ཀྲུང་གོ་བོད་ཀྱི་དྲ་བ།

རླབས་རིས་སྔོན་པོ་ཡམ་ཡོམ་གཡོ་བའི་མཚོ་སྔོན་པོ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་དང་ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-06-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1655256719773042.jpg

1655256724690178.jpg

1655256729508921.jpg

1655256734457052.jpg

2021ལོའི་ཟླ6པའི་ཚེས8ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས་མཚོ་སྔོན་པོའི་ལྷ་མོ་གཞོངས་སུ་ཕེབས་ཏེ་མཚོ་སྔོན་པོའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དང་སྐྱེ་ཁམས་སྣ་མང་རང་བཞིན་གྱི་སྲུང་སྐྱོང་བྱ་བར་ཡུལ་དངོས་སུ་རྟོག་ཞིབ་གནང་། 

2021ལོའི་ཟླ12པའི་ཚེས31ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་སར་ཤིས་ཚིག་ཁྲོད“རླབས་རིས་སྔོན་པོ་ཡམ་ཡོམ་གཡོ་བའི་མཚོ་སྔོན་པོ”ཞེས་ཁྱད་པར་དུ་བཏོན་ཡོད། རླབས་རིས་སྔོན་པོ་ཡམ་ཡོམ་གཡོ་བ་ནི། མཚོ་སྔོན་པོས་སྤྱི་ཁྱབ་ཧྲུའུ་ཅིར་བཞག་པའི་བག་ཆགས་ཟབ་མོ་ཡིན་ལ། མཚོ་སྔོན་གྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱིས་ལངས་གནས་སྔར་ལས་མཐོ་བ་དང་། སྟོབས་ཤུགས་སྔར་ལས་ཆེ་བ། དངོས་གཉེར་སྔར་ལས་བཟང་བའི་བྱེད་ཐབས་སྤྱད་ནས་མཚོ་སྔོན་པོར་སྲུང་སྐྱོབ་བྱེད་པའི་སྐུལ་ལྕག་ཀྱང་ཡིན། 

ལོ་གཅིག་འདས་པའི་རིང་ལ། མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་དང་། ཞིང་ཆེན་འབྲེལ་ཡོད་སྡེ་ཁག མཚོ་སྐོར་ས་ཁུལ་ཏང་ཨུའི་སྲིད་གཞུང་གིས་བཀའ་མངགས་ཡིད་ལ་དམ་པོར་བཟུང་ནས། འབད་འཐབ་ཆེན་པོས་མདུན་དུ་སྐྱོད་པ་དང་། སྟོབས་ཤུགས་མ་ལུས་གཅིག་ཏུ་བསྡུས་ནས་ཐུན་མོང་གིས་སྐུལ་འདེད་བྱས་པ། མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་གྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་དང་། བརླན་ས་སྲུང་སྐྱོབ་དང་སླར་གསོ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་སོགས་སྐྱེ་ཁམས་སྲུང་སྐྱོང་ལས་གཞི་སྔ་རྗེས་སུ་ལག་བསྟར་བྱས་པ། སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་དང་། མ་ལག་བཅོས་སྐྱོང་། འབྱུང་ཁུངས་བཅོས་སྐྱོང་བཅས་མུ་མཐུད་ཇེ་དྲག་ཏུ་བཏང་བ། སྐྱེ་ཁམས་མ་ལག་སྲུང་སྐྱོང་དང་སླར་གསོ་སྤྱི་འདོམས་སྐུལ་འདེད་བཏང་བ་བཅས་བྱས་པས། མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་མུ་མཐུད་དུ་ལེགས་བཅོས་བྱུང་། 

ད་ལྟའི་མཚོ་སྔོན་པོ་ནི“ཆུ་དང་བྱ་དང་ཉ”བཅས་མཉམ་གནས་བྱེད་པའི་སྐྱེ་ཁམས་དགའ་ཚལ་ཞིག་ཡིན་པར་མ་ཟད། མཚོ་སྐོར་ཁུལ་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི“ཚོད་ལྟའི་ཞིང་ར”ཞིག་ཏུ་ཡང་འགྱུར་བཞིན་ཡོད། 

