ཀྲུང་གོ་བོད་ཀྱི་དྲ་བ།

སྐྱེ་ཁམས་ཀྱི་སྒེའུ་ཁུང་ལས། ། མཚོ་སྔོན་གྱི་མཛེས་སྡུག་མཐོང་། །

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་དང་གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-06-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1654825729616504.jpg

རྩྭ་ཐང་སྟེང་དུ་ཁྲུང་ཁྲུང་སྐེ་ནག་གིས་གཤོག་ཟུང་རྐྱང་ནས་གར་གྱི་སྟངས་སྟབས་བསྒྱུར་བཞིན་པ།

1654825743498629.jpg

ཁོར་ཡུག་སྲུང་སྐྱོང་སྤྱི་ཕན་དྲིལ་སྒྲོག་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་ནས། སྤྱིི་དམངས་ཀྱི་ཁོར་ཡུག་སྲུང་སྐྱོང་འདུ་ཤེས་ཇེ་མཐོར་བཏང་། 

1654825758914403.jpg

ཡུས་ཧྲུའུ་སྐྱེ་ཁམས་ཁྲིམས་འཛིན་ལག་ལེན་འགྲེམས་སྟོན་ལྟེ་གནས། 

1654825774202014.jpg

མཚོ་སྔོན་སྐྱེ་ཁམས་སྒེའུ་ཁུང”རྒྱང་བསྟེན་ལྟ་རྟོག་མ་ལག་གིས་ཞིང་ཆེན་ཡོངས་སུ་སྐྱེ་ཁམས་བྱེད་ནུས་ཁུལ་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱུང་།

2016ལོ་ནས་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་གི་སྲུང་སྐྱོང་བྱ་གཞག་གི་ལེའུ་བརྩམས།

2016ལོའི་ཟླ8པའི་ཚེས23ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་སུ་ཕེབས་ནས། མང་འདུས་སྨྱན་བྱས་འགྲེམས་སྟོན་དང་ཟུང་འབྲེལ་གྱིས་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་སྤྱིའི་གནས་ཚུལ་དང་། གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོང་དང་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་བྱ་བའི་གནས་ཚུལ་ངོ་སྤྲོད་ལ་གསན་པ་དང་། རྒྱང་བསྟེན་བརྙན་ལམ་བརྒྱུད་རྨ་ཆུའི་ཆུ་མགོའི་མཚོ་སྔོ་རིང་མཚོ་སྐྱ་རེངས། རྣམ་སྲས་རྫ་ཆུའི་བྲོག་རོང་། ཁུ་ནུ་རི་བོའི་གཡུ་འབྲུག་ལྷ་རྩེ། མཚོ་བོད་ལྕགས་ལམ་གྱི་སྨིག་པ་ལ་སྒང་བྱང་གི་ཟམ་ཆེན་སོགས་ཀྱི་དུས་ཐོག་གི་ལྟ་ཞིབ་ཚད་ལེན་གནས་ཚུལ་གསན་པ་མ་ཟད། གཞི་རིམ་ལས་བྱེད་པ་དང་སྐྱེ་ཁམས་དོ་དམ་པར་བརྙན་ལམ་བརྒྱུད་ནས་གླེང་མོལ་གནང་། 

མཚོ་སྔོན་གྱི་ཆེས་ཆེ་བའི་རིན་ཐང་ནི་སྐྱེ་ཁམས་ཡིན་ལ། ཆེས་ཆེ་བའི་འགན་འཁྲི་ཡང་སྐྱེ་ཁམས་དང་། ཆེས་ཆེ་བའི་མི་མངོན་པའི་སྟོབས་ཤུགས་ཀྱང་སྐྱེ་ཁམས་ཡིན།

