ཀྲུང་གོ་བོད་ཀྱི་དྲ་བ།

སྐྱེ་ཁམས་གྱི་སྒེའུ་ཁུང་བརྒྱུད་ནས་མཛེས་སྡུག་གི་མཚོ་སྔོན་ཤེས་རྟོགས་བྱེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-06-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

01.jpg

ཁྲུང་ཁྲུང་སྐེ་ནག་གིས་རྩྭ་ཐང་དུ་ཅི་དགར་རྩེན་བཞིན་ཟས་འཚོལ་བ་དང། འཕུར་ལྡིང་བྱེད་པའི་ཚུལ།

02.jpg

ཁོར་ཡུག་སྲུང་སྐྱོང་གི་སྤྱི་ཕན་དྲིལ་སྒྲོག་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་ནས་སྤྱི་དམངས་ཀྱི་ཁོར་ཡུག་སྲུང་སྐྱོང་འདུ་ཤེས་ཟམ་མི་ཆད་པར་ཆེ་རུ་བཏང་བ།

03.jpg

“ཡུས་ཧྲུའུ་སྐྱེ་ཁམས་ཁྲིམས་འཛིན་ལག་ལེན་འགྲེམས་སྟོན་ལྟེ་གནས”ཀྱིས་ལྟ་སྐོར་བ་ཚོར“སྐྱེ་ཁམས་ཀྱི་སྒེའུ་ཁུང”ཞིག་བཏོད་པ།

04.jpg

“མཚོ་སྔོན་གྱི་སྐྱེ་ཁམས་སྒེའུ་ཁུང”རྒྱང་ཁྲིད་ལྟ་སྐུལ་ཚོད་འཛིན་མ་ལག་དེ་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་བྱེད་ནུས་ཁུལ་ཆེན་མོ་ལྔ་ལ་ཡོངས་སུ་ཁྱབ་ཡོད།

མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་གཞག་ལ་མཚོན་ན2016ལོ་ནི་ཧ་ཅང་གལ་ཆེའི་ལོ་ཞིག་ཏུ་གྱུར་ཡོད།

2016ལོའི་ཟླ8པའི་ཚེས23ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་སུ་ཕེབས་ནས་སྨྱན་བྱད་སྣ་མང་གི་འགྲེམས་སྟོན་དང་ཟུང་འབྲེལ་གྱིས་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་སྤྱིའི་གནས་ཚུལ་དང་། གཙང་གསུམ་འབྱུང་ཡུལ་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་། དེ་བཞིན་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ལས་དོན་གྱི་གནས་ཚུལ་ངོ་སྤྲོད་བཅས་ལ་གསན་པ་དང་། རྒྱང་ཁྲིད་བརྙན་ལམ་བརྒྱུད་རྨ་ཆུའི་ཆུ་འགོའི་མཚོ་སྔོ་རེངས་དང་རྣམ་སྲས་རྫ་ཆུའི་རོང་ཆེན། ཁུ་ནུ་རི་བོའི་གཡུ་འབྲུག་ལྷ་རྩེ།མཚོ་བོད་ལྕགས་ལམ་གྱི་སྨུག་པ་ལ་སྒང་ཟམ་ཆེན་སོགས་ཀྱི་དུས་ཐོག་གི་ལྟ་ཞིབ་ཚད་ལེན་གནས་ཚུལ་གསན་པ་མ་ཟད། གཞི་རིམ་ལས་བྱེད་དང་སྐྱེ་ཁམས་བདག་སྐྱོང་བར་བརྙན་ལམ་ནས་བརྗེ་རེས་གནང་།

མཚོ་སྔོན་གྱི་ཆེས་ཆེ་བའི་རིན་ཐང་ནི་སྐྱེ་ཁམས་དང་ཆེས་ཆེ་བའི་འགན་འཁྲི་ནི་སྐྱེ་ཁམས་ཡིན་ལ། ཆེས་ཆེ་བའི་སྦས་ཤུགས་ཀྱང་སྐྱེ་ཁམས་སུ་གནས་ཡོད།

དེ་གར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྙན་ལམ་བརྒྱུད་ནས་ས་གནས་དེ་གའི་མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་ཞིང་། རྒྱལ་ཁབ་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག་ཚང་མས་ཕྱར་བ་གྲུ་འདེགས་ངང་མཚེའུ་དང་རྩྭ་ཐང་། ཆུ་བོ། རི་སྐྱེས་སྲོག་ཆགས་སོགས་སྐྱེ་ཁམས་ཐོན་ཁུངས་ལ་དོ་དམ་ཡག་པོ་བྱས་ནས། ཐོན་སྐྱེད་དང་འཚོ་བ་ཇེ་ལེགས་སུ་འགྲོ་བའི་རེ་བ་ཡོད་ཅེས་གསུངས། སྤྱི་ཁྱབ་ཧྲུའུ་ཅིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པར་ཐོག་མར་གནས་ཚུལ་མཐིལ་རྟོགས་དང་འགུལ་རྣམ་ཁོང་དུ་ཆུད་དགོས་པ་དང་། སྐྱེ་ཁམས་ཁོར་ཡུག་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་དྲ་རྒྱ་ཡག་པོ་བསྐྲུན་པ་དང་བེད་སྤྱོད་ཡག་པོ་བྱེད་པའི་རྨང་གཞིའི་ལས་དོན་ཡག་པོར་བསྒྲུབ་དགོས་པར་བསྟན།

མངགས་བཅོལ་ཟབ་མོ་དེ་མཚོ་སྔོན་གྱིས་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལས་དོན་མགྱོགས་མྱུར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ལག་ལེན་གྱི་སྟོབས་ཤུགས་ཤིག་ཏུ་གྱུར་ཡོད་ལ། བརྗེད་མི་སྲིད་པའི་ལོ་རྒྱུས་ཀྱི་འཕོ་འགྱུར་ཞིག་གི་དབུ་ཁྱུད་གནས་འདི་ནས་བརྩམས་ཡོད། ལོ་ངོ་དྲུག་གི་རྗེས་ཀྱི་ད་ལྟ། “མཚོ་སྔོན་གྱི་སྐྱེ་ཁམས་སྒེའུ་ཁུང”བརྒྱུད་ནས་ང་ཚོས་སྐྱེ་ཁམས་ཀྱི་རྒྱུགས་ཤོག་གང་འདྲ་ཞིག་མཐོང་ཐུབ་བམ། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།