“འཆམ་མཐུན་གྱི་མཛེས་སྡུག”ནི་ལྷ་མོ་གཞོངས་ཀྱི་སྐྱེ་ཁམས་མིང་བྱང་གསར་པར་གྱུར་ཡོད། 

དབྱར་ཁའི་དུས་འདིར། ང་ཚོ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞབས་རྗེས་བསྙེགས་ནས་ལྷ་མོ་གཞོངས་སུ་བསྐྱོད་པ་ཡིན། མིག་མདུན་དུ་མངོན་ཡོང་བ་ནི་ལྟ་བས་ཆོག་མི་ཤེས་པའི་མཛེས་ལྗོངས་ཤིག་སྟེ། མུ་མཐའ་མེད་པའི་མཚོ་སྔོན་པོ་དང་ནམ་མཁའི་མཐའ་གཉིས་གཞི་གཅིག་ཏུ་འབྲེལ་ཞིང་། ཆུ་བྱས་རང་དབང་གི་གཤོག་འགྱུར་རྩེན་ཞིང་གྲེ་འགྱུར་སྒྲོག་པ། མེ་ལོང་ལྟ་བའི་མཚོ་ངོས་སུ་གཡུ་ཡི་དབང་སྔོན་ལན་བརྒྱར་ཕྱིས་འདྲའི་ནམ་མཁའ་སྔོན་པོ་ལྡོག་འཕྲོས་སུ་སྣང་བ་སོགས་ག་ས་གང་དུ་རང་བྱུང་སྐྱེ་ཁམས་ཀྱི་མཛེས་སྡུག་གིས་ཁྱབ་པས་ན། ལྷ་ཡུལ་དངོས་སུ་མི་ཡུལ་དུ་འཕོས་པ་དང་ཡོངས་སུ་མཚུངས། 

“ལོ་རེ་བཞིན་བྱ་རིགས་སྔར་ལས་མང་པོ་ལྷ་མོ་གཞོངས་སུ་ཚང་འཇོག་ཏུ་ཡོང་ལ། དེ་དག་ཁྲོད་ཁྲུང་ཁྲུང་མགོ་ཁྲ་དང་སོ་བྱ། ཁྲུང་ཁྲུང་ཐལ་སྐྱ་སོགས་བྱ་ཡི་རིགས་བཅུ་ཕྲག་ལྷག་ཡོད། རིགས་སྤྱིའི་གྲངས་ཀ་ལོ་མང་པོར་བསྟུད་མར་འཕེལ་བ་དང་། 2021ལོར་ཁྲི57.1ལ་སླེབས། སྐྱེ་དངོས་སྣ་མང་རང་བཞིན་མུ་མཐུད་དུ་ཇེ་མང་དུ་འགྲོ་བཞིན་ཡོད་པས། སྐྱེ་ཁམས་ཀྱི་བྱེད་ནུས་སྤྱི་མུ་མཐུད་དུ་ཇེ་དྲག་ཏུ་སོང་།” མཚོ་སྔོན་པོ་མཛེས་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་རང་བྱུང་སྲུང་སྐྱོབ་ཚན་ཁག་གི་ཚན་གཙོ་སུང་ཅན་ཆིན་གྱིས་མཚོ་སྔོན་པོ་སྐྱེ་དངོས་རིགས་ཀྱི་འགྱུར་ལྡོག་གླེང་དུས་ཁྱིམ་གྱི་གཅེས་ནོར་བགྲང་བ་དང་མཚུངས། 

ལོ་ངོ16ལ་ཉེ་བར། སྐྱེ་དངོས་རིགས་སྲུང་སྐྱོང་བྱ་བ་གཉེར་བའི་སུང་ཅན་ཆིན་མཚོ་སྐོར་བྱ་གླིང་དང་མཚོ་སྙིང་སོགས་བྱ་རིགས་ཀྱིས་ཚང་བཅའ་བའི་གནས་དང་རྒོ་དམར་རིགས་སྤྱི་འདུས་ཁུལ་སོགས་གང་སར་བསྐྱོད་ཅིང་། སྐོར་ཞིབ་ཟིན་བྲིས་བཏབ་པའི་འབྲི་དེབ་དེ་དག་གིས་མཚོ་སྔོན་པོ་སྐྱེ་ཁམས་ཁོར་ཡུག་བཟང་ཕྱོགས་སུ་འཕེལ་བ་བདེན་དཔང་བྱེད་ཐུབ། 

དབྱར་ཁའི་བསིལ་རླུང་གིས་གདོང་ལ་བྱིལ་བྱིལ་བྱས་པ་ན། སྤྱི་ཁྱབ་ཧྲུའུ་ཅིས་གཟིགས་ཞིབ་གནང་སྐབས། “ང་དེ་སྔོན་གཙང་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོར་ལྟ་རུ་སོང་བ་ཡིན་ལ། ད་ཐེངས་ཆེད་དུ་མཚོ་སྔོན་པོར་ལྟ་རུ་ཡོང་བ་ཡིན”ཞེས་གསུངས་པའི་ཐུགས་བརྩེ་བའི་གསུང་སྐད་དེ་རྣ་ལམ་དུ་བསྒྲགས་ཡོང་བའི་སྣང་བ་སྐྱེས། 

