ཀྲུང་གོ་བོད་ཀྱི་དྲ་བ།

སྡེ་ཁུལ་བརྩེ་བ་ཡལ་འདབ་གཅིག་ལ་བརྒྱུས། འབད་པ་ཆེན་པོས་མུ་མཐུད་ལམ་ལ་ཆས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་དང་ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-06-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།


2021ལོའི་ཟླ6པའི་ཚེས7ཉིན་གྱི་ཕྱི་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་ཝུན་ཧུའེ་ལམ་ཝུན་ཐིང་ཁྲོམ་སྡེ་ཁུལ་ལ་རྟོག་ཞིབ་གནང་སྐབས་བསྟན་དོན། “སྡེ་ཁུལ་གཅིག་འཕེལ་རྒྱས་འགྲོ་དགོས་ན། ངེས་པར་དུ་ཧ་ཅང་སྟོབས་དང་ལྡན་པའི་ཏང་རྩ་འཛུགས་ཀྱིས་མགོ་ཁྲིད་པའི་གཞི་རིམ་རྩ་འཛུགས་ཞིག་དགོས་ཤིང་། སྡེ་ཁུལ་གྱི་ཕྱོགས་སོ་སོའི་ཞབས་ཞུ་ལེགས་པར་བསྒྲུབས་ནས། མང་ཚོགས་ཀྱི་རང་སྐྱོང་རང་བཞིན་གྱི་དོན་དག་རྩ་འཛུགས་ཡག་པོ་བྱེད་དགོས།”

ལོ་གཅིག་གི་རྗེས་ཏེ། ཟླ6པའི་ཚེས7ཉིན། གསར་འགོད་པ་ཡང་བསྐྱར་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་ཝུན་ཐིང་ཁྲོམ་སྡེ་ཁུལ་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་སུ་བསྐྱོད་དེ། ཡིག་རིས་ཁང་དང་། ཞབས་བྲོ་ཁང་། དཔེ་ཀློག་ཁང་། ལུས་གསོ་ཁང་སོགས་སུ། གླུ་སྐད་ཕྱོགས་བཞིར་ཁྱབ་ཅིང་། སྙུག་སྣུམ་གྱི་དྲི་བསུང་གང་སར་འཐུལ་བ། བརྩེ་བ་དང་དྲོད་ཁོལ་ས་གཞི་ཁེབས་ནས་སླེབས་འོངས།  

ལོ་འདིར། ཝུན་ཐིང་ཁྲོམ་སྡེ་ཁུལ་ལ་སྔར་ལས་དྲོད་ཁོལ་ལྡན་ཞིང་། དམངས་ཚོགས་ཀྱི་འཚོ་བ་སྔར་ལས་སྤུས་ཚད་མཐོ། སྤྱི་ཚོགས་བཅོས་སྐྱོང་ནུས་པ་ཡང་སྔར་ལས་སྟོབས་ཆེན་དུ་གྱུར་། ལོ་འདིར། ཝུན་ཐིང་ཁྲོམ་སྡེ་ཁུལ་ལས་སྒྲུབ་མི་སྣར་སྔར་བཞིན་བྲེལ་འཚུབ་ཀྱིས་ཁེངས་པ་དང་། མང་ཚོགས་ཀྱི་དགོད་སྒྲ་སྔར་ལྟར་སྡེ་ཁུལ་དུ་ཁྱབ་ལ། རིགས་སོ་སོའི་མང་ཚོགས་རྣམས་སྔར་ལྟར་སེའུ་འབྲུའི་འབྲས་བུ་བཞིན་དམ་དུ་འཁྱུད་ཡོད། 

ལོ་འདིར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་བླང་བྱ་གཞི་འཛིན་ས་བྱས་ནས། ཝུན་ཐིང་ཁྲོམ་སྡེ་ཁུལ་གྱིས་ཏང་འཛུགས་སྐྱོང་སྣེ་ཁྲིད་དུ་བྱས་པ་དང་། སྡེ་ཁུལ་ཞབས་ཞུ་ལས་དོན་ཁག་འཐུས་ཚང་དུ་བཏང་བ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་བརྒྱུད་སྒྲོག་བྱས་པ། སྡེ་ཁུལ་འཛུགས་སྐྱོང་འཕེལ་རྒྱས་ཡུན་རིང་གོང་འཕེལ་གྱི་གྲུབ་འབྲས་བླངས་པ། སྡོད་དམངས་ཀྱི་ཡིད་ཚིམ་ཚད་དང་ཐོབ་སྣང་། སྐྱིད་སྣང་བཅས་མུ་མཐུད་མཐོར་བཏེགས། 

