ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱི་འགྲིམ་འགྲུལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ཚོད་ལྟའི་བྱ་བ་ཁྱོན་ཡོངས་ནས་མགོ་བརྩམས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-06-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས14ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ནས་རྒྱུས་ལོན་པ་ལྟར་ན། ཉེ་ཆར་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་ཆོག་མཆན་ཐོབ་པའི་མཚོ་སྔོན་ཞིང་ཆེན་གྱི་འགྲིམ་འགྲུལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ཚོད་ལྟ3གྲས་ཀྱི་གཅིག་སྟེ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་འགྲིམ་འགྲུལ་གནས་སྐོར་མཉམ་འདྲེས་ཀྱི་ཁོངས་ཡོངས་གནས་སྐོར་འཕེལ་རྒྱས་ཀྱི《ཚོད་ལྟའི་བྱེད་ཐབས》ལ་ཆེད་མཁས་པའི་ཞིབ་བཤེར་ཐོབ་པ་དང་། དེས་རང་ཞིང་གི་འགྲིམ་འགྲུལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ཚོད་ལྟའི་བྱ་བ་ཁྱོན་ཡོངས་ནས་མགོ་བརྩམས་པ་མཚོན། 

མཚོ་བྱང་ཁུལ་འགྲིམ་འགྲུལ་གནས་སྐོར་མཉམ་འདྲེས་འཕེལ་རྒྱས་དེ་རང་ཞིང་གི་འགྲིམ་འགྲུལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ཚོད་ལྟའི་ལས་འགན་གྲས་ཀྱི་གཅིག་ཡིན་པའི་ཆ་ནས། མཚོ་བྱང་ཁུལ་གྱི་ཐུན་མིན་གྱི་དགེ་མཚན་ལ་རྐང་བཙུགས་ནས། འགྲིམ་འགྲུལ་འཕེལ་རྒྱས་ཀྱི་མདུན་ལྗོངས་ལ་དམིགས་ཏེ། ཞིང་ཆེན་ཡོངས་ཀྱི་འགྲིམ་འགྲུལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་སྔོན་བསྐྱོད་འཚོལ་ཞིབ་ལ་སྐུལ་འདེད་གཏོང་བ་དང་། རང་ཞིང་གི་འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བར་དོན་སྙིང་གལ་ཆེན་ལྡན། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་ཚོད་ལྟའི་བྱ་བའི་ལས་འགན་ལ་དམིགས་ཏེ། སྡེ་ཁག་བར་གྱི་མཐུན་སྦྱོར་ཤུགས་དྲག་ཏུ་བཏང་ནས། ཁུལ་ཡོངས་ཀྱི་ས་ཁོངས་དང་ལས་རིགས་ཧྲིལ་བོར་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་དང་། སྔོན་ཐོན་རང་བཞིན་དང་ས་ཁོངས་ཁྱད་ལྡན་གཉིས་ཟུང་འབྲེལ་སྒོས། ནང་དོན་སྟེང“ཁྱད་ཆོས”འབུར་ཐོན་དུ་བྱེད་པ་དང་། ལག་ལེན་ཁྲོད“ཟུང་འབྲེལ”བྱ་བ་ལེགས་པོར་སྒྲུབ་ནས། དུས་ཚོད་སྟེང“མྱུར་ཚད”དམ་འཛིན་བྱས། དུས་མཚུངས་སུ། འགྲིམ་འགྲུལ་གནས་སྐོར་གྱི་སྲིད་ཇུས་མ་ལག་དང་། མ་དངུལ་མཉམ་འདྲེས་ཀྱི་རྣམ་པ་དང་ཚོང་གཉེར་སྒྲིག་སྲོལ་གསར་གཏོད་བྱས་ནས། གནས་སྐོར་ཐོན་ཁུངས་དང་འགྲིམ་འགྲུལ་ཐོན་ཁུངས་མཉམ་འབྲེལ་གསར་སྤེལ་སྒྲིག་གཞི་སྒྲིག་འཛུགས་འཚོལ་ཞིབ་བྱས་ཏེ། འགྲིམ་འགྲུལ་གྱིས་གནས་སྐོར་འཕེལ་རྒྱས་ལ་གཞོགས་འདེགས་དང་། གནས་སྐོར་གྱིས་འགྲིམ་འགྲུལ་འཕེལ་རྒྱས་ལ་ནུས་ཤུགས་སྟེར་བའི་རྣམ་པ་གྲུབ་པར་བྱེད་པ་རྒྱུན་འཁྱོངས་བྱེད་རྒྱུ་རེད། ། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།