“སྐྱེ་ཁམས་ནི་ཐོན་ཁུངས་དང་རྒྱུ་ནོར་ཡིན་ལ། ང་ཚོའི་རིན་ཆེན་གཏེར་མཛོད་ཀྱང་ཡིན།” “མཚོ་སྔོན་ནི་སྐྱེ་ཁམས་དཔལ་ཡོན་ཐད་ནས་འཐབ་ཇུས་གོ་གནས་ཧ་ཅང་གལ་ཆེ་ལ་གཏིང་ལྗིད། མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལེགས་པོ་དང་སྐྱེ་ཁམས་ཐོན་ཁུངས་སྲུང་སྐྱོང་ལེགས་པོ་བྱེད་དགོས” སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་གལ་ཆེན་གྱིས་མཚོ་སྔོན་པོ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་བགྲོད་ལམ་གསར་པར་བསྐྱོད་པར་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས་ཤིང་། སྟོབས་དང་ལྡན་པའི་སྒུལ་ཤུགས་བསྩལ་ཏེ། འཕེལ་རྒྱས་ཀྱི་དཔེ་རིས་ལེགས་པར་མཛད་ཡོད། 

སྤྱི་ཁྱབ་ཧྲུའུ་ཅིས་མཛད་པའི་འཕེལ་རྒྱས་ཀྱི་དཔེ་རིས་ཡག་པོ་དེ་མཛེས་སྡུག་གི་དངོས་ཡོད་དུ་བསྒྱུར་ཆེད་དང་། དུས་མཚུངས་སུ་ལྷ་མོ་གཞོངས་སོགས་མཚོ་སྔོན་པོ་མཐོ་སྒང་བརླན་སའི་སྐྱེ་ཁམས་མ་ལག་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་ཤུགས་སྣོན་པའི་སླད་དུ། 2021ལོའི་ཟླ10པའི་ཟླ་སྨད་དུ། མཚོ་སྔོན་པོ་མཛེས་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་ཡིས་རྩ་འཛུགས་བྱས་ཏེ་རྐང་ཚའི་ལྷ་མོ་གཞོངས་སྐྱེ་ཁམས་ཡུལ་སྐོར་མཐུན་སྦྱོར་འཕེལ་རྒྱས་ཇུས་གཞི(2021-2025ལོ)》(《ཇུས་གཞི》ཞེས་བསྡུ་རྒྱུ)བཟོས་ཤིང་། ད་ལོའི་ཟླ་དང་པོ་ནས་དངོས་སུ་ལག་བསྟར་བྱས། 《ཇུས་གཞི》ལས་ལྷ་མོ་གཞོངས་དེ“ཞི་ཅིན་ཕིང་གི་སྐྱེ་ཁམས་ཡུལ་སྐོར་དགོངས་པ་ལག་ལེན་སློབ་གསོའི་རྟེན་གཞི་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་སློབ་གསོ་རྟེན་གཞི། མཚོ་སྔོན་པོ་རང་བྱུང་སྐྱེ་ཁམས་རོལ་མྱོང་སློབ་གསོ་རྟེན་གཞི་བཅས་སུ་བསྐྲུན་པ་དང་། བསླད་མེད་འཕེལ་རྒྱས་ཁུལ་དཔེ་སྟོན་དཔེ་གཞི་ཆགས་པར་བྱེད་པའི”ཇུས་འགོད་ངེས་གནས་བཏོན་ཡོད། 