ཐོག་མའི་ཕུགས་འདུག་མི་འགྱུར་རྡོ་རྗེ་བཞིན། འགན་འཁྲི་མ་ལུས་ཕྲག་པའི་ཁུར་དུ་བླངས། བགྲོད་ལམ་གསར་པར་འབད་པས་བསྐྱོད། དུས་རབས་གསར་པར་བྱས་རྗེས་འཇོག ཝུན་ཐིང་ཁྲོམ་སྡེ་ཁུལ་གྱིས་མི་དམངས་ཀྱི་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པར་འབད་བརྩོན་ལྷོད་མེད་བྱས། 

སྡེ་ཁུལ་འཚོ་བར“བཀྲག་མདངས”འཚེར། ཏང་སྐྱོང་སྣེ་ཁྲིད་བརྩེ་བས་ཕྱུག 

“སྡེ་ཁུལ་གྱིས་གཞི་རིམ་ཏང་འཛུགས་སྐྱོང་བྱ་བར་དོ་སྣང་ཁྱད་པར་ཅན་དུ་བྱས་ཤིང་། དེ་མིན་ང་ད་དུང་ཏང་གི་ལོ་རྒྱུས་འཆད་ཁྲིད་བྱེད་དུ་ཡང་གདན་འདྲེན་བྱས་མྱོང་། དེ་ཡང་རང་གི་དགའ་ཕྱོགས་ཀྱི་ནུས་པ་ཙམ་བཏོན་པར་བརྩིས་ཆོག” ད་ལོར་རང་ལོ80ལ་སོན་པའི་སུང་ཧྥུའུ་ཞོན་ལ་ཏང་ལོ55ཡོད་ཅིང་། ལམ་རིང་པོ་བརྒྱུད་ནས། ཀྲུང་གོ་གུང་ཁྲན་ཏང་གིས་བློ་གཅིག་སེམས་གཅིག་གིས་མི་དམངས་ཀྱི་ཆེད་དུ་དཀའ་སྤྱད་མདུན་སྐྱོད་བྱས་པ་དང་། ཀྲུང་གོ་གསར་པ་རིམ་བཞིན་སྟོབས་འབྱོར་དར་རྒྱས་སུ་བསྐྱོད་པར་བདེན་དཔང་བྱེད་ཐུབ་པས། སེམས་ལ་སྤོབས་པས་ཁེངས་ཡོད། 

ལོ་གཅིག་གི་རིང་ལ། ཝུན་ཐིང་ཁྲོམ་སྡེ་ཁུལ་གྱིས་མངའ་ཁུལ་གྱི་རིག་རྩལ་བྱེད་སྒོ་ཐོན་ཁུངས་བསྡུ་སྒྲིག་ཧུར་ཐག་བྱས་པ་དང་། སྡེ་ཁུལ་གྱི་མང་ཚོགས་ཀྱི་གཞིས་ཁྱིམ་དང་། ཡིག་རིས་ཁང་། ཞབས་བྲོ་ཁང་སོགས་ལ་བརྟེན་ནས། དགུ་པའི་ཚེས་དགུའི་དུས་ཆེན་དང་། རྒྱལ་སྟོན་དུས་ཆེན་སོགས་དུས་ཆེན་དང་འཕྲད་སྐབས། ནང་དོན་ཕུན་སུམ་ཚོགས་པ་དང་རྣམ་པ་སྣ་ཚོགས་ཡིན་པའི་བརྗོད་དོན་གཙོ་བོའི་རིག་གནས་བྱེད་སྒོ་སྤེལ་ཏེ། མངའ་ཁུལ་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པར་བཏང་བ་དང་། བདེ་ཐང་ཡར་བརྩོན་གྱི་སྡེ་ཁུལ་རིག་གནས་མཁའ་དབུགས་མུ་མཐུད་དུ་བསྐྲུན་ནས། གླེང་མོལ་བརྗེ་རེས་ཁྲོད་ཁྱིམ་མཚེས་ཀྱི་བརྩེ་བ་ཇེ་ཟབ་ཏུ་བཏང་ལ་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་བརྒྱུད་སྒྲོག་བྱས། 