གནས་འདི་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྙན་ལམ་བརྒྱུད་ནས། ས་གནས་དེ་གའི་མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་ཞིང་། རྒྱལ་ཁབ་ཀྱི་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག་ཚང་མས་མཚེའུ་དང་རྩྭ་ཐང་། ཆུ་བོ། རི་སྐྱེས་སྲོག་ཆགས་སོགས་སྐྱེ་ཁམས་ཐོན་ཁུངས་ལ་སྟོབས་ཤུགས་གཅིག་སྒྲིལ་གྱིས་དོ་དམ་བཟང་པོ་བྱས་ན། ཐོན་སྐྱེད་དང་འཚོ་བ་ཇེ་ལེགས་སུ་འགྲོ་བར་རེ་བ་ཡོད་ཅེས་གསུངས། སྤྱི་ཁྱབ་ཧྲུའུ་ཅིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པར་ཐོག་མར་ཁྱིམ་ཚང་གི་གནས་ཚུལ་ལ་རྒྱུས་ལོན་དང་འགུལ་རྣམ་ཁོང་དུ་ཆུད་དགོས་པ་དང་། སྐྱེ་ཁམས་ཁོར་ཡུག་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་དྲ་རྒྱ་ལེགས་པར་བསྐྲུན་པ་དང་བེད་སྤྱོད་བཟང་པོ་བྱེད་པའི་རྨང་གཞིའི་ལས་དོན་ལེགས་པར་བསྒྲུབ་དགོས་ཞེས་གསུངས། 

མངགས་བཅོལ་ཟབ་མོ་དེ་མཚོ་སྔོན་གྱིས་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལས་དོན་མགྱོགས་མྱུར་སྒོོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལག་ལེན་གྱི་སྟོབས་ཤུགས་ཤིག་ཏུ་བསྒྱུར། བརྗེད་ཐབས་བྲལ་བའི་ལོ་རྒྱུས་ཀྱི་འཕོ་འགྱུར་ཞིག་གནས་འདི་ནས་བྱུང་བ་ཡིན། ལོ་དྲུག་རྗེས་ཀྱི་ད་ལྟ“མཚོ་སྔོན་གྱི་སྐྱེ་ཁམས་སྒེའུ་ཁུང”བརྒྱུད་ང་ཚོས་རྒྱུགས་ལེན་ཇི་འདྲ་ཞིག་མཐོང་ཐུབ་བམ།

བཀོད་སྒྲིག་སྔར་ལས་ཚན་རིག་དང་མཐུན་པ།

——ལྟ་དཔྱད་ཚད་འཇལ་ས་ཚིགས་མང་དུ་སོང་བ་དེས་གལ་ཆེའི་འཁྱག་རོམ་དང་གངས་རི། རྩྭ་ཐང་དང་འདམ་ར། ཆུ་བོ་དང་མཚེའུ། རྩ་ཆེའི་རི་སྐྱེས་སྲོག་ཆགས་སོགས་ལ་དུས་ལྟར་ལྟ་སྐུལ་ཚོད་འཛིན་བྱེད་ཐུབ་པ་བྱུང་།

བརྙན་མིག་ལས། ཟླ6པའི་ཚེས7ཉིན་གྱི་སྔ་དྲོའི་ཆུ་ཚོད10པར། མཚོ་བོད་ལྕགས་ལམ་གྱི་སྨིག་པ་ལ་སྒང་བྱང་གི་ཟམ་ཆེན་གྱི་གནས་སུ་ཁ་བ་སྤུངས་གསོག་བྱས་ཡོད་པ་དང་། ཡུས་ཧྲུའུ་ཡི་རོང་པོ་འདམ་རའི་འབྲོང་རྣམས་རང་དགར་རྒྱུ་ལ། རྨ་ཆུའི་ཆུ་མགོའི་མཚོ་སྔོ་རིང་གི་རླབས་རྒྱུན་ཡོམ་ཡོམ་དུ་སྐྱོམ་བཞིན་ཡོད།

ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་ཆ་འཕྲིན་ལྟེ་གནས་ཀྱི་ལས་དོན་མི་སྣ་ཁྲེན་ལེང་པའོ་མཐོང་བ་ན། ཁོ་རང“མཚོ་སྔོན་ཀྱི་སྐྱེ་ཁམས་སྒེའུ་ཁུང”མདུན་དུ་ལས་ལ་བྲེལ་བཞིན་འདུག སྐབས་དེར་སྤྱི་ཁྱབ་ཧྲུའུ་ཅིས་གཟིགས་ཞིབ་གནང་སྐབས། ཁོང་གིས་ཡུལ་དངོས་སུ་ལག་རྩལ་འགན་ལེན་པ་ཞིག་ཡིན་པའི་ངོས་ནས། ལས་གྲོགས་དང་མཉམ་དུ་འཕྲིན་གཏོང་བརྙན་ལམ་བཀོལ་སྤྱོད་དང་ཡུལ་དངོས་སྦྲེལ་མཐུད་བྱེད་སྒོའི་སྒྲིག་ཆས་སྣ་ཚོགས་སྤྱད་ནས་ལས་འགན་སྣ་ཚོགས་བདེ་བླགས་ངང་ལེགས་འགྲུབ་བྱས།