ལྷ་མོ་གཞོངས་ནི་མཚོ་སྔོན་པོ་རང་བྱུང་སློབ་གསོ་དང་སྐྱེ་ཁམས་རོལ་མྱོང་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། མཚོ་སྔོན་པོ་སྐྱེ་ཁམས་ཡུལ་སྐོར་གྱི་འཛིན་ལོང་གལ་ཆེན་ཞིག་ཡིན། མཚོ་སྔོན་པོ་མཛེས་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་དང་རྐང་ཚ་རྗོང་གཉིས་ཀྱིས་མངའ་ཁུལ་ནང་རོལ་གྱི་སྐྱེ་ཁམས་ཐོན་ཁུངས་སྦྲེལ་བ་དང་། རྐང་ཚ་རྫོང་ཁོངས་ཀྱི་སྐྱེ་ཁམས་ཡུལ་སྐོར་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ངོས་འཛིན་གཅིག་མཐུན་བྱུང་། རྐང་ཚ་རྫོང་གིས་དེར་སྟོབས་ཤུགས་ཆེན་པོས་རོགས་འདེགས་དང་མ་དངུལ་བསྡུ་རུབ་ལྷུར་བླངས་ནས། མཛེས་ལྗོངས་ཁུལ་ཕྱི་སྐོར་ལམ་འགྲམ་གཉིས་ཀྱི་ཁོར་ཡུག་བཅོས་སྒྲིག་དང་ཡུལ་ལྗོངས་རྣམ་པ་བཅོས་སྒྱུར་སྒོས། ལྷ་མོ་གཞོངས་དང་གསེར་ཉའི་ཁྱིམ་གཞིས་སྐྱེ་ཁམས་ཡུལ་སྐོར་མཛེས་ལྗོངས་ཁུལ་གཞི་གཅིག་ཅན་བསྐྲུན་པར་འབད་པ་བྱས། 

ལྷ་མོ་གཞོངས་སུ། སྒེག་པའི་ཉམས་ཀྱིས་རབ་ཏུ་ཕྱུག་པའི་མཐོ་སྒང་གི་ན་གཞོངས་ཀྱིས་ནི་ལེགས་པར་བརྒྱན་ཡོད་ལ། མཚར་སྡུག་རྨད་དུ་བྱུང་བའི་དུས་བཞི་འགྱུར་ལྡོག་གི་མཛེས་པས་ནི་མིག་གི་དྭངས་པ་འདྲེན་པར་བྱེད་ཅིང་། སྣ་ཚོགས་གཟུགས་ཀྱིས་རྣམ་པར་བྱོན་པའི་མི་རིགས་རིག་གནས་གོམས་སྲོལ་གྱིས་ནི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་པ་བཅས་ལ་བརྟེན། རང་བྱུང་གི་མཛེས་ལྗོངས་ལྟ་ན་སྡུག་པ་དང་མི་ཆོས་དམངས་སྲོལ་རིག་གནས་ཀྱི་ངོ་མཚར་བའི་བཀོད་པ་གཉིས་ནི་མཛེས་པའི་སྤུན་དུ་འཁྲུངས་ཤིང་གསོན་ཉམས་ལྡན་པའི་རི་མོར་གྲུབ། 

“མཉམ་འབྲེལ་ཆེན་མོ་དང་བཅོས་སྐྱོང་ཆེན་མོ་དང་སྲུང་སྐྱོང་ཆེན་མོའི”གནས་སྟངས་གསར་པས་མཚོ་སྐོར་ས་ཁུལ་འདྲེས་སྦྱོར་འཕེལ་རྒྱས་ཀྱི་སྣེ་ཁྲིད། 

མཚོ་སྔོན་པོ་སྐྱེ་ཁམས་སྲུང་སྐྱོང་དང་ཁོར་ཡུག་བཅོས་སྐྱོང་ཐད་བླངས་པའི་གྲུབ་འབྲས་ནི་ལས་སླ་མོས་ཐོབ་པ་མིན་པས། གཅེས་འཛིན་ལེགས་པོར་བྱས་ཏེ་མུ་མཐུད་དུ་སྲ་བརྟན་རྒྱ་སྐྱེད་གཏོང་དགོས། སྐྱེ་ཁམས་ནི་ང་ཚོའི་རིན་ཐང་བྲལ་བའི་ཐོན་ཁུངས་དང་རྒྱུ་ནོར་ཡིན། རྒྱལ་ཁབ་ཀྱི་སྐྱེ་ཁམས་འཐབ་ཇུས་དངོས་འབེབས་བྱེད་པ་དང་། གཙང་གསུམ་འབྱུང་ཡུལ་སོགས་རྒྱལ་ཁབ་སྤྱི་གླིང་ལམ་ལུགས་ཚོད་ལྟའི་གནས་ཀྱི་ཉམས་མྱོང་སྤྱི་སྡོམ་བྱེད་པ། རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པ་དང་། རང་བྱུང་སྲུང་སྐྱོང་ཁུལ་རྨང་གཞི་ཡིན་པ། རང་བྱུང་སྤྱི་གླིང་རིགས་ཀྱིས་ཁ་གསབ་བྱས་པའི་རང་བྱུང་སྲུང་སྐྱོང་གནས་ཀྱི་མ་ལག་འཛུགས་སྐྱོང་མྱུར་ཏུ་བྱེད་པ། རང་བྱུང་སྐྱེ་ཁམས་ལེགས་པར་སྲུང་བ། རང་བྱུང་ཐོན་ཁུངས་སྲུང་སྐྱོང་ལེགས་པོ་བྱས་ཏེ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱ་དགོས། 