ས་འོག་ཆུ་ལམ་འགག་པ་དང་། ལོ་ལོན་ན་བ། བྱིས་པར་ལྟ་སྐྱོང་མེད་པ། འབར་རླངས་ཀྱི་རྒྱུ་ལམ་འགག་པ་སོགས་ཝུན་ཐིང་ཁྲིམ་སྡེ་ཁུལ་ལ་མཚོན་ནས་བཤད་ན། མང་ཚོགས་ལ་དོན་དངོས་སྒྲུབ་པ་ནི་མང་ཚོགས་ལ་རོགས་བྱས་ནས་སུན་སྣང་དང་སེམས་ཁྲེལ་ཆེ་བའི་དོན་དག་སྐོར་ཐག་གཅོད་བྱེད་པའི་སྟེང་ནས་མངོན་པར་བྱས་ཡོད་ཅིང་། དུས་མཚུངས་སུ། “ཟུང་སྐུལ་ཟུང་སྦྲེལ་ཞབས་ཞུ་བཞི”ལས་ཐོག་ཏང་ཡོན་སྡེ་ཁུལ་དུ་བསྐྱོད་ཅིང“མིང་ཐོ་རྣམ་པའི”ཞབས་ཞུ་རྣམ་པ་དང་། “ཏང་ཡོན་རེའུ་འཇུག་དང་རེའུ་གཅིག་མཐའ་སྲུང”གི་ཞབས་ཞུ་ལམ་སྲོལ་དུ་ལག་བསྟར་བྱས་པ་དང་། གཞི་རིམ་བཅོས་སྐྱོང་དང་དམངས་ལ་ཞབས་ཞུ་སོགས་གཙོ་གནད་ལས་དོན་དངོས་གཉེར་ལེགས་སྒྲུབ་བྱས། 

“སྡེ་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་དུས་རྣམ་ཀུན་ཏུ་ཡིད་ལ་དམ་པོ་བཟུང་བ་དང་། ‘བདེ་འཇགས་དང་། སྟབས་བདེ། མཛེས་སྡུག འཆམ་མཐུན’བཅས་རྣམ་པ་བཞིའི་སྡེ་ཁུལ་གསར་སྐྲུན་ལ་དམིགས་ནས། སྡེ་ཁུལ་ཞབས་ཞུའི་ཚད་གཞི་དང་ཆུ་ཚད་མུ་མཐུད་དུ་མཐོར་བཏེགས་ཏེ། མང་ཚོགས་ཀྱི་བདེ་སྐྱིད་དམིགས་གྲངས་མཐོར་བཏེགས།” སྡེ་ཁུལ་ཏང་ཨུའི་ཧྲུའུ་ཅི་ལིའུ་ཚུའེ་ཆིན་གྱིས། “ང་ཚོས་ཏང་འཛུགས་སྐྱོང་དང་སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་ཚང་དུ་བཏང་སྟེ། མང་ཚོགས་བྲེལ་འཚུབ་ཆེ་ལ་དཀའ་ངལ་ལྡན་པ། སེམས་ཁྲེལ་མང་ཞིང་རེ་བཞག་ཆེ་བའི་དོན་དག་སྐོར་ཞིག་ཐག་གཅོད་རོགས་རམ་བྱས” ཞེས་བཤད། 