སྐྱེ་ཁམས་ཁོར་ཡུག་ལ་ལྟ་ཞིབ་ཚད་ལེན་བྱེད་པ་ནི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་རྨང་གཞི་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་འདེགས་སྐྱོར་གལ་ཆེན་ཞིག་ཡིན། ཁྲེན་ལེང་པོའི་མིག་ལམ་དུ་ལོ་འདི་དག་ནི་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལས་དོན་མགྱོགས་མྱུར་སྒོས་འཕེལ་རྒྱས་འགྲོ་བཞིན་པའི་དུས་སྐབས་ཤིག་ཏུ་སྣང་།

2016ལོ་ནས་བཟུང་། གཙོ་གནད་སྐྱེ་ཁམས་སྲུང་སྐྱོང་ས་ཁོངས་ཀྱི་རང་བྱུང་མཛེས་ལྗོངས་ཁྱབ་ཚུལ་དང་རི་སྐྱེས་སྲོག་ཆགས་དཔེ་མཚོན་བྱེད་སྒོའི་ས་ཁོངས་ཁྱབ་ཚུལ་གྱི་ཁྱད་ཆོས་ལ་གཞིགས་ནས། མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གིས“མཚོ་སྔོན་གྱི་སྐྱེ་ཁམས་སྒེའུ་ཁུང”འཛུགས་སྐྲུན་ལས་དོན་དང་གཙང་གསུམ་འབྱུང་ཡུལ་གྱི་གཙོ་གནད་སྐྱེ་ཁམས་ནུས་པའི་ཁུལ་གྱི་རྒྱང་བསྟེན་བརྙན་ལམ་ལྟ་དཔྱད་ཚད་ལེན་མ་ལག་ལག་བསྟར་བྱེད་མགོ་བརྩམས། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་བྱེད་ནུས་ཁུལ་ཆེན་པོ་ལྔ་རུ་ལྟ་ཞིབ་ཚད་འཇལ་ས་ཚིགས་བདམས། རིང་ཚད་ལ་སྨི5ནས15བར་གྱི་འོད་རིམ་བརྙན་ལམ་ལྟ་ཞིབ་ཚད་ལེན་དང་། གྲངས་འཛིན་ཅན་གྱི་དྲ་རྒྱ་བརྒྱུད་གཏོང་། གཅིག་གྱུར་ལས་སྟེགས་དོ་དམ་ཚོད་འཛིན་བཅས་ཀྱི་བྱ་ཐབས་སྤྱད་ནས། དྲ་རྒྱའི་རྒྱང་བསྟེན་བརྙན་ལམ་ལྟ་ཞིབ་ཚད་ལེན་དོ་དམ་མ་ལག་བཙུགས་པ་དང་། ཐག་ཉེ་སའི་དཔེ་མཚོན་ཁུལ་གྱི་སྐྱེ་ཁམས་རྣམ་པ་དང་། རང་བྱུང་མཛེས་ལྗོངས། རི་སྐྱེས་སྲོག་ཆགས་དང་དེ་བཞིན་སྐྱེ་ཁམས་སྣ་མང་རང་བཞིན་བཅས་ལ་ལྟ་དཔྱད་ཚད་འཇལ་བྱས་ནས། རྒྱང་བསྟེན་དུས་ཐོག་དྭངས་གསལ་བརྙན་ལམ་ལྟ་ཞིབ་ཚད་ལེན་དང་ལྟ་སྐུལ་ཚོད་འཛིན་ཐུབ་པ་བྱུང་ཡོད།

“ད་ལྟ་ལྟ་དཔྱད་ཚད་འཇལ་ས་ཚིགས6ནས46བར་ཇེ་མང་དུ་བཏང་ཡོད། དེས་དུས་དང་རྣམ་པ་ཀུན་ཏུ་དཔེ་མཚོན་ཁུལ་གྱི་སྐྱེ་ཁམས་རྣམ་པ་དང་རང་བྱུང་མཛེས་ལྗོངས། རི་སྐྱེས་སྲོག་ཆགས་བཅས་ལ་ལྟ་དཔྱད་ཚད་འཇལ་དང་ཞིབ་འཇུག་བྱས་ནས། མཚོ་སྔོན་ཞིང་ཆེན་གྱི‘གནམ་ས་གཞི་གཅིག་ཅན’གྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་དྲ་རྒྱའི་མ་ལག་སྔར་ལས་ཕུན་སུམ་ཇེ་ཚོགས་དང་འཐུས་ཚང་དུ་བཏང་ཡོད”ཅེས་ཁྲེན་ལེང་པའོ་ཡིས་བཤད།

