ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཚོགས་འགན་སྲུང་དངུལ་སྤྲོད་པའི་ཕྱིར་འགྱངས་ལག་བསྟར་ཁྱབ་ཁོངས་རྒྱ་བསྐྱེད་ནས་ལས་རྐང་བརྟན་སྲུང་གི་བྱེད་ཐབས་ཤར་རྒྱུག་ཐུབ་པར་སྐུལ་འདེད་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-06-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས14ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་ཤེས་གསལ་ལྟར་ན། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་གྱི་གཞི་རྐང་བརྟན་སྲུང་བྱེད་པའི་བརྙན་ལམ་ཁ་པར་ཚོགས་འདུའི་དགོངས་དོན་ལག་བསྟར་དངོས་འབེབས་བྱེད་པ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གིས་དཔལ་འབྱོར་བརྟན་པོར་བཟོ་བའི་སྲིད་ཇུས་སྣ་ཚོགས་དངོས་འབེབས་ཕན་འབྲས་ཐོན་པར་སྐུལ་འདེད་མགྱོགས་མྱུར་བྱ་ཆེད། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང་། ཞིང་ཆེན་ནོར་སྲིད་ཐིང་། ཞིང་ཆེན་ཁྲལ་དོན་ཅུའུ་བཅས་དང་མཉམ་དུ་དུས་མཚམས་རང་བཞིན་གྱི་སྤྱི་ཚོགས་འགན་སྲུང་དངུལ་སྤྲོད་པ་ཕྱིར་འགྱངས་བྱེད་པའི་སྲིད་ཇུས་ལག་བསྟར་ཁྱབ་ཁོངས་རྒྱ་སྐྱེད་པ་སོགས་གནད་དོན་སྐོར་གྱི་བརྡ་སྦྱོར་དཔར་འགྲེམས་བྱས།(གཤམ་ནས《བརྡ་སྦྱོར》ཞེས་བསྡུ་རྒྱུ)ཕྱིར་འགྱངས་སྲིད་ཇུས་ལག་བསྟར་ཁྱབ་ཁོངས་རྒྱ་བསྐྱེད་པ་དང་ཕྱིར་འགྱངས་དུས་བཀག་ཇེ་རིང་དུ་གཏོང་བ། ལས་ཤོར་འགན་སྲུང་གི་ཁེ་སྐྱོར་ལས་བརྟན་གྱི་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ། ཚོང་རའི་བྱེད་པོ་དང་ལས་ཞུགས་ནན་གྱིས་སྲུང་དགོས། 

བརྡ་སྦྱོར་ལས་ཁ་གསལ་བཟོས་དོན། ཕྱིར་འགྱངས་སྲིད་ཇུས་ལག་བསྟར་ཁྱབ་ཁོངས་ལས་རིགས་དཀའ་ངལ་ཅན22ལ་རྒྱ་བསྐྱེད། རྒན་གསོ་འགན་སྲུང་དངུལ་ཕྱིར་འགྱངས་དུས་བཀག་ད་ལོའི་ལོ་མཇུག་བར་དུ་ཕྱིར་འགྱངས་བྱས། གསོལ་མགྲོན་དང་། སིལ་ཚོང་། ཡུལ་སྐོར། མཁའ་འགྲུལ། གཞུང་ལམ་དང་ཆུ་ལམ་དང་ལྕགས་ལམ་བཅས་ཀྱི་སྐྱེལ་འདྲེན་སོགས་ཧ་ཅང་དཀའ་ངལ་ཆེ་བའི་ལས་རིགས5ལ་དུས་མཚམས་རང་བཞིན་གྱི་སྤྱི་ཚོགས་འགན་སྲུང་དངུལ་སྤྲོད་པ་ཕྱིར་འགྱངས་བྱེད་པའི་སྲིད་ཇུས་གསུམ་ལག་བསྟར་བྱས་པའི་རྨང་གཞིའི་སྟེང་། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་ལ་རིམས་ནད་འགོག་སྡོམ་གྱི་ཤུགས་རྐྱེན་ཐེབས་པ་ཅུང་ཆེ་བ་དང་ཐོན་སྐྱེད་ལས་གཉེར་དཀའ་ཁག་ཆེ་བའི་བཟོ་སྐྲུན་ཁེ་ལས་གཙོ་གནད་དུ་བྱས་ཏེ། ལག་བསྟར་ཁྱབ་ཁོངས་ལས་རིགས22ལ་སྔར་ལས་རྒྱ་བསྐྱེད། ཕྱིར་འགྱངས་ཁྱབ་ཁོངས་ལས་རིགས་དཀའ་ངལ་ཅན་གྱི་ཁེ་ལས་ཡིན་ན། སྤྱི་ཚོགས་འགན་སྲུང་དངུལ་ཁག་གསུམ་གྱི་ལས་ཁུངས་ཀྱིས་སྤྲོད་པའི་ཁག་ཕྱིར་འགྱངས་པར་རེ་ཞུ་བྱས་ཆོག དེ་ཁྲོད་རྒན་གསོ་འགན་སྲུང་དངུལ་སྤྲོད་པར་ཕྱིར་འགྱངས་ལག་བསྟར་དུས་བཀག2022ལོའི་ལོ་མཇུག་བར་ཕྱིར་བསྣུར། ལས་ཤོར་དང་ལས་རྨས་འགན་སྲུང་དངུལ་སྤྲོད་པར2023ལོའི་ཟླ3པའི་བར་ཕྱིར་འགྱངས་བྱས། མ་གཞི་གཏན་ལ་ཕབ་པའི་ཧ་ཅང་དཀའ་ངལ་ཆེ་བའི་ཁེ་ལས5ལ། རྒན་གསོ་འགན་སྲུང་དངུལ་སྤྲོད་པར་དེ་འཚམ་གྱིས2022ལོའི་ཟླ12བར་ཕྱིར་འགྱངས་བྱས། ཕྱིར་འགྱངས་སྐབས་སུ་དུས་འགྱངས་ཆད་དངུལ་སྤྲོད་མི་དགོས། 