གཞི་རིམ་གྱི་བཅོས་སྐྱོང་འཛུགས་སྐྲུན་ལ་སྔར་ལས་སྐུལ་འདེད་གཏོང་བ་དང་ཞབས་ཞུ་ཆུ་ཚད་མཐོར་འདེགས་ཆེད། ཝུན་ཐིང་ཁྲོམ་སྡེ་ཁུལ་གྱིས་དཔུང་སྦྲེལ་མཉམ་སྐྲུན་དང་དྲ་མིག་ཅན་གྱི་དོ་དམ་སོགས་ཀྱི་ལམ་སྲོལ་མུ་མཐུད་དུ་གཏིང་ཟབ་ཏུ་བཏང་ཞིང་། QQདང་སྐད་འཕྲིན་སོགས་ཐེག་གཟུགས་ལ་བརྟེན་ནས། མང་ཚོགས་ལ་དྲ་ལམ་འདྲི་རྟོག་དང་རོགས་རམ་སོགས་ཞབས་ཞུ་འདོན་སྤྲོད་བྱས་པར་མ་ཟད། མངའ་ཁུལ་ཏང་ཡོན་གྱི་བློ་འདུན་དང་ཁྱད་ཆོས་སོགས་གཞིར་བཟུང་ནས། གཞུང་ལུགས་དྲིལ་སྒྲོག་དང་བླང་པའི་ཞབས་ཞུ་རུ་ཁག་དང་ཏང་ཡོན་དང་བླང་པའི་ཞབས་ཞུ་རུ་ཁག་སོགས་དང་བླང་པའི་ཞབས་ཞུ་རུ་ཁག་བདུན་བཙུགས་ཏེ། མང་ཚོགས་ཀྱི་སྣ་མང་རང་བཞིན་གྱི་ཞབས་ཞུ་དགོས་མཁོ་བསྐངས། 

ལོ་གཅིག་གི་རིང་ལ། སྡེ་ཁུལ་གྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་སྒོས། “སྐར་མ15ཏང་འཛུགས་སྐྱོང་ཞབས་ཞུ་ར་བ”བསྐྲུན་པ་བརྒྱུད། མང་ཚོགས་ལ་སྒེར་གཤིས་ཅན་དང་ཞིབ་ཚགས་ཅན་གྱི་ཞབས་ཞུ་འདོན་སྤྲོད་བྱ་ཆེད། ལོ་གཅིག་གི་དུས་ཡུན་ནང་སྡེ་ཁུལ་གྱིས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་དཀའ་ངལ་གནད་དོན་བརྒྱ་ལ་ཉེ་བ་ཐག་གཅོད་བྱས། དུས་མཚུངས་སུ། སྡེ་ཁུལ་ཞབས་ཞུ་ལྟེ་གནས་ཀྱི་སྒྲིག་ཆས་སྔར་ལས་ལྷག་པར་འཐུས་ཚང་དུ་བཏང་ཞིང་། ས་ཚིགས་གཅིག་རྣམ་པའི་གཞུང་སྒྲུབ་མངོན་འགྱུར་བྱས་ཏེ། མང་ཚོགས་ལ་སྔར་ལས་སྟབས་བདེ་པའི་ཞབས་ཞུ་མང་པོ་འདོན་སྤྲོད་བྱས། ། 

སྡེ་ཁུལ་གྱི་བྱ་བར“ཐབས་ཇུས”འཛོམས་ན། མང་ཚོགས་ཀྱི་འཚོ་བའི་སྤུས་ཀ་བཟང་།

“ལོ་གཅིག་གི་སྔོན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྡེ་ཁུལ་དུ་ཕེབས་ནས། ང་དང་བྱམས་བརྩེའི་ངང་བཀའ་མོལ་གནང་། ཁོང་གིས་སྡེ་ཁུལ་གྱི་རྒན་བཀུར་བདེ་སྐྱིད་ཟ་ཁང་གི་ཟ་མའི་རིན་གོང་མཐོ་འམ་མི་མཐོ། ཟ་མ་ཞིམ་པོ་འདུག་གམ། ཞེས་པའི་བྱམས་བརྩེ་ལྡན་པའི་སྐད་ཆ་དེས་མི་སེམས་ལ་དྲོ་སྐྱིད་སྦྱིན། བོད་རིགས་རྒན་མོ་རྡོ་རྗེ་སྒྲོལ་མས་སྐབས་དེ་དུས་ཀྱི་གནས་ཚུལ་ཕྱིར་དྲན་བྱེད་སྐབས་སེམས་འགུལ་ཚད་མེད་ཐེབས་ཞོར། མོས“ད་ལྟ་ངས་སྤྱི་ཁྱབ་ཧྲུའུ་ཅི་ལ་ང་ཚོའི་ཟ་མའི་ཚལ་ཐོ་སྔར་ལས་བདེ་ཐང་དང་། བཟའ་བཏུང་ཞབས་ཞུ་སྔར་ལས་བཟང་པོ་ཡོད་ཞེས་བཤད་འདོད”ཟེར