2019ལོའི“མཚོ་སྔོན་གྱི་སྐྱེ་ཁམས་སྒེའུ་ཁུང”འཛུགས་སྐྲུན་རྒྱ་བསྐྱེད་ནས། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་གྲངས་འཛིན་ཆེན་མོའི་ལས་སྟེགས་ཐོག་མ་བཙུགས་པ་དང་། ཞིང་ཆེན་ཡོངས་ཀྱི་ས་ངོས་ཀྱི་ཆུ་དང་། ས་འོག་གི་ཆུ། འཐུང་ཆུ། མཁའ་རླུང་བཅས་དང་དེ་བཞིན་སྒྲ་ལྡན་ཁོར་ཡུག་སྤུས་ཚད་ཀྱི་རང་འགུལ་ལྟ་ཞིབ་ཚད་ལེན་དང་ལག་ཤེས་ལྟ་ཞིབ་ཚད་ལེན་གཞི་གྲངས་གཅིག་གྱུར་དོ་དམ་ཐོག་མ་མངོན་འགྱུར་བྱུང་།

ལས་སྟེགས་ཀྱི་ཁ་ཕྱེ་བ་ན“ཆུའི་ཁོར་ཡུག་གི་གནས་བབ”མིག་ལམ་དུ་མངོན་ཡོང་ཞིང་། གསར་འགོད་པས་ཙོང་ཆུའི་ལོ་ཡ་ཞའི་ས་ངོས་ཀྱི་ཆུའི་སྤུས་ཚད་རང་འགུལ་ས་ཚིགས་སུ་གཏོགས་པའི་ས་ཁུལ་དང་། ཞིབ་ཕྲའི་ས་གནས། དཔྱད་ཞིབ་རིམ་པ་བཅས་གཅིག་ཀྱང་མ་ལུས་པར་མཐོང་ཐུབ་ལ། ཞིབ་དཔྱད་ཚད་ལེན་གྱི་གཞི་གྲངས་ཀྱི་ལེ་ཚན་དེ་ལས་ཆུ་གནས་དང་ཆུ་རྒྱུན། མཱན་སྐྱུར་ཚྭ་མཐོ་པོའི་སྟོན་གྲངས་སོགས་གསལ་པོར་མཐོང་ཐུབ།

“གྲངས་འཛིན་ཆེན་མོར་དབྱེ་ཞིབ་བྱས་པ་བརྒྱུད། ཁོར་ཡུག་གི་སྤུས་ཚད་ཇེ་ཞན་དུ་སོང་བའམ་ཡང་ན་ཚད་གཞི་ལས་བརྒལ་བའི་སྣང་ཚུལ་ཡོད་ཚེ་དུས་ཐོག་ཏུ་ཉེན་བརྡ་གཏོང་བ་དང་། ཁོར་ཡུག་དོ་དམ་གྱི་དམིགས་ཚད་ལེགས་སྒྲུབ་བྱས་ཚུལ་དུས་ཐོག་ཏུ་རྗེས་འདེད་ནས། ཁོར་ཡུག་དོ་དམ་ལས་དོན་ལ་འདེགས་སྐྱོར་ནུས་ལྡན་བྱེད་དགོས”ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་ཆ་འཕྲིན་ལྟེ་གནས་ཀྱི་ཀྲུའུ་རེན་ལི་ཧྥེ་ཡིས་ངོ་སྤྲོད་བྱས།

ཟིན་ཐོ་སྔར་ལས་གནད་དུ་འཁེལ་བར་བྱས།

——བརྙན་ལམ་གཞི་གྲངས་རིག་ནུས་ཅན་དང་གྲངས་འཛིན་ཅན་གྱི་འཚོལ་ཞིབ་བྱས་པ་བརྒྱུད། དངོས་རིགས་བརྟག་དཔྱད་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་བརྙན་ལམ་ལྟ་དཔྱད་ཚད་འཇལ་དང་དབྱེ་ཞིབ་བྱེད་ཐབས་མཁོ་འདོན་བྱས་ཡོད།

