ཀྲུང་གོ་བོད་ཀྱི་དྲ་བ།

ཞིན་ཁྲང་ཞིང་གིས་མགོ་འཛིན་བྱས་ནས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-06-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཞིན་ཁྲང་ཞིང་གིས་ཟླ་དྲུག་པའི་ཚེས་བཅུ་ཉིན་མགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ཞིང་ཆེན་དུ་རྟོག་ཞིབ་མཛད་སྐབས་ཀྱི་མཛུབ་སྟོན་གལ་ཆེན་དང་གཟིགས་ཞིབ་མཛད་པའི་ལམ་བར་ནས་རྒྱལ་ཡོངས་ལ་བཏོན་པའི་རེ་བ་གལ་ཆེན། དེ་མིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་བཅས་བརྒྱུད་སྒྲོག་སློབ་སྦྱོང་བྱས་པར་མ་ཟད། རང་ཞིང་གི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་དང་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས། 

གྲོས་ཚོགས་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་དུ་རྟོག་ཞིབ་མཛད་སྐབས་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་དེས་ཡོམ་འགོག་རྒུད་སྐྱོབ་དང་འབྲུ་རིགས་བདེ་འཇགས། གྲོང་གསེབ་དར་རྒྱས། རིག་གནས་ཡིད་ཆེས། སྐྱེ་ཁམས་སྲུང་སྐྱོབ། ལས་ཞུགས་གསར་གཏོད། ཚན་རྩལ་གསར་གཏོད་སོགས་ལ་དམིགས་ཏེ་རེ་བ་གསལ་བོ་བཏོན་ཡོད། ང་ཚོས་དེར་གོ་བ་ཟབ་མོ་ལེན་དགོས་པ་དང་། ཞིང་ཆེན་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་བའི་བཀོད་སྒྲིག་དང་ཟུང་འབྲེལ་བྱས་ཤིང་། ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་སེམས་གཏིང་གི་གོ་གནས་གལ་ཆེན་དུ་འཇོག་པ་དང་། འབྲུ་རིགས་བདེ་འཇགས་བྱ་བ་བཟང་བོར་བསྒྲུབས་པ། དབུལ་ཐར་མཁྲེགས་གཏོགས་ཀྱི་གྲུབ་འབྲས་སྲ་བརྟན་རྒྱ་བསྐྱེད་བྱེད་པ། གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བ། ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ། ཀྲུང་ཧྭའི་ཆུ་གཏེར་གྱི་སྲུང་སྐྱོབ་མཁན་བཟང་བོ་བྱེད་པ། ལས་ཞུགས་ནུས་པ་མཐོར་འདེགས་བྱེད་པ་དང་ལས་སྐྲུན་གྱི་གསོན་ཤུགས་སྐུལ་སྤེལ་བྱེད་པ། ཚན་རྩལ་གསར་གཏོད་ཀྱིས་ཐོན་ལས་རིམ་འཕར་ལ་སྐུལ་འདེད་བཏང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དེ་མཚོ་སྔོན་ནས་ལག་བསྟར་བྱས་ཏེ་གྲུབ་འབྲས་ཐོན་པར་འགན་སྲུང་བྱེད་དགོས། 

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་དུ་རྟོག་ཞིབ་ལ་འགྲོ་བའི་ལམ་བར་ནས་རྒྱལ་ཡོངས་ལ་བཏོན་པའི་རེ་བ་གལ་ཆེན་གྱིས་ཆེ་ཕྱོགས་ལ་བཀོད་འདོམས་དང་ཁ་ཕྱོགས་ཁྲིད་སྟོན་བྱས་ཡོད་ལ། བསམ་བློ་གཏིང་ཟབ་ཅིང་ནང་དོན་ཕུན་སུམ་ཚོགས་ལ། ང་ཚོས་བཅོས་བསྒྱུར་འཕེལ་རྒྱས་གཏན་འཇགས་བཅས་དམ་འཛིན་བྱེད་པ་དང་། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་གཅིག་གྱུར་བཀོད་འདོམ་བྱེད་པ། ཆུ་ལོག་སྔོན་འགོག་ཉེན་སེལ་གནོད་སེལ་སོགས་མིག་སྔའི་བྱ་བ་གལ་ཆེན་ལ་གཞི་རྩའི་སྲུང་བྱ་འདོན་སྤྲོད་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་མཛད་སྐབས་བཏོན་པའི་རེ་བ་གལ་ཆེན་དེ་ཆབ་སྲིད་ཀྱི་དོན་ཆེན་དང་པོར་བརྩིས་ཏེ། བསྟུད་མར་བསམ་གཞིག་དང་ལག་ལེན་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་ཏུ་རྟོག་ཞིབ་མཛད་སྐབས་ཀྱི་གསུང་བཤད་དགོངས་དོན་ལ་གོ་བ་ལོན་པར་བྱས་ནས། སྔར་ལས་ལྷག་པའི་སྒོ་ནས་ཆབ་སྲིད་བརྡར་གཅོད་ནུས་པ་དང་ཆབ་སྲིད་གོ་རྟོགས་ནུས་པ། ཆབ་སྲིད་ལག་བསྟར་ནུས་པ་བཅས་མཐོར་འདེགས་བྱེད་པ་དང་། གཏན་འཇགས་དང་བདེ་ཐང་གི་དཔལ་འབྱོར་ཁོར་ཡུག་དང་རྒྱལ་དར་དམངས་བདེའི་སྤྱི་ཚོགས་ཁོར་ཡུག སྤྱོད་གཙང་དྲང་བདེན་གྱི་ཆབ་སྲིད་ཁོར་ཡུག་བཅས་སྲུང་འཛིན་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་དོན་དངོས་བྱ་སྤྱོད་ལས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས། 