ཟ་མ་ཐེངས་གཅིག་ཟས་ན་སྡེ་ཁུལ་གྱི་དྲོད་སྐྱིད་མཐོང་ཐུབ། ཝུན་ཐིང་སྲང་ལམ་སྡེ་ཁུལ་གྱིས་བདེ་སྐྱིད་ཟ་ཁང་གི་འཚོ་བཅུད་དོ་སྙོམས་དང་དམངས་ཕན་གོང་ཁེའི་ཚལ་ཐོ་བཟོས་ནས་ཉིན་ལྟར་ལོ་ན་རྒན་རྒོན་དང་། དཀའ་ངལ་ཡོད་པའི་རྒན་རྒོན། དབང་པོ་སྐྱོན་ཅན་བཅས་ལ་བཟའ་བཏུང་ཞབས་ཞུ་མཁོ་འདོན་བྱེད་ཀྱི་ཡོད། བདེ་སྐྱིད་ཟ་ཁང་གི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བའི་ལས་དོན་སྤེལ་ནས། སྲང་ལམ་གྱི་ཚོང་ཁང་རྒྱ་ཁྱབ་ངང་དེའི་ནང་ཞུགས་པར་སྐུལ་སློང་བྱས་ཏེ་། ཟ་ཁང་གི་ཞབས་ཞུ་སྔར་ལས་སྣ་མང་དང་ཕུན་སུམ་ཇེ་ཚོགས་སུ་ཡོང་ཡོད།

“སྤྱི་ཚོགས་རིང་ལུགས་ཀྱི་བདེ་སྐྱིད་འཚོ་བ་སྐྱེལ་སྟངས་ནི་འདི་ལྟ་བུ་ཞིག་ཡིན་ངེས་རེད།” ཝུན་ཐིང་སྲང་ལམ་སྡེ་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཟིགས་ཞིབ་གནང་སྐབས་གསུངས་པའི་སྐད་ཆ་སེམས་ལ་དམ་པོར་བཟུང་ནས། ཁོངས་གཏོགས་ཁུལ་གྱི་རྒན་པ་ཉིན་བཞིན་མང་དུ་འགྲོ་བ་དང་། དགོས་མཁོ་ཉིན་རེ་བཞིན་སྒེར་གཤིས་ཅན་དང་སྣ་མང་ཅན་དུ་བགྱུར་བར་དམིགས་ནས། རྒན་པར་ཞབས་འདེགས་ཞུ་བར་དོན་དངོས་ཀྱི་ཐབས་བཟང་མི་ཉུང་བ་ཞིག་བཟོས་ཡོད།

“སྲིད་གཞུང་གི་ཐུགས་ཁུར་འོག་ང་ཚོའི་ཁྱིམ་གཞིས་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ” ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་ཧའེ་ཧུང་དང་པོའིCཆུས་ཀྱི་ཧྥན་ཝན་ལིན་གྱིས་བཤད་རྒྱུར། ན་ནིང་ལོ་མཇུག་ཏུ་མཁར་ནུབ་ཆུས་དམངས་སྲིད་ཅུའུ་ཡིས་ཁྱིམ་དུ་རིག་ནུས་རྒྱང་བསྟན་ལྟ་ཞིབ་ཚད་ལེན་གྱི་གློག་རྡུལ་སྒྲིག་ཆས་དང་། SOSཉེན་གཏོང་ཡོ་ཆས། རིག་ནུས་སྒོའི་ཁབ་ལེན་བྱང་བུ། རིག་ནུས་དུད་ཚོར་སོགས་སྒྲིག་སྦྱོར་བྱས་ཡོད། ང་ད་ལོར་ལོ86དང་བཟའ་ཟླ་ལོ75ལ་སླེབས་ཡོད་ལ། བུ་ཕྲུག་རྣམས་རྒྱུན་པར་གམ་ན་མེད། “སྒྲིག་ཆས”ཆ་ཚང་བས་བུ་ཕྲུག་ཚོའང་བློ་བདེ་པོ་འདུག ཛ་དྲག་ཆེ་བའི་གནས་ཚུལ་ལ་འཕྲད་སྐབས་དམངས་སྲིད་ཅུའུ་ཡི་བློ་མཐུན་ཚོས་ཀྱང་དུས་ཐོག་ཏུ་ང་ཚོར་རོགས་རམ་བྱེད་ཐུབ་ཀྱི་ཡོད་ཟེར།