བརྙན་མིག་གིས་གཙོད་གནས་སྤོ་བྱེད་པའི་ལྟ་ཞིབ་ཚད་ལེན་དང་སྲུང་སྐྱོང་ལ་ཤུགས་སྣོན་ཆེད། “མཚོ་སྔོན་སྐྱེ་ཁམས་སྒེའུ་ཁུང”གི་རྒྱང་བསྟེན་མ་ལག་གིས་མཚོ་བོད་ལྕགས་ལམ་གྱི་སྨིག་པ་ལ་སྒང་བྱང་གི་ཟམ་ཆེན་གྱི་ལྟ་དཔྱད་ཚད་འཇལ་ས་ཚིགས་ཤིག་ཏུ་ལྟ་ཞིབ་ཚད་ལེན་བྱས་ཡོད་པ་རེད།

ཨ་ཆེན་གངས་རྒྱབ་ཀྱི་རང་བྱུང་ཁོར་ཡུག་ཉམས་ཞན་དཀའ་སྡུག་ཆེ་ལ། སྲུང་སྐྱོང་ས་ཚིགས་ཀྱི་དེ་སྔའི་སྒྲིག་ཆས་རྗེས་ལུས་ཡིན་པས། སྐོར་སྲུང་རུ་ཁག་གི་བྱ་བར་དཀའ་ཁག་ལྡན་ལ་ཉེན་ཁ་ཡང་ཅུང་ཆེ། ད་ལྟ་ནི་རྒྱང་རིང་ལྟ་ཞིབ་ལས་གཞན། “མཚོ་སྔོན་གྱི་སྐྱེ་ཁམས་སྒེའུ་ཁུང”ལ་ད་དུང་གནམ་སྐུད་བཙན་འཛུལ་དང་མངའ་ཁུལ་བཙན་འཛུལ་སོགས་རིག་ནུས་དབྱེ་ཞིབ་ནུས་པ་མངོན་འགྱུར་བྱས་ཆོག་ཅིང་། སྲུང་སྐྱོང་ཁུལ་ཀྱི་རི་སྐྱེས་སྲོག་ཆགས་ལ་རིག་ནུས་ལྟ་ཞིབ་དང་དབྱེ་ཞིབ། རྗེས་སྙེག སྔོན་བརྡ་བཅས་ཀྱི་བྱེད་ནུས་མངོན་འགྱུར་བྱས། འདིའི་རིགས་མཐོར་འདེགས་བྱས་པ་དེར། ལས་མི་རྣམས་ཀྱིས“མེ་མདའ་མེ་སྐྱོགས་ལ་བརྗེ་བ”དང་འདྲ་ཞེས་གསོན་ཉམས་ལྡན་པའི་དཔེ་འཇོག་བྱེད། 

སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ནི་ཞབས་ཞུ་དོ་དམ་གྱི་ཆེད་དུ་བྱུང་བ་དང་། ལག་རྩལ་གོང་འཕེལ་དང་བསྟུན་ནས་སྟོབས་ཆེར་གྱུར། 

བཅར་འདྲིའི་ཁྲོད་གསར་འགོད་པས་རྒྱུས་ལོན་པ་ལྟར་ན། “མཚོ་སྔོན་གྱི་སྐྱེ་ཁམས་སྒེའུ་ཁུང”གི་རྒྱང་ཐག་རིང་ཞིང་གསལ་ཚད་མཐོ་བའི་བརྙན་ལམ་ལྟ་ཞིབ་དང་འགྲེམ་སྟོན་གསལ་བཤད་མ་ལག་ཏུ་རྒྱང་ཐག་རིང་བ་དང་། ཁྱབ་ཁོངས་ཆེ་བ། ཕྱོགས་ཡོངས་ནས་དུས་ལྟར་གནད་ཁེལ་ལྟ་ཞིབ་ལག་རྩལ་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་དོ་དམ་བྱ་བའི་ཁྲོད་བེད་སྤྱོད་བྱ་རྒྱུ་ཡིན་ལ། མ་ལག་ཡོངས་ཀྱི་མདུན་ངོས་སུ་བརྙན་རྒྱུ་གསལ་ཚད་ཁྲི800ནས་ཁྲི1000ཡོད་པའི་བརྙན་ལེན་འཕྲུལ་ཆས་སྤྲད་པས། དུས་ཚོད24རིང་དུ་ཕྱོགས་བཞི་མཚམས་བརྒྱད་ལ་བསྟུད་མར་སྐོར་ལྟ་བྱས་ཆོག 