གྲོས་ཚོགས་ནས་བསྟན་དོན། ཞི་ཅིན་ཕིང་གིས་གློག་འཕྲིན་བཏང་སྟེ་ཉིས་སྟོང་ཉེར་གཉིས་ལོའི་ཟླ་དྲུག་པའི་ཚེས་ལྔ་ཉིན་གྱི་ཁོར་ཡུག་ཉིན་མོའི་རྒྱལ་ཁབ་ཚོགས་ར་གཙོ་བོའི་བྱ་འགུལ་ལ་རྟེན་འབྲེལ་ཞུས་པ་དང་། དག་གཙང་མཛེས་སྡུག་གི་འཛམ་གླིང་མཉམ་འཛུགས་བྱེད་པར་ཁ་ཕྱོགས་བསྟན་ནས་སྲུང་བྱ་འདོན་སྤྲོད་བྱས་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་ཡིད་ལ་དམ་པོར་བཟུང་སྟེ། རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་གི་དགོངས་དོན་ལག་ལེན་དངོས་འབེབས་བྱེད་པའི་ཐད་ནས་གོ་བ་ཟབ་མོ་ལེན་དགོས། 

གྲོས་ཚོགས་ནས་སྐོར་ཞིབ་ལེགས་བཅོས་དང་གྲུབ་འབྲས་བེད་སྤྱོད་ལ་ཤུགས་སྣོན་པའི་བྱེད་ཐབས་འགའ་དང་ཉིས་སྟོང་ཉེར་གཉིས་ལོ་ནས་ཉིས་སྟོང་ཉེར་བདུན་ལོའི་བར་གྱི་སྐབས་བཅུ་བཞི་བའི་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བའི་འཆར་འགོད། ཉིས་སྟོང་ཉེར་གཉིས་ལོའི་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བའི་འཆར་འགོད་བཅས་ལ་གྲོས་ཞིབ་བྱས། སྐོར་ཐེངས་དང་པོའི་སྐོར་ཞིབ་དམ་འཛིན་གང་ལེགས་བྱེད་པ་དང་། སྤུས་ཚད་མཐོ་ཞིང་ནུས་པ་ཇེ་ཆེར་འགྲོ་བར་འགན་སྲུང་བྱེད་པ། ཕྱོགས་ཡོངས་ནས་ཏང་སྐྱོང་ནན་མོ་བྱེད་པའི་དམིགས་ཚད་ཆགས་པར་བྱས་ཏེ། དབྱངས་རྟ་གཙོ་བོ་དུས་ཡུན་རིང་བོར་རྒྱུན་འཁྱོངས་བྱེད་དགོས། སྐབས་བཅུ་བཞི་བའི་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཀྱིས་ཡོངས་ལ་ཁྱབ་པར་གཅིག་གྱུར་བཀོད་འདོམ་བྱེད་པ་དང་། ཁ་གྲངས་དང་སྤུས་ཚད་མཉམ་འཛིན་བྱེད་པ། མྱུར་ཚད་དང་ཕན་འབྲས་མཉམ་འཛིན་བྱེད་པ། གཟུགས་ལྡན་ཁེབས་ཚད་དང་ནུས་ལྡན་ཁེབས་ཚད་གཅིག་གྱུར་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ནས། ཏང་ནང་ཁུལ་གྱི་ལྟ་རྟོག་ལ་ཆད་ལུས་མེད་པ་མངོན་འགྱུར་བྱས། ཕྱོགས་སོ་སོའི་འགན་འཁྲི་དངོས་འབེབས་དང་བཅོས་བསྒྱུར་བྱེད་པ་དང་། མ་ལག་འདུས་འདྲིལ་མཉམ་འབྲེལ་ལེགས་བཅོས་རྒྱུན་འཁྱོངས་དང་སྐོར་ཞིབ་ལྟ་རྟོག་དང་བཅོས་སྒྱུར། བཅོས་སྐྱོང་བཅས་སྦྲེལ་མཐུད་གང་ལེགས་བྱས་ཏེ། སྐོར་ཞིབ་ལས་ཕྱིར་ལྡོག་གནད་དོན་བཅོས་སྒྱུར་གང་ལེགས་བྱེད་པར་འགན་སྲུང་བྱེད་དགོས། 

གྲོས་ཚོགས་ནས་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་བྱ་སྤྱོད་བཟང་བོ་དར་སྤེལ་བྱས་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་བྱེད་ཐབས་འགར་གྲོས་ཞིབ་བྱས་པ་དང་། ལས་དོན་གཞན་པར་ཞིབ་འཇུག་བྱས།  །

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།