྲ་བརྟན་དུ་གཏོང་དགོས། ལས་འགན་ལས་བགོས་གསལ་བོ་དང་མཐུན་སྦྱོར་ལ་ཤུགས་སྣོན། གནད་འགག་གི་གོ་རིམ་བཅས་ལ་དམིགས་ཏེ། བྱ་བའི་བྱེད་ཐབས་ཞིབ་ཚགས་སུ་གཏོང་བ་དང་ཞབས་ཞུ་འགན་སྲུང་ཇེ་ལེགས་སུ་བཏང་ནས། འགྲེམ་སྟོན་ཚོགས་འདུ་བདེ་བླག་ངང་སྤེལ་བར་ཁག་ཐེག་བྱེད་དགོས་ལ། གཡུར་དུ་ཟ་བའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་བ་རྒྱལ་ཁའི་ངང་འཚོགས་པར་བསུ་མ་བྱེད་དགོས། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།