གཞི་གྲངས་ཚོགས་པ་འདིས་ཅི་ཞིག་སྟོན་བཞིན་ཡོད་དམ། 

“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པར་ཐོག་མར་གནས་ཚུལ་དངོས་གསལ་པོར་རྟོགས་པ་དང་འཕོ་འགྱུར་ཁོང་དུ་ཆུད་དགོས་པས། སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་དྲ་བ་འཛུགས་པ་དང་ལེགས་པར་སྤྱོད་པའི་གཞི་རྩའི་བྱ་བ་ཡག་པོ་སྒྲུབ་དགོས་ཞེས་གསུངས་བ་ལྟར། བརྙན་ལམ་གཞི་གྲངས་རིག་ནུས་ཅན་དང་གྲངས་འཛིན་ཅན་འཚོལ་ཞིབ་བརྒྱུད། གཙོད་སོགས་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་རྩ་ཆེན་གྱི་གྲངས་ཀ་དང་འགུལ་སྐྱོད་ས་ཁོངས་ལ་དུས་ལྟར་གྲངས་ཀ་སྤྱི་སྡོམ་དང་རྗེས་སྙེག་ལྟ་ཞིབ་བྱ་རྒྱུ་ཡིན”ཞེས་ཁྲེན་ལང་པོ་ཡིས་བཤད། 

སྡོམ་རྩིས་ལྟར་ན། 2018ལོ་ནས་བཟུང་། ཡུལ་ཤུལ་གྲོང་ཁྱེར་ས་ཁོངས་ཀྱི་འབྲི་ཆུ་དང་དཔལ་ཐང་ཆུ། བྱ་ཆུ་བཅས་ཀྱི་འབབ་རྒྱུད་དུ་ལྟ་ཞིབ་ཐོ་འགོད་བྱ་བ་སྤེལ་ཏེ། སྲམ་གྱི་འགུལ་སྐྱོད་བརྙན་དུམ500ལྷག་བསགས། 

2019ལོ་ནས་བཟུང་། “མཚོ་སྔོན་གྱི་སྐྱེ་ཁམས་སྒེའུ་ཁུང”གིས་མིས་བཟོས་རིག་ནུས་བརྙན་ལམ་དབྱེ་ཞིབ་རྩིས་ཐབས་སྤྱད་དེ་ལོ་རྒྱུས་གཞི་གྲངས་ལ་དབྱེ་ཞིབ་བྱས་ཤིང་། གཙོད་ཁྱུ་གནས་སྤོར་གྲངས་ཀ་གསལ་འབྱེད་ཡང་དག་བྱས། 

སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ནི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི“གདུང་འདེགས་ཀ་བ”དང“ཚེ་སྲོག་གི་རྒྱུད་སྐུད”ཡིན། ད་ལྟ་ནི་བརྙན་ལམ་གཞི་གྲངས་རིག་ནུས་ཅན་དང་གྲངས་འཛིན་ཅན་འཚོལ་ཞིབ་བརྒྱུད། གཙོད་དང་། རྒོ་དམར། ཆུ་སྲམ་སོགས་ཀྱི་འཚོ་བའི་གནས་ཚུལ་དང་སྐྱེ་ཁམས་གོམས་གཤིས་ཀྱི་འགྱུར་ལྡོག་གནས་ཚུལ་ལ་རྒྱུས་མངའ་ཐོག་མར་བྱུང་། 

བྱེད་ནུས་སྔར་ལས་སྣ་མང་དུ་གྱུར། 

——བརྙན་ལམ་དང་ཡུལ་དངོས་འགྲེལ་བཤད། དྲ་ལམ་ཐད་གཏོང་སོགས་ཀྱི་རྣམ་པ་ནི། མཚོ་སྔོན་ཞིང་ཆེན་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་དངོས་འབེབས་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་གྲུབ་འབྲས་འགྲེམ་སྟོན་ལ་སྐུལ་འདེད་གཏོང་བའི་སྒེའུ་ཁུང་གལ་ཆེན་དུ་གྱུར། 

