ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་ནུབ་ཁུལ་ན་གོར་མོ་གྲོང་ཁྱེར་གདང་ལ་གྲོང་རྡལ་འབྲི་ཆུའི་མགོ་ཁུངས་སྡེ་བ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2022-06-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

微信图片_20220615094143.jpg

2016ལོའི་ཟླ8པའི་ཚེས22ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་ནུབ་ཁུལ་ན་གོར་མོ་གྲོང་ཁྱེར་གདང་ལ་གྲོང་རྡལ་འབྲི་ཆུའི་མགོ་ཁུངས་སྡེ་བར་ཕེབས་ཏེ་སྐྱེ་ཁམས་སྤོ་དམངས་དང་མི་རིགས་མཐུན་སྒྲིལ། གཞི་རིམ་ཏང་གི་འཛུགས་སྐྲུན་བཅས་ཀྱི་བྱ་བར་གཟིགས་ཞིབ་གནང་། སྡེ་དམངས་ཚོས་ལུས་ལ་གཟབ་གོས་གྱོན་ཞིང་། ལག་ཏུ་དྲི་མེད་ཀྱི་ཁ་བཏགས་དཀར་པོ་དང་གྲོ་སོ་ཕྱེ་མར། བཀྲ་ཤིས་ནས་ཆང་བཅས་བཏེགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ལ་ཆེས་གཟབ་རྒྱས་དང་ཆེས་ལྷག་བསམ་འཁོལ་བས་དགའ་བསུ་ཞུས།

འབྲི་ཆུའི་མགོ་ཁུངས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཟུར་པ། ཚེ་རིང་དགྲ་འདུལ།

ཚེ་རིང་དགྲ་འདུལ་གྱི་དྲན་པའི་མེ་ལོང་ངོས་སུ་གསལ་ལྷང་ངེར་མངོན་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་འབྲི་ཆུའི་མགོ་ཁུངས་སྡེ་བར་ཕེབས་ཏེ་གཟིགས་ཞིབ་གནང་བ་ནས་ད་ལྟའི་བར། སྡེ་བའི་ནང་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་དེ། དང་ཐོག་སྡེ་བའི་ནང་ཁང་པ128ལས་མེད་ལ། ད་ལྟ་ཁང་པ200ལྷག་བསྐྲུན་ཡོད། དེ་ནས་རང་འདེམས་ཚོང་ཁང་དང་སློབ་གྲྭ། རྒན་གསོ་ཁང་། འཕྲོད་བསྟེན་ཁང་། མཉམ་ལས་ཁང་། ཏང་གི་ལོ་རྒྱུས་ཁང་བཅས་རེ་རེ་བཞིན་བསྐྲུན་པ་དང་། མི་རེའི་ཆ་སྙོམས་ཡོང་སྒོ་ལྡབ་བཅུ་འཕར། “ང་ཚོས་ད་ལྟ་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་ཡོད།”

ཚེ་རིང་དགྲ་འདུལ་ད་རུང་རྩྭ་ཐང་བདག་སྐྱོང་པ་ཞིག་ཀྱང་ཡིན་ལ། ད་ལྟ་ཚང་མས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་དོ་སྣང་བྱས་ཏེ། ལམ་དུ་མཐོང་བའི་གད་སྙིགས་བཏུས་ནས་ཁྱིམ་དུ་ཁྱེར་གྱིན་པ་མཐོང་སྐབས། ཁོས་བཤད་རྒྱུར། “ཏང་ལ་བཀའ་དྲིན་ཆེ། སྤྱི་ཁྱབ་ཧྲུའུ་ཅི་ལ་བཀའ་དྲིན་ཆེ། ང་ཚོ་ནི་སྔོན་ཆད་ཀྱི་རྩྭ་ས་བེད་སྤྱོད་པ་ནས་ད་ལྟའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་པར་གྱུར་སོང་ལ། ང་ཚོའི་རྩྭ་ཐང་ལྗང་མདོག་ཏུ་གྱུར་ཞིང་། སྒོར་ཁུག་ཀྱང་ཇེ་མཐུག་ཏུ་གྱུར་ཡོད། ”

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།