ཀྲུང་གོ་བོད་ཀྱི་དྲ་བ།

དེ་རིང་ནས་བཟུང་ཟི་ལིང་གི་སྤྱི་གླིང་སྒོ་ཕྱེ་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-06-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱུས་ལོན་པ་ལྟར་ན། ཟླ6པའི་ཚེས10ཉིན་ནས་བཟུང་ཟི་ལིང་གྲོང་ཁྱེར་གྱི་ཁོངས་གཏོགས་སྤྱི་གླིང་ཆེ་གྲས་ཚང་མ་ཁྱོན་ཡོངས་ནས་སླར་གསོ་བྱ་རྒྱུ་རེད།

6fad50da5bb0c08d650d6685cd935f4.jpg

ཟླ6པའི་ཚེས10ཉིན་ནས་བཟུང་། ཟི་ལིང་གྲོང་ཁྱེར་མི་དམངས་སྤྱི་གླིང་དང་། བྱང་རིའི་མཛེས་ལྗོངས་གླིང་། ལྷོ་རིའི་སྤྱི་གླིང་། རིག་གནས་སྤྱི་གླིང་། རྩི་ཤིང་གླིང་། ཙོང་ཆུའི་ནགས་ཚལ་སྤྱི་གླིང་། ལུས་རྩལ་སྤྱི་གླིང་། ཟི་ལིང་གི་རི་སྐྱེས་སྲོག་ཆགས་གླིང་། ཧའེ་ཧྲན་སྤྱི་གླིང་བཅས་སྒོ་འབྱེད་སླར་གསོ་བྱ་རྒྱུ་རེད། 

640.jpg

གྲོང་ཁྱེར་སྤྱི་གླིང་གི་འབྲེལ་ཡོད་དོ་དམ་པས་བཤད་རྒྱུར། “ཡུལ་སྐོར་བས་བདེ་འཇགས་ངང་སྤྲོ་གསེང་གཏོང་བར་འགན་ལེན་བྱ་ཆེད། སྤྱི་གླིང་ཚང་མར་གཙང་སྦྲ་དང་དུག་སེལ་ཐེངས་མང་བྱས་ཤིང་། སྤྱི་བའི་གསང་སྤྱོད་ཁང་དང་། རྐུབ་སྟེགས་དང་སྡོད་གནས། གད་སྙིགས་སྒམ། ལུས་སྦྱོང་ཡོ་བྱད་སོགས་སྤྱི་པའི་སྒྲིག་བཀོད་ལ་དུག་སེལ་བྱེད་ཐེངས་མང་དུ་བྱས་ཡོད་ལ། རིམས་ནད་འགོག་ཟོན་གྱི་བླང་བྱ་ལྟར། སྤྱི་གླིང་གི་འཛུལ་སྒོ་རུ་ལུས་དྲོད་འཇལ་ཆས་སྒྲིག་བཀོད་ཡོད་ཟེར།

dca2ca33cd2fa442191903c385ccd5e.jpg

ཟི་ལིང་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས་རྒྱ་ཆེའི་གྲོང་མི་ཚོར་གསལ་འདེབས་བྱས་དོན། སྤྱི་གླིང་རིམ་བཞིན་སྒོ་འབྱེད་རྒྱུ་ཡིན་ནའང་། རིམས་ནད་སྔོན་འགོག་གི་ལས་དོན་ཐད་སྔར་ལས་དོ་སྣང་ཆེན་པོ་བྱ་དགོས་ལ། རེ་བ་ཡིན་ན་རྒྱ་ཆེའི་གྲོང་མི་རྣམས་དུས་ཚོད་སྔ་གཞུག་བགོས་ནས་སྤྱི་གླིང་ནང་འགྲོ་བ་དང་། ཁ་ཐུམ་བརྒྱབ་ནས་རང་ཉིད་ཀྱི་འགོག་སྲུང་ལེགས་པོ་སྒྲུབ་པ།  དཔལ་ཡོན་ལྡན་པ་དང་གོ་རིམ་ཡོད་པའི་སྒོ་ནས་སྤྱི་གླིང་དུ་ལྟ་སྐོར་བྱེད་དུ་འགྲོ་དགོས།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།