རིམས་ནད་ཀྱི་ཤུགས་རྐྱེན་ཅུང་ཆེ་བ་དང་ཐོན་སྐྱེད་གཉེར་སྐྱོང་དཀའ་ངལ་ཡོད་པའི་ཁེ་ལས་འབྲིང་ཆུང་ཕྲ་གསུམ་ལ་དངུལ་སྤྲོད་ཕྱིར་འགྱངས་སྲིད་ཇུས་ལག་བསྟར་བྱས། ལག་བསྟར་དུས་བཀག2022ལོའི་ལོ་མཇུག་བར་ཕྱིར་འགྱངས་བྱས། ཕྱིར་འགྱངས་སྐབས་སུ་དུས་འགྱངས་ཆད་དངུལ་སྤྲོད་མི་དགོས། ལས་ཤོར་འགན་སྲུང་གི་ལས་རྐང་བརྟན་པའི་ནུས་པ་སྔར་ལས་ལྷག་པར་བཏོན་ཏེ། “ཕྱིར་སློག་དང་ཁ་གསབ། རྒྱ་སྐྱེད”བཅས་ལག་བསྟར་བྱེད་ཤུགས་ཆེར་བསྐྱེད། ཁེ་ལས་ཆེན་པོ་དང་སྤྱི་ཚོགས་ཚོགས་པའི་ལས་རྐང་བརྟན་པའི་ཕྱིར་སློག་བསྡུར་ཚད30%ནས50%འཕར། ཐེངས་གཅིག་རང་བཞིན་གྱི་ལས་སྣེར་འཇོག་པའི་གསོ་སྦྱོང་ཁ་གསབ་རོགས་སྐྱོར་ཕན་ཐོབ་ཁྱབ་ཁོངས་རྒྱ་བསྐྱེད་པ་ལ། རིམས་ནད་ཉེན་ཁ་ཆེ་འབྲིང་ཡོད་པའི་ས་ཁུལ་གྱི་ཁེ་ལས་འབྲིང་ཆུང་ཕྲ་གསུམ་ས་དེ་གའི་ཁེ་ལས་ཆེ་བར་རྒྱ་བསྐྱེད་པ། རིམས་ནད་ཉེན་ཁ་ཆེ་འབྲིང་མ་བྱུང་བའི་ས་ཁུལ་གྱི་གསོལ་མགྲོན་དང་སིལ་ཚོང་། ཡུལ་སྐོར། མཁའ་འགྲུལ། གཞུང་ལམ་དང་ཆུ་ལམ་དང་ལྕགས་ལམ་བཅས་ཀྱི་སྐྱེལ་འདྲེན་བཅས་ཁེ་ལས་ལས་རིགས5ལ་རྒྱ་བསྐྱེད། ཁེ་ལས་ཀྱིས་ལོ་འཁོར་གྱི་མཐོ་སློབ་མཐར་ཕྱིན་སློབ་མ་བསྡུས་ཤིང་ངལ་རྩོལ་གན་རྒྱ་བཞག་སྟེ་ལས་ཤོར་འགན་སྲུང་དུ་ཞུགས་པ་ལ། མི་རེར་སྒོར1500ཚད་གཞི་ལྟར། ཐེངས་གཅིག་རང་བཞིན་གྱི་ལས་རྐང་རྒྱ་སྐྱེད་ཁ་གསབ་སྟེར་རྒྱུ་རེད། ། 

རྩོམ་སྒྲིག་པ། : གསང་བདག་རྒྱལ།