2021ལོའི་ཟླ6པའི་ཚེས8ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་པོའི་ལྷ་མོ་གཞོངས་སུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱིས་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པར་ཁ་ཕྱོགས་གསལ་སྟོན་མཛད་ཡོད། 

མཚོ་སྔོན་པོའི་རྒྱ་ཁྱོན་ཤིན་ཏུ་ཆེ་བས། དེ་ཇེ་ཆུང་ཏུ་འགྱུར་མི་རུང་། མཚོ་སྔོན་པོ་རབ་ཏུ་མཛེས་བས། དེ་ཡི་ཁ་དོག་ཉམས་མི་རུང་། མཚོ་སྔོན་པོ་དྭངས་ཤིང་གསལ་བས། དེ་ལ་སྦས་བཙོག་ཐེབས་མི་རུང་། མཚོ་སྔོན་པོ་སྙན་གྲགས་ཆེ་བས། དེའི་མིང་རྫོད་མི་རུང་། 

ཡུན་རིང་མ་འགོར་བའི་སྔོན་ལ། རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡི་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་བྱ་བ་མགོ་རྩོམ་ཆོག་པའི་ལན་འབྱོར་བས། དེས་མཚོ་སྔོན་པོ་ཀྲུང་གོ་རྒྱལ་ཁབ་ཀྱི་ཆེས་མཛེས་པའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་ཤུགས་སྣོན་པའི་ཕྱོགས་སུ་སྐྱོད་བཞིན་ཡོད་པ་མཚོན་ལ། དེ་ནི་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་དང་། “རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་བྱེ་མ་འཁྱག་རོམ”བཅས་ཀྱི་མ་ལག་བཅོས་སྐྱོང་གི་སྐྱེ་ཁམས་མཛེས་ལྗོངས་ཞིག་ཡིན་པ་མཚོན་ཡོད། 

མཚོ་སྔོན་པོ་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུའུ་ཡིས་ཐོག་མཐའ་བར་གསུམ་དུ་མཉམ་འདྲེས་མཉམ་སྐྲུན་བྱེད་པ་ནི་མཚོ་སྔོན་པོའི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་ཤུགས་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་ཐབས་ལམ་གལ་ཆེན་དུ་བཟུང་ནས། སྤྱི་ཚོགས་ཡོངས་སུ“མཚོ་སྔོན་པོ་སྲུང་སྐྱོང་བྱེད་པར་ང་ནི་དང་བླངས་པ་ཞིག་ཡིན”ཞེས་པའི་འགུལ་སྤྱོད་རྒྱུན་མཐུད་སྒོས་གཏིང་ཟབ་ཏུ་སྤེལ་ནས། སྤྱི་ཚོགས་ཡོངས་ཀྱིས་མཚོ་སྔོན་པོར་ཐུན་མོང་སྒོས་སྲུང་སྐྱོང་བྱེད་པ་དང་མཉམ་དུ་སྐྱེ་ཁམས་རོལ་དབྱངས་དཀྲོལ་བར་སྐུལ་འདེད་བཏང་། 

ཕྱོགས་གཅིག་ནས་མཚོ་སྔོན་པོ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུའུ་དང་མཚོ་སྔོན་པའི་འགྲམ་རྒྱུད་ཀྱི་ཁུལ་དང་། རྫོང་བཅས་ཀྱི་ས་གནས་སྲིད་གཞུང་བར་མཉམ་སྐྲུན་དང་མཉམ་བཅོས། མཉམ་སྤྱོད་བཅས་ཀྱི་ལམ་སྲོལ་འཛུགས་པའི་སྟོབས་ཤུགས་ཆགས་པ་བྱས་ནས། མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོང་དང་རྒྱལ་ཁབ་སྤྱི་གླིང་འཛུགས་པར་སྐུལ་འདེད་ཤུགས་ཆེན་བཏང་། ཕྱོགས་གཞན་ཞིག་ནས་ཞིང་ཆེན་ཐད་གཏོགས་སྡེ་ཁག་བཙུགས་ནས་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་འབྲེལ་གཏུག་མཐུན་སྦྱོར་ལམ་སྲོལ་ཐུན་མོང་སྒོས་ལེགས་པར་བཙུགས་ནས་མཉམ་འབྲེལ་ཆེན་པོ་དང་། བཅོས་སྐྱོང་ཆེན་པོ། སྲུང་སྐྱོང་ཆེན་པོ་བཅས་ཀྱི་བྱ་བའི་རྣམ་པ་གསར་པ་ཞིག་ཆགས་པར་བྱས་ཡོད། གཞན་ཡང་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་ནུབ་བྱང་བརྟག་དཔྱད་འཆར་འགོད་ཇུས་འགོད་ཁང་སོགས་ཀྱི་ཚན་ཞིབ་ལས་ཁུངས་དང་འཐབ་ཇུས་མཉམ་ལས་ཀྱི་འབྲེལ་བ་བཙུགས་ནས། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་པའི་ཞིབ་འཇུག་བྱ་གཞི་གལ་ཆེན་དང་འཐབ་ཇུས་གལ་ཆེན་ལ་མཉམ་དུ་ཞིབ་འཇུག་བྱས་ནས། མཚོ་སྔོན་པོའི་འགྲམ་རྒྱུད་ཀྱི་ཆུ་ཚད་མཐོ་བའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་མཉམ་དུ་སྐུལ་འདེད་བཏང་།