བརྙན་མིག ཡུས་ཧྲུའུ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང“ཡུས་ཧྲུའུ་སྐྱེ་ཁམས་ཁྲིམས་འཛིན་ལག་ལེན་འགྲེམ་སྟོན་ལྟེ་གནས་སུ་བསྐྱོད་པ”དང་། “གཙང་གསུམ་འབྱུང་ཡུལ་ཁྲིམས་ཀྱིས་བདེ”ཞེས་པའི་འགྲེམ་ཁུལ་ལ་ངོ་མཚར་སྟོང་གིས་ཕྱུག་ཡོད། གནས་འདིར་བེད་སྤྱོད་བྱས་པའི་རྒྱང་ཐག་རིང་ཞིང་གསལ་ཚད་མཐོ་བའི་བརྙན་ལམ་ལག་རྩལ་གྱིས་གཙང་གསུམ་འབྱུང་ས་ཁུལ་གྱི་འཐུས་ཚང་རང་བཞིན་གྱི་མཛེས་ལྗོངས་དང་སྐྱེ་ཁམས་ཁོར་ཡུག་གི་གནས་ཚུལ་ལ་དུས་ལྟར་ལྟ་ཞིབ་བྱས་ཏེ། ལྟ་སྐོར་པ་རྣམས་ལ“སྐྱེ་ཁམས་ཀྱི་སྒེའུ་ཁུང”ཞིག་ཕྱེས། 

“ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་དང་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུའུ་ཡིས་ང་ཚོར་ལག་རྩལ་གྱིས་རྒྱབ་སྐྱོར་བྱས་པར་མ་ཟད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྣ་མང་མཉམ་བཅོས་ཕྱོགས་ནས་ང་ཚོ་དང་ངོས་འཛིན་མཐུན་པ་མང་པོ་བྱུང་། ཕྱོགས་གཅིག་ནས་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་མི་དམངས་ཁྲིམས་ཁང་གི་སྐྱེ་ཁམས་ཁྲིམས་འཛིན་བྱ་བར་རྒྱབ་སྐྱོར་ཆེན་པོ་བྱས་པ་དང་། དུས་མཚུངས་སུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི‘སྲིད་གཞུང་དང་ཁྲིམས་འཛིན་མཉམ་འགུལ’རྐྱེན་སྲོལ་གྱི་གསར་གཏོད་རང་བཞིན་གྱི་ལག་ལེན་ཐེངས་ཤིག་ཡིན་པས། སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་མཐུན་སྦྱོར་འཛུགས་སྐྲུན་བྱེད་པར་ཡར་སྐུལ་གྱི་ནུས་པ་ཆེན་པོ་བྱུང”ཞེས་ཡུས་ཧྲུའུ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའུ་ཁོངས་མིའམ་ཁྲིམས་འཛིན་དཔོན་གཞོན་པ་ལིས་ཁྲེན་གྱིས་བཤད། 

མཉམ་སྤྱོད་ཀྱང་འདི་ཙམ་ཞིག་ག་ལ་ཡིན། 

“མཚོ་སྔོན་གྱི་སྐྱེ་ཁམས་སྒེའུ་ཁུང”ལྟ་ཞིབ་གཞི་གྲངས་ནི་སྐྱེ་ཁམས་ཁོར་ཡུག་པུའུ་དང་། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་སོགས་ལ་དུས་ལྟར་མཉམ་སྤྱོད་བྱས་པར་མ་ཟད། རྒྱལ་ནང་གི་ཚོགས་འདུ་གལ་ཆེན་ལ་ཡང་དུས་ལྟར་འགྲེམ་སྟོན་བྱས། གཞན་ཡང་། 2016ལོ་ནས་བཟུང་། “མཚོ་སྔོན་གྱི་སྐྱེ་ཁམས་སྒེའུ་ཁུང”རིམ་པ་སོ་སོའི་བརྟག་དཔྱད་དང་སློབ་སྦྱོང་ལྟ་སྐོར་བསྡོམས་པའི་ཐེངས330ལྷག་དང་། མི་ཐེངས3500ལྷག་ལ་ཞབས་ཞུ་འགན་སྲུང་བྱས་ཏེ། “མཚོ་སྔོན་གྱི་སྐྱེ་ཁམས་སྒེའུ་ཁུང”གