ཀྲུང་གོ་བོད་ཀྱི་དྲ་བ།

དུང་དཀར་མཚོ་ནག

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-06-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

དུང་དཀར་མཚོ་ནག

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་མགོ་ཁུངས་གླིང་ཁུལ་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་ཁོངས་སུ་ཆགས་ཡོད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་མ་ཡུམ་ཆུ་བོ་སྟེ་རྨ་ཆུའི་འབྱུང་ཡུལ་ཡིན་ལ། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་ཡོལ་གལ་ཆེན་ཞིག་ཀྱང་ཡིན། དུང་དཀར་མཚོ་ནག་ནི་རྨ་ཆུའི་མགོ་ཁུངས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་གཅིག་འདུས་ཆེས་ཆེ་བའི་ས་ཁོངས་ཡིན། སྐྱེ་ཁམས་ཁོར་ཡུག་མུ་མཐུད་དུ་ཇེ་ལེགས་སུ་ཕྱིན་པ་དང་བསྟུན། ཉེ་འཁོར་གྱི་རྐྱང་དང་དགོ་བ་སོགས་རི་སྐྱེས་སྲོག་ཆགས་ཀྱི་ཁྱུ་ཚོགས་ཀྱང་མངོན་གསལ་གྱིས་ཇེ་མང་དུ་སོང་ཡོད་ལ། འཚོ་སྡོད་ཁྱབ་ཁོངས་ཀྱང་དེ་བསྟུན་གྱིས་ཇེ་ཆེར་འགྲོ་བཞིན་ཡོད་པས། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལ་ཕན་ནུས་ལྡན་པའི་སྒོ་ནས་སྲུང་སྐྱོང་ཐོབ་ཡོད། རི་རྩེར་འགྲེངས་ནས་མཚོ་ངོས་སུ་རྒྱང་ལྟ་བྱས་ཚེ། དེ་ནི་རི་ཀླུང་གི་ཚལ་དུ་ལྷུང་བའི་གཡུ་ཡི་མནྟལ་ཞིག་དང་མཚུངས་བར། རྨ་སྟོད་མི་དམངས་ཀྱི་ལྗང་མདོག་གི་སྐྱེ་ཁམས་ཁོར་སྲུང་གི་བགྲོད་ལམ་ལ་འོད་སྣང་སྩོལ་བཞིན་ཡོད། ། 

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།