མངགས་བཅོལ་དགོངས་དོན་ཟབ་ལ་འགན་འཁྲི་ལྕི། བརྩེ་བའི་རེ་སྨོན་ཐོས་འཛིན་ཡུལ་དུ་གཤགས། པུར་གྱིས་བྲིས་འདྲའི་མཚོ་སྔོན་གྱི་མཛེས་སྡུག་རྫོགས་པའི་སྐྱེ་ཁམས་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་ཁྲལ་བྱེད་པའི་ཞལ་གསུངས་དྲོན་མོ་ཡིན་པས། མཚོ་སྔོན་པོ་སྲུང་སྐྱོང་དང་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པ་ནི་མཚོ་སྔོན་ཞིང་ཆེན་གྱི་མི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱི་ཕྲག་ལ་བབས་པའི་འོས་འགན་ཡིན་ལ་འགན་འཁྲིའང་ཡིན།

ད་ལྟའི་མཚོ་སྔོན་པོའི་མཚོ་ཆུ་མུ་རུ་རྒྱས་ནས། སྔོན་གྱི་མཚོ་ཆེན་ཁྲི་ཤོར་རྒྱལ་མོའི་སྐྱེ་ཁམས་མུ་མཐུད་ཇེ་ལེགས་སུ་འཕེལ་བ་དང་། སྐྱེ་ཁམས་རིན་ཐང་ཉིན་རེ་བཞིན་མངོན་གསལ་དུ་ཕྱིན་ནས། རང་བྱུང་གི་ཉམས་འགྱུར་དང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་མཛེས་སྡུག འཕེལ་རྒྱས་ཀྱི་མཛེས་སྡུག འཆམ་མཐུན་གྱི་མཛེས་སྡུག་བཅས་ལྡན་པའི་རྒྱལ་ཁབ་སྤྱི་གླིང་དང་སྐྱེ་ཁམས་མཛའ་གྲོགས་དང་། ལྗང་མདོག་འཕེལ་རྒྱས། དཔལ་ཡོན་འཆམ་མཐུན། མི་དམངས་བདེ་སྐྱིད་ལྡན་པའི་དེང་རབས་ཅན་གྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཕྱོགས་ཡོངས་ནས་འཛུགས་པར་རྨང་གཞི་བརྟན་པོ་བཏིང་ཡོད།

“རབ་མཛེས་དྭངས་གཙང”མཚོ་སྔོན་པོའི་གཟུགས་བརྙན་གསར་པ་མངོན་པ།

ཁེ་རམས་ཐང་གི་ཤིང་ཟམ་སྟེང་ལངས་ནས་ཕྱོགས་བཞིར་རྒྱང་ལྟ་བྱས་ཚེ། ཆུ་ལག་དང་། གྲམ་ཐང་། ཆུ་སྐྱེས་རྩི་ཤིང་སོགས་སྐྱེ་ཁམས་མཛེས་ལྗོངས་ཀྱི་རིགས་ཕུན་སུམ་ཚོགས་པ་ཡོད་པ་དང་། རླབས་ཀྱི་ཕྲེང་བ་ཡོམ་ཡོམ་དུ་སྐྱོམ་ལ། བྱ་རིགས་མང་པོ་སྤྲིན་བཞིན་འཁོར་བས་དཔེ་མཚོན་གྱི་བརླན་སའི་ཉམས་འགྱུར་མངོན་ཡོད།

“གནས་འདིའི་ཆུའི་སྤུས་ཚད་ཇི་འདྲ་ཡིན་ནམ།” “བྱ་རིགས་ག་ཚོད་ཡོད་དམ།” “ཉ་བཟུང་མི་ཆོག་པའི་བྱེད་ཐབས་ཅི་ཡིན་ནམ། ” “མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་གི་ད་ལྟའི་གནས་ཚུལ་དང་སྲུང་སྐྱོང་ལས་དོན་ལ་དམིགས་ནས་སྤྱི་ཁྱབ་ཧྲུའུ་ཅིས་ཞིབ་ཕྲའི་བཀའ་འདྲི་གནང་།

ལོ་གཅིག་འདས་རྗེས། མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་སླར་ཡང་གྲུབ་འབྲས་གང་དག་ཐོབ་ཡོད་དམ།

“མིག་སྔའི་བར་མཚོ་སྔོན་པོའི་ཆུའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ4625.6བར་ཆེ་རུ་ཕྱིན་པ་དང་། ཕུའུ་ཧྲི་དགོ་བར་སྲུང་སྐྱོང་བྱས་པར་གྲུབ་འབྲས་མངོན་ལ། རི་སྐྱེས་སྲོག་ཆགས་ཁྱུ་ཚོགས་ཀྱི་གྲངས་འབོར་དུས་རབས་སྔོན་མའི་ལོ་རབས་དགུ་བཅུ་པར300མི་ལོན་པ་ད་ལྟ2800ལྷག་བར་གསོ་འཕེལ་བྱུང་ཡོད། བརླན་སའི་ཕྱོགས་སྟོན་རང་བཞིན་གྱི་སྐྱེ་དངོས་རིགས(ཆུ་བྱ)སྣ་མང་རང་བཞིན་གྱི་འཕར་ཚད་རིགས97(གསར་དུ་རྙེད་པའི་མའེ་བྱ་དང་ལའོ་ཝུན་ཆུ་བྱ)ལ་སླེབས་ཡོད། བརླན་སའི་གནད་འགག་རང་བཞིན་གྱི་སྐྱེ་དངོས་ཀྱི་རིགས(མཚོ་སྔོན་པོའི་གསེར་ཉ)འཕར་ནས་ཏུན་ཁྲི10.85ལ་སླེབས་ཡོད། རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད59.7%ལ་སླེབས་ཞིང་། བརླན་ས་སྲུང་སྐྱོང་བྱེད་ཚད་ཀྱིས69%ཟིན་ཡོད། ཆུའི་སྤུས་ཚད་ཇེ་ལེགས་སུ་ཕྱིན་པའི་བསྡུར་ཚད100%ཟིན་ཡོད”ཅེས་སུན་ཅན་ཆིང་གིས་གསོན་ཉམས་ལྡན་པའི་ངང་བརྗོད། 

ན་ནིང་ནས་བཟུང་། མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུའུ་ཡིས་མཚོ་སྔོན་པོའི་བརླན་ས་སྲུང་སྐྱོང་ཉམས་གསོ་དང་ཚན་ཞིབ་ལྟ་ཞིབ་ཚད་ལེན་མ་ལག་འཛུགས་སྐྲུན་བྱེད་པ་སོགས་ཀྱི་སྐྱེ་ཁམས་རྣམ་གྲངས་གཙོ་བོ་ཁག18ལག་བསྟར་བྱས་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར1.8ལྷག་ཙམ་བཏང་ཞིང་། བསྐྱར་ལོག་རྣམ་གྲངས་ཀྱི་གསོག་འཇོག་མཛོད་བཙུགས་ནས་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་དང་། སྲུང་སྐྱོང་སླར་གསོ། སྒྲིག་བཀོད་འཛུགས་སྐྲུན་སོགས་ཀྱི་རིགས་ཆེན་པོ3ལ་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར15ཙམ་བཏང་ནས་ལས་གཞིའི་རྣམ་གྲངས་ཁག15གྲབས་གསོག་བྱས་པས། མཚོ་སྔོན་པོའི་འགྲམ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་ཕྱོགས་བསྡུས་བཅོས་སྐྱོང་རྣམ་གྲངས་དེ་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་དང་ནགས་ཚལ་དང་རྩྭ་ཐང་གི་གཙོ་གནད་གསོག་འཇོག་མཛོད་ཀྱི་འདེགས་སྐྱོར་ནུས་པ་མཐོ་རུ་བཏང་ནས་ནུས་པ་ལྡན་པའི་རྣམ་གྲངས་ལག་བསྟར་བྱས།

