ཀྲུང་གོ་བོད་ཀྱི་དྲ་བ།

རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་དཀོན་ལོ་ཚང་གོང་མ་སྡེ་བ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2022-06-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

微信图片_20220615093143.jpg

རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་དཀོན་ལོ་ཚང་གོང་མ་སྡེ་བ་ནི་བོད་རིགས་འབྲོག་སྡེ་ཞིག་ཡིན་ལ། སྲིད་གཞུང་གི་རོགས་སྐྱོར་འོག འབྲོག་པ་ཚོ་ཁ་ཐག་རིང་བའི་རྩྭ་ཐང་ནས་གནས་འདི་རུ་སྤར་ཏེ་བདེ་འགོད་བྱས་ཡོད། 2021ལོའི་ཟླ6པའི་ཚེས8ཉིན་གྱི་ཕྱི་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཆ་སྙོམས་ཀྱིས་མཚོ་ངོས་ལས་མཐོ་ཚད་ལ་སྨི3300ཡོད་པའི་སྡེ་བ་འདིར་ཕེབས་བྱུང་།

མཚོ་བྱང་ཁུལ་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་དཀོན་ལོ་ཚང་གོང་མ་སྡེ་བའི་སྡེ་མི། བསོད་ནམས་ཚེ་རིང་།

“ཉིན་དེར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ངེད་ཚང་དུ་ཕེབས་པར་མ་ཟད། ངེད་བཟའ་མི་གང་པོ་དང་མཉམ་དུ་འགྲུལ་ཁང་ནང་བཞུགས་ཏེ་མཛའ་བརྩེའི་ངང་ཁ་བརྡ་བྱས། སྤྱི་ཁྱབ་ཧྲུའུ་ཅི་ལགས་ཀྱིས་ང་ལ་དྲིས་པའི་འདྲི་ཚིག་རེ་རེ་ད་དུང་ངའི་སེམས་སུ་གསལ་པོར་དྲན་ཡོང་ལ། འདི་དག་སེམས་ལ་དྲན་ཐེངས་རེར་ངའི་སེམས་པ་དྲོད་ཀྱིས་བསྐྱིལ་ཡོང”ཞེས་བསོད་ནམས་ཚེ་རིང་གིས་དེ་ལྟར་བཤད། ལོ་ངོ་གཅིག་གི་རིང་ལ། ཁོ་ཚོའི་འཚོ་བ་ཇེ་སྐྱིད་ནས་ཇེ་སྐྱིད་རེད། 2021ལོར། བསོད་ནམས་ཚེ་རིང་ཚང་གིས་ནོར་ལུག་གསོ་སྤེལ་དང་རྩྭ་སའི་བྱ་དགའ་དང་ཁ་གསབ་དངུལ། སྤྱི་ཕན་རང་བཞིན་གྱི་ལས་རྐང་སོགས་ལ་བརྟེན་ནས་སྤྱིའི་ཡོང་སྒོ་སྒོར་ཁྲི12ལ་ཉེ་བ་ལེན་ཐུབ་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།