ཀྲུང་གོ་བོད་ཀྱི་དྲ་བ།

མངག་བཅོལ་ཡིད་ལ་བཅངས་ནས་དངོས་སྒྲུབ་ལག་ལེན་བྱེད།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2022-06-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་དངོས་སུ་མཚོ་སྔོན་ལ་གཟིགས་ཞིབ་ཏུ་ཐེངས་གཉིས་ལ་ཕེབས་པ་དང་། རྒྱལ་ཡོངས་དམངས་ཆེན་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཐེངས་གཉིས་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་སྟེ། མཚོ་སྔོན་གྱི་འཕེལ་རྒྱས་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་པོར་བསྟན་པ་དང་འཆར་འགོད་ཆེན་པོ་བཀོད་པ། རྩ་བའི་སྲུང་བྱ་མཁོ་འདོན་བཅས་བྱས་ཏེ། མཚོ་སྔོན་གྱི་ལས་བྱེད་པ་དང་མང་ཚོགས་ལ་སྐུལ་ལྕག་ཐེབས་པ་དང་ངར་སེམས་བསླངས་པར་བྱས།  གཙོ་འཛིན་གྱིས་དྲན་སྐུལ་ཡང་ཡང་དང་ཐུགས་ཁུར་ཚད་མེད་གནང་བ་བརྒྱུད། རང་ཞིང་གི་ཞུན་བརྡར་མདུན་སྐྱོད་དང་འབད་པ་ལྷུར་ལེན་བྱེད་པའི་ཆོད་སེམས་དང་སྟོབས་ཤུགས་སྔར་བས་ཇེ་བརྟན་དུ་གྱུར་ཡོད། མཚོ་སྔོན་གྱི་བུ་བུ་མོའི་མདུན་སྐྱོད་ཀྱི་ཁ་ཕྱོགས་ཇེ་གསལ་ནས་ཇེ་གསལ་དང་གོམ་པའི་འདེགས་འཇོག་ལ་ཡིད་ཆེས་ཆེ་རུ་ཕྱིན་ཅིང་། སྣ་སོ་སོའི་ལས་དོན་ལ་གྲུབ་འབྲས་གསར་པ་བླངས་ཏེ། ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ལྗིད་ཏིག་ཏིག་གི་རྒྱུགས་ལེན་ཞིག་སྤྲད་ཡོད། 

1.jpg

ཚྭ་ཁའི་བུ་བུ་མོས་དཔའ་ངར་ཆེར་བསྐྱེད་ཀྱིས་ཕུགས་འདུན་དོན་གཉེར་བྱས།2016ལོའི་ཟླཔའི་ཚེས22ཉིན།

2.jpg

སྐྱེ་ཁམས་གནས་སྤོ་ལ་བརྟེན་ནས་བདེ་སྐྱིད་ཀྱི་འཚོ་བར་རོལ་བ།2016ལོའི་ཟླ8པའི་ཚེས22ཉིན།

3.jpg

པན་ཡན་གྱི་འགྱུར་ལྡོག་ལས་དྲིན་གཟོའི་གཏམ་རྒྱུད་མང་པོ་བྱུང་།2016ལོའི་ཟླ8པའི་ཚེས23ཉིན།

4.jpg

གསར་སྐྲུན་འཕེལ་རྒྱས་ལས་བོད་ཀྱི་ས་གདན་གྱི་མཚན་སྙན་རྒྱལ་ཁབ་ཕྱི་ནང་ཀུན་ལ་ཁྱབ།2021ལོའི་ཟླ6པའི་ཚེས7ཉིན།

5.jpg

ཉི་མའི་འོད་ཟེར་ལས་མཚོ་སྔོན་གྱི་ལྗང་མདོག་གློག་འོད་འཛམ་གླིང་ལ་ཁྱབ།2016ལོའི་ཟླ8པའི་ཚེས23ཉིན།

6.jpg

སྐྱེ་ཁམས་སྒེའུ་ཁུང་ལས་མཚོ་སྔོན་གྱི་སྐྱེ་ཁམས་མཛེས་ལྗོངས་བདེན་དཔང་བྱས།2016ལོའི་ཟླ8པའི་ཚེས23ཉིན།

7.jpg

ཏང་འཛུགས་སྣེ་ཁྲིད་ཀྱིས་སེམས་ཤུགས་གང་ཡོད་སྒོས་མང་ཚོགས་ལ་དོན་དངོས་སྒྲུབ་པ།2021ལོའི་ཟླ6པའི་ཚེས7ཉིན།

8.jpg

སྐྱེ་ཁམས་ཇེ་ལེགས་སུ་སོང་བ་དང་བསྟུན་འཕུར་ལྡིང་རྩེན་པའི་འདབ་ཆགས་མཚོ་སྔོན་པོའི་འགྲམ་ལ་རུབ།2021ལོའི་ཟླ6པའི་ཚེས8ཉིན།

9.jpg

སོ་སྲུང་རོགས་རེས་དང་མཐུན་སྒྲིལ་འབད་བརྩོན་གྱིས་མཉམ་དུ་འཕེལ་རྒྱས་བརྩོན་ལེན་བྱེད།2021ལོའི་ཟླ6པའི་ཚེས8ཉིན།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།