མཚོ་སྔོན་པོའི་འགྲམ་རྒྱུད་ཀྱི་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་མ་ལག་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བྱས་པར། ཆུ་བོ་བཞུར་རྒྱུད་ཀྱི་བཟོ་གྲྭའི་ས་ཁུལ་གྱི་ཁྱབ་ཁོངས་ནང་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་གྱི་ས་ངོས་ཀྱི་ངེས་གནས་ལྟ་ཞིབ་ཚད་ལེན་ས་ཚིགས276བཀོད་སྒྲིག་བྱས་པ་དང་། མཚོ་སྔོན་པོའི་འགྲམ་རྒྱུད་ལ་ཁྱབ་པའི་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་ས་ཚིགས་ཀྱི་མ་ལག་དང་། ལྟ་ཞིབ་ཚད་ལེན་དང་དཔྱད་དཔོག་དམིགས་ཚད་མ་ལག སྐྱེ་ཁམས་ཁོར་ཡུག་གི་གཞི་གྲངས་ཞབས་ཞུའི་སྟེགས་བུ། རྣམ་གྲངས་ཀྱི་ཡིག་ཚགས་ཆ་འཕྲིན་ཅན་གྱི་དོ་དམ་མ་ལག་སོགས་ཐོག་མར་ཙམ་བཙུགས་ནས། སྐྱེ་ཁམས་སྲུང་སྐྱོང་དང་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་གཞི་གྲངས་དང་ལག་རྩལ་གྱིས་ནུས་པ་ལྡན་པའི་འདེགས་སྐྱོར་བྱས།

མཚོ་སྔོན་པོ་ནི་རང་རྒྱལ་གྱི་རྒྱ་ཁྱོན་ཆེས་ཆེ་བའི་མཚེའུ་ཞིག་ཡིན་པའི་ངོས་ནས། མཚོའི་མཐའ་འཁོར་གྱི་བརླན་སའི་ཁྱབ་རྒྱ་ཅུང་ཆེ་ལ། སྲུང་སྐྱོང་ཁུལ་དུ་རྒྱུན་པར་སྐོར་སྲུང་ལྟ་ཞིབ་ཚད་ལེན་བྱེད་པ་ནི་ཅུང་དཀའ་ཁག་ཆེ་བ་ཞིག་ཡིན་པ་སྨོས་མ་དགོས། ན་ནིང་ཟླ10པར“མི་མེད་གནམ་གྲུས”མཚོ་སྔོན་པོ་སྲུང་སྐྱོང་བྱེད་པ་ལག་བསྟར་དོན་འཁྱོལ་བྱས་པས། སྲུང་སྐྱོང་ཁུལ་དུ་སྐོར་སྲུང་ལྟ་ཞིབ་ཚད་ལེན་ལས་དོན་སྤེལ་བའི“ལས་རོགས་བཟང་པོ”ཞིག་ཏུ་གྱུར་ཡོད་ལ། མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་གི་ཆུ་ཚད་མཐོན་པོའི་སྲུང་སྐྱོང་བྱེད་པར་གསོན་ཤུགས་བསྣན་ཡོད།

མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་ཕྱིན་པ་དང་བསྟུན་ནས། གནས་དེའི་བྱ་རིགས་ཀྱི་གྲངས་འབོར་དང་སྣ་ཁ་རྒྱུན་ཆད་མེད་པར་ཇེ་མང་དུ་ཕྱིན། ཆུ་བྱའི་ཁྱུ་ཚོགས་ཀྱི་གྲུབ་ཆར་ཡང་འགྱུར་ལྡོག་གསར་པ་བྱུང་ཡོད། དེ་སྔ་ངང་པ་དང་ཡཱ་ཙེ། ཆུ་སྐྱར་རིགས་བཅས་གཙོ་བྱས་པའི་རྨང་གཞིའི་སྟེང་དེ་དང་འབྲེལ་བའི་བྱ་རིགས་དང་། སྲོག་ཆགས་དང་རྩི་ཤིང་རིགས། སྐེགས་ཁྲའི་རིགས་ཀྱི་ཆུ་བྱ་བཅས་ཀྱི་རིགས་དང་ཁྱུ་ཚོགས་ཀྱི་གྲངས་འབོར་དང་འཚོ་གནས་ཁུལ་ཚང་མ་ཇེ་མང་དུ་འཕར་བ་དང་རྒྱ་ཆེ་རུ་འགྲོ་བའི་རྣམ་པ་མངོན་ཡོད། །

རྩོམ་སྒྲིག་པ། : གསང་བདག་རྒྱལ།