གཏམ་སྤྱོད་རེ་རེའི་ཐོག་ནས་སྡེ་ཁུལ་གྱི་བརྩེ་སེམས་མཐོང་ཐུབ། ཝུན་ཐིང་སྲང་ལམ་སྡེ་ཁུལ་གྱིས་སྔ་གཞུག་ཏུ་ཆེད་ལས་སྤྱི་ཚོགས་རྩ་འཛུགས་གཉིས་གདན་དྲངས་ནས་རྒན་གསོའི་ཞབས་ཞུ་བསྒྲུབས་ནས། བཅར་འདྲི་གཅེས་སེམས་བསྐྱལ་བ་དང་ཁ་པར་འདྲི་རྟོག། རྒྱུན་ལྡན་གྱི་འཚོ་བར་ལྟ་རྟོག་སོགས་ཀྱི་ཞབས་ཞུ་བྱས་པ་བརྒྱུད། ཁེར་སྡོད་རྒན་པ་དང་གཞིས་སྲུང་རྒན་པ་སྔར་ལས་མང་བར་སེམས་གསོ་དང་འཚོ་བའི་ཐད་སེམས་ཁུར་བྱས་པས། རྒན་པའི་འཚོ་བའི་སྤུས་ཚད་ཕན་ནུས་ལྡན་པའི་སྒོ་ནས་མཐོ་རུ་ཕྱིན་ཡོད། དེ་དང་ཆབས་ཅིག་ལས་སྒྲུབ་ཞབས་ཞུའི་མ་ལག་སྣ་ཚོགས་རྙིང་པར་གྱུར་བ་སྒྱུར་བཀོད་བྱས་ཏེ་རྒན་པའི་བྱ་བ་སྒྲུབ་པར་རིག་ནུས་ལྡན་པ་དང་འཚོ་བ་སྔར་ལས་སྟབས་བདེ་ཡོང་བར་བྱས་ཡོད།

སྡེ་ཁུལ་གྱི་སྡོད་དམངས་ལས་དོན་སེམས་ལ་འཛིན་པ་དང་། འགན་འཁྲི་ཕྲག་ཏུ་བླངས་ནས་གཞི་རིམ་གྱི་དཀའ་ངལ་དང་མང་ཚོགས་ཀྱིས་སེམས་ཁྲལ་བྱེད་པའི་གནད་དོན་ཐག་གཅོད་བྱས། ལོ་གཅིག་གི་རིང་ཝུན་ཐིང་སྲང་ལམ་སྡེ་ཁུལ་གྱིས་མང་ཚོགས་ལ“སྒོ་ཁར”སྟབས་བདེའི་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པ་བྱས་ཏེ་མང་ཚོགས་ལ་ཞབས་འདེགས་ཞུ་ཡུན་ཇེ་རིང་དུ་བཏང་བ་དང་། སྡེ་ཁུལ་གྱི་ཞབས་ཞུའི་ནུས་པ་དང་ཁོར་ཡུག་ཡར་རྒྱས་ཆེན་པོ་བྱུང་ནས་སྡེ་ཁུལ་གྱི་ལས་དོན་དོན་ཐོག་ཏུ་འཁྱོལ་ཐུབ་པ་བྱུང་བས། མང་ཚོགས་རྣམས་ཀྱིས་སེམས་ཁྲལ་བྱེད་པའི་བྱ་བ་ཐག་གཅོད་བཟང་པོ་བྱས་ཡོད།

མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ། སྡེ་ཁུལ་བཅོས་སྐྱོང་བྱ་བར་ཁྱད་ཆོས་ལྡན།

