ཀྲུང་གོ་བོད་ཀྱི་དྲ་བ།

ན་གོར་མོ་ཡིས་རྒན་གསོའི་ཁ་བསླུས་རྒྱག་པར་རྡུང་རྡེག་དང་བཅོས་སྐྱོང་བྱེད་པའི་དྲིལ་སྒྲོག་བྱ་བ་སྤེལ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-06-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མང་ཚོགས་ཀྱི་མགོ་གཡོག་ལ་རྒོལ་བའི་འདུ་ཤེས་མཐོར་འདེགས་སུ་བཏང་ནས་རྒན་རྒོན་གྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་པ་དང་། རྒྱ་ཆེའི་རྒན་རྒོན་རྣམས་ཀྱིས་ཚེ་མཇུག་སྐྱིད་པོ་ཞིག་རོལ་བར་སྤྱི་ཚོགས་ཀྱི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་ཆེད། བསྟུད་མར་ཉིན་འགའི་རིང་། མཚོ་སྔོན་ཞིང་ཆེན་ན་གོར་མོ་གྲོང་ཁྱེར་སྤྱི་བདེ་ཅུའུ་མགོ་གཡོག་རྒོལ་རྡུང་ལྟེ་གནས་ཁོངས་གཏོགས་ཁུལ་གྱི་རྒན་གསོ་ཁང་དུ་སོང་ནས། རྒན་གསོའི་མགོ་གཡོག་དང་གློག་འཕྲིན་དྲ་རྒྱའི་མགོ་གཡོག་སྔོན་འགོག་དྲིལ་སྒྲོག་བྱ་འགུལ་སྤེལ་བ་དང་། རྒན་གསོའི་ཞབས་ཞུའི་མགོ་གཡོག་ལ་རྒོལ་རྡུང་གཏོང་བའི་སྟོབས་ཤུགས་གསར་སྐྲུན་བྱས་ཏེ། མང་ཚོགས་ཀྱི་རྒན་གསོའི་སྒོར་མོར་སྲུང་སྐྱོང་བྱས།  

བྱ་འགུལ་ཁྲོད། མི་དམངས་ཉེན་རྟོག་དང་ཉེན་རྟོག་རོགས་སྒྲུབ་པས་རྒན་རྒོན་ཚོར་ལེགས་སྐྱེས་བྱིན་པ་དང་། རྒན་གསོའི་མགོ་གཡོག་དྲིལ་སྒྲོག་བྱང་བུ་དང་མགོ་གཡོག་འགོག་སྲུང་བརྡ་ཁྱབ་བྱིན་ཏེ། གོ་སླ་བའི་སྐད་ཆས་ཅི་ཞིག་ནི་རྒན་གསོའི་མགོ་གཡོག་དང་རྒན་གསོའི་མགོ་གཡོག་གི་ཁྱད་ཆོས། དེ་ཇི་ལྟར་སྔོན་འགོག་བྱེད་པ་དང་རྒན་གསོའི་མགོ་གཡོག་སོགས་ཀྱི་དབྱེ་འབྱེད་བྱེད་ཐབས་ཁྱབ་གདལ་དུ་བཏང་བ་མ་ཟད། རྒན་གསོའི་མགོ་གཡོག་གི་ཁྲིམས་འགལ་ནག་ཉེས་གྱོད་དོན་དྲིལ་སྒྲོག་བྱས་ཏེ། རྒན་གསོའི་མགོ་གཡོག་གི“ཐབས་ལམ”བརྟོལ་ནས། རྒན་པས་རྣམ་རིག་གསལ་བོ་བྱེད་པ་དང་། ཁྲིམས་འགལ་བས་སྐད་ཆ་འདྲ་མིན་ལ“མི་ཉན་པ་དང་ཡིད་ཆེས་མི་བྱེད་པ། སྒོར་མོ་གཞན་བསྒྱུར་མི་བྱེད་པ། ཁེ་ཕན་ཆུང་ངུ་མི་བསམ་པ། གང་འདོད་དུ་རང་ཉིད་དང་ཁྱིམ་མིའི་ཆ་འཕྲིན་གལ་ཆེན་སྒོར་མི་ཤོར་བར”བྱེད་དགོས་པའི་གསལ་འདེབས་གནང་། གལ་ཏེ་དོགས་ཡོད་གནས་ཚུལ་དང་འཕྲད་ཚེ། རྒན་གསོའི་འགན་ཁུར་བ་དང་ལས་སྒྲུབ་མི་སྣ། རང་གི་བུ་བུ་མོ་དང་གྲོས་བྱེད་པའམ། སྤྱི་བདེ་ལས་ཁུངས་ལ་སྙན་སེང་ཞུས་ཏེ། ཁྲིམས་འགལ་བའི་གཡོ་ཐབས་བརྟོལ་དགོས།

མཇུག་མཐར། མི་དམངས་ཉེན་རྟོག་པ་དང་ཉེན་རྟོག་རོགས་སྒྲུབ་པས་ད་དུང་རིག་ནུས་ཁ་པར་སྤྱོད་པའི་རྒན་རྒོན་གྱིས“རྒྱལ་ཁབ་མགོ་གཡོག་རྒོལ་རྡུང་ལྟེ་གནས”ཀྱིAPPབྱ་རིམ་ཆུང་བ་ནང་འཇུག་བྱེད་པར་མཛུབ་སྟོན་བྱས་ནས། ཚན་རྩལ་སྟོབས་ཤུགས་ཀྱིས་རྒན་གསོའི་སྒོར་མོར“ལྕགས་ཟྭ”རྒྱག་པར་རོགས་འདེགས་བྱས།།

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།