ཀྲུང་གོ་བོད་ཀྱི་དྲ་བ།

དབྱིན་པའེ་ཡིས་ཧོང་ཀྲུང་ས་ཁུལ་་གུང་ཧོ་གྲོང་རྡལ་སུར་སྐྱིད་སྡེ་བ་རུ་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་སྒྲོག་འགྲེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-06-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དྲུག་པའི་ཚེས་དགུ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དབྱིན་པའེ་ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ས་ཁུལ་གུང་ཧོ་གྲོང་རྡལ་སུར་སྐྱིད་སྡེ་བར་སོང་སྟེ་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་སྒྲོག་འགྲེལ་བྱས། ཁོས་བསྟན་དོན། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བར་རླབས་ཆེན་ཇུས་གཞི་བཀོད་པ་དང་། དེ་ནི་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་འགུལ་སྐྱོད་རྩ་འཛིན་ཡིན། རྒྱུན་མཐུད་སྒོས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། བསམ་བློའི་ངོས་ཟིན་གཅིག་གྱུར་བྱེད་པ་དང་། ཡིད་ཆེས་དང་ཆོད་སེམས་སྔར་ལས་ཇེ་བརྟན་དུ་གཏོང་བ། འཕེལ་རྒྱས་ཀྱི་མཉམ་ཤུགས་གཅིག་སྡུད་བྱེད་པ། ནན་ཏན་སྒོས་བྱ་བ་བཟང་བོར་སྒྲུབ་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཇུས་ཆོད་དང་བཀོད་སྒྲིག་སྣ་ཚོགས་དངོས་འབེབས་བཟང་བོ་བྱེད་པར་སྐུལ་འདེད་གཏོང་དགོས།

དབྱིན་པའེ་ཡིས་བསྟན་དོན། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་ནི་དེང་སྐབས་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཡིན། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་དང་ངོ་བོར་སློབ་སྦྱོང་བཟང་བོ་བྱེད་པ་དང་ཁྱོན་ཡོངས་ནས་གོ་བ་ཟབ་མོ་ལེན་པ་དང་། ཚོགས་ཆེན་གྱི་དགོངས་དོན་ལ་བརྟེན་ནས་མཛུབ་སྟོན་དང་ལག་ལེན་བཟང་བོ་བྱེད་དགོས། དྲིག་སྒྲོག་གང་ལེགས་བྱས་ཏེ་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་ཀུན་གྱིས་གསལ་བོར་རྟོགས་པར་སྐུལ་འདེད་གཏོང་བ་དང་། རྩ་འཛུགས་ཞིབ་མོ་བྱས་ཏེ་དྲིལ་སྒྲོག་བཟང་བོ་བྱེད་པར་མ་ཟད་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་ཁྱིམ་ཚང་ཁྲི་སྟོང་མང་པོར་རྟོགས་སུ་འཇུག་དགོས། ལག་བསྟར་ནན་མོ་བྱེད་པ་དང་སྟོབས་ཤུགས་ཡོད་རྒུ་བཏོན་ནས་བྱ་བ་སྣ་ཚོགས་དངོས་འབེབས་བྱས་ནས་ཕན་འབྲས་ཐོབ་པར་སྐུལ་འདེད་གཏོང་བ་དང་། རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་པ་དང་གཅིག་གྱུར་སྒོ་འཆར་འགོད་བྱེད་པ། དངོས་འབེབས་བྱ་བ་དམ་འཛིན་བྱས་ཏེ། གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས།   ། 

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།