“རང་ཉིད་ཝུན་ཐིང་སྲང་ལམ་སྡེ་ཁུལ་དུ་གནས་སྤར་ནས་ལོ་བཞི་འགོར་ཡོད། བུ་དང་མནའ་མ་ཚང་མ་ཡུས་ཧྲུའུ་རུ་བྱ་བར་ཞུགས་ཡོད། སྡེ་ཁུལ་གྱི་ལས་དོན་མི་སྣ་ཚུའེ་ཡན་མའེ་ཡིས་ཉིན་རྒྱུན་ལུས་ཁམས་ཀྱི་བདེ་སྡུག་འདྲི་བས་དངོས་ནས་ང་ཚོ་ལ་རང་ཉིད་ཀྱི་ཕ་མ་དང་འདྲ་བར་སེམས་འཁུར་བྱེད། སྡེ་ཁུལ་དུ་བྱ་བ་ཙག་ཙིག་མང་བས། ཞའོ་ཚུའེ་རྟག་ཏུ་ལས་ལ་བྲེལ་ནས་ཟ་མ་ཟ་ཁོམ་ཡང་མི་འདུག་པས།  ལུས་པོ་ཇེ་སྐམ་དུ་སོང་ཡོད།” ཅེས་རྒན་པོ་འཆི་མེད་རྡོ་རྗེས་བཤད་པའི་སྐད་ཆ་ལས་ལས་དོན་མི་སྣས་སེམས་འཁུར་བྱེད་བཞིན་པ་ཤེས་ཐུབ། 

ཝུན་ཐིང་སྲང་ལམ་སྡེ་ཁུལ་གྱིས“མཉམ་འདྲེས་ལྔ་དང་འཛུགས་སྐྲུན་ལྔ”ཞེས་པའི་སྤུས་རྟགས་གཏོད་པར་སྐུལ་འདེད་ཧུར་ཐག་བཏང་ནས། “རིམ་ལྔ་མཉམ་འགུལ”གྱི་ཏང་འཛུགས་སྐྱོང་མནའ་འབྲེལ་ལས་སྟེགས་ལ་བརྟེན་ནས་ཁོངས་གཏོགས་ཁུལ་དུ་ཞིང་ཆེན་དང་། གྲོང་ཁྱེར། ཆུས། སྲང་ལམ། སྡེ་ཁུལ་བཅས་རིམ་ལྔའི་ཏང་རྩ་འཛུགས་དང་མཉམ་འབྲེལ་གྱིས“ཁོངས་མིའི་རེས་སྐོར+”ལ་བརྟེན་ནས་ལས་དོན་མཉམ་གྲོས་དང་། ཞབས་ཞུ་མཉམ་སྒྲུབ། ཏང་ཡོན་མཉམ་སྐྱོང་བཅས་ཀྱི་མཉམ་འགུལ་གྱི་བྱ་བའི་རྣམ་པ་ཞིག་གྲུབ་པར་བྱས་ཤིང་། སྡེ་ཁུལ་དུ་ཀྲི་པུའུ་བཙུགས་ནས་རིམ་བཞིན་སྡེ་ཁུལ་བཅོས་སྐྱོང་གི་རྒྱུན་བསྲིངས་ཡོད། ད་ལྟ་སྡོད་ཁུལ་གྱི་སྡོད་དམངས་དང་ལས་བཟོ་བས་མཉམ་སྐྲུན་དང་མཉན་བཅོས། མཉམ་སྤྱོད་བཅས་ཀྱི་ཁྲོད་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་ཁོར་ཡུག་ཅིག་བསྐྲུན་ཡོད། 

“ངས་ཡུས་ཧྲུའུ་ནས་མི་ཚེའི་ཕྱེད་ཀར་བྱ་བ་བསྒྲུབས་པ་ཡིན། རྒན་ཡོལ་ཞུས་རྗེས་ཟི་ལིང་དུ་ལོག་ནས་འཚོ་བ་སྐྱེལ་གྱིན་ཡོད། དང་ཐོག་གྲོང་ཁྱེར་གྱི་འཚོ་བར་གོམས་དཀའ་བ་དང་ཁྱིམ་མཚེས་དང་འགྲིག་མཐུན་ཡོང་དཀའ་བར་སེམས་ཁྲལ་བྱས་པ་ཡིན། བསམ་ཡུལ་ལས་འདས་པ་ཞིག་ལ། སེམས་ཁྲལ་འདི་རྩ་བ་ཉིད་ནས་ལྷག་མ་ཞིག་རེད།” འཆི་མེད་རྡོ་རྗེས་བཤད་རྒྱུར། སྡེ་ཁུལ་གྱིས་དྲིལ་བསྒྲགས་དཔྱད་གཞི་གང་ཞིག་སྤེལ་ནའང་རྒྱ་སྐད་དང་གྲངས་ཉུང་མི་རིགས་ཀྱི་ཡི་གེའི་པར་གཞི་གྲ་སྒྲིག་བྱས་ཡོད་ལ། སྡེ་ཁུལ་གྱི་ལས་དོན་མི་སྣས་ཀྱང་ཐབས་བརྒྱ་ཇུས་སྟོང་གིས་བྱེད་སྒོ་སྤེལ་ནས་ཚང་མར་ཕན་ཚུན་ལ་རྒྱུས་ལོན་བྱེད་པར་སྐུལ་འདེད་བཏང་བ་རེད།

