ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་པད་མ་རྫོང་གིས་མཐོ་སྒང་གི་ཁྱད་ལྡན་ཐོན་རྫས་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་གཏོང་བར་རོགས་འདེགས་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-06-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཐོ་སྒང་གི་དབྱར་དུས་སུ། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་ལྕགས་རི་ཐང་ཤང་གིས་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཤ་མོ་འདེབས་འཛུགས་རྟེན་གཞིའི་དྲོད་ཁང་ནང་ཤ་མོ་བཙུགས་ཏེ། ཤ་མོ་མྱུ་གུ་འབུས་པར་སྒུག་ནས་བསྡད་ཡོད།

དབྱིན་པའོ་ཡིས་དྲོད་ཁང་ནང་དུ་ཙོག་པར་བསྡད་ནས། འཚོ་བཅུད་ཁུག་མའི་འཇོག་ཚུལ་ལ་ལྟ་ཞོར་དུ་ལྕགས་ཁེམ་གྱིས་འགྱིག་ཤོག་གི་སྣེ་གཉིས་སུ་ས་སྤུངས་ཏེ། ས་རྒྱུའི་ཉེ་འཁོར་གྱི་དྲོད་ཚད་བརྟན་འཇགས་ཡོང་བར་འགན་ལེན་བྱེད་བཞིན་ཡོད། སྐྱེ་འཚར་གྱི་ཆོས་ཉིད་ལྟར་ན། ཉིན་འགའ་འགོར་རྗེས། ཤ་མོ་རིམ་བཞིན་སྐྱེད་ཡོང་བ་རེད། 

དབྱིན་པའོ་ནི་ལྕགས་རི་ཐང་ཤང་འགུ་མདའ་སྡེ་བའི་སྡེ་མི་ཡིན་ཞིང་། ཆུང་དུས་ནས་པད་མ་རྫོང་ནས་ལང་ཚོ་རྒྱས་པའི་ཁོ་རང་ཤ་མོ་ལ་རྒྱུས་མངའ་ཆེ་ལ་ཡང་རྒྱུས་མངའ་མེད་པ་ཞིག་ཡིན་པ་འདྲ། རྒྱུས་མངའ་ཆེ་བ་ནི་དབྱར་ཁ་སླེབས་ཚེ་རིམ་བཞིན་རི་སྐྱེས་ཤ་མོ་སྨར་ཁོག་ཤང་ནགས་ཚལ་དུ་སྐྱེས་ཡོད་པ་དང་། འབྲོག་པ་ཚོས་དུས་ངེས་མེད་དུ་ཤ་མོ་བཏུས་ནས་ཚོང་བཞིན་ཡོད། རྒྱུས་མངའ་མེད་པ་ནི་ཤ་མོ་དེ་དག་འདེབས་འཛུགས་བྱས་ཏེ། རྒྱ་མ་གང་རེ་སྒོར་བརྒྱ་ཕྲག་ལ་བཙོང་ཐུབ་པ་ནི་ཁོའི་བསམ་ཡུལ་ལས་འདས་པ་ཞིག་རེད།

པད་མ་རྫོང་གི་ཆ་སྙོམས་ཀྱི་ས་བབ་སྨི3500ཡན་ཟིན་པ་དང་། ལོ་རེའི་ཆར་པ་འབབ་ཚད་ཉིན170ལྷག་ཟིན་ཡོད། གནམ་གཤིས་འཁྱགས་ལ་ཉིན་མཚན་གྱི་དྲོད་ཚད་ཧེ་བག་ཆུང་བ། ས་རྒྱུའི་མ་རྒྱུ་འདུས་ཚད་མཐོ་བ་བཅས་ཡིན་པས། ཤ་མོ་འདེབས་འཛུགས་ཀྱི་རང་བྱུང་གསོ་སྤེལ་བྱ་ཡུལ་ཞིག་ཡིན། ། 

རྩོམ་སྒྲིག་པ། : བདེ་ལེགས་མཚོ།