“སྡེ་ཁུལ་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་འཐབ་ཡུལ་གལ་ཆེན་ལ་བརྩིས་ནས། མི་རིགས་སོ་སོའི་མི་དམངས་ལག་གདང་སྦྲེལ་བ་དང་གཅིག་སེམས་གཅིག་སྦྲེལ་གྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་སྟེ། ཐུན་མོང་སྒོས་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་འཆམ་མཐུན་ཁྱིམ་གཞིས་བསྐྲུན་དགོས།” སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་བློ་ལ་དམ་པོར་བཟུང་ནས་ཝུན་ཐིང་སྲང་ལམ་སྡེ་ཁུལ་གྱིས་ཡུས་ཧྲུའུ་གཞིས་ཁུལ་དུ་ཏང་ཀྲི་པུའུ་བཙུགས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱེད་སྒོ་སྤེལ་ཞིང་། “ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པའི་ཞབས་ཞུ་ཚོགས་པ་བཙུགས་ནས། གྲངས་ཉུང་མི་རིགས་སྲིད་ཇུས་ཀྱི་སྒྲོག་འགྲེལ་པ་སྐྱེད་སྲིང་དང་། “སྲིད་ཇུས་དྲིལ་སྒྲོག”དང“ཞབས་ཞུ་སྒྲུབ་བའི”བྱེད་སྒོ་སྤེལ་ལ། དྲིལ་སྒྲོག་སྒྲོག་འགྲེལ་སོགས་བྱས་ནས་སྡེ་ཁུལ་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རྣམ་པ་བཟང་པོ་བཏོད་དེ་མི་རིགས་མཐུན་སྒྲིལ་བྱ་བར་ཤུགས་བསྣན།

“རྗེས་ཕྱོགས་ཝུན་ཐིང་སྲང་ལམ་སྡེ་ཁུལ་ཏང་ཨུས་གཟི་བརྗིད་སྲོལ་རྒྱུན་མུ་མཐུད་དུ་དར་སྤེལ་བཏང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྡེ་ཁུལ་དུ་གཟིགས་ཞིབ་གནང་སྐབས‘མི་དམངས་ཀྱི་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པར་འབད་བརྩོན་ལྷོད་མེད་བྱེད་དགོས’ཞེས་པའི་མངགས་བཅོལ་ཟབ་མོ་གཞིར་བཟུང་ནས། སྤུས་ཚད་ལེགས་པ་དང་། སྤུས་རྟགས་སྟོབས་ཆེར་གཏོང་བ། སྤུས་ཚད་མཐོ་བའི་ཞབས་ཞུ་སྒྲུབ་པ་བཅས་མུ་མཐུད་དུ་མཐའ་འཁྱོངས་ཀྱིས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་འཇོན་ཐང་དང་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་བཏང་ནས། མང་ཚོགས་ལ་ཤ་ཚ་བའི་སྡེ་ཁུལ་ལས་དོན་སྒྲུབ་པ་དང་སྡེ་ཁུལ་གྱི་ལས་དོན་ཁག་ལ་སྐུལ་འདེད་བཏང་ནས། སྔར་ལས་ལྷག་པའི་སྒོ་ནས་མི་རིགས་སོ་སོའི་མང་ཚོགས་ལ་སྤུས་ཚད་མཐོ་བ་དང་གྲུབ་འབྲས་ལྡན་པའི་ཞབས་ཞུ་འགན་ལེན་བྱེད་དགོས”ཞེས་ལིའུ་ཚོས་ཆིན་གྱིས་གདེངས་ཚོད་ཡོད་པའི་སྒོ་ནས་དེ་ལྟར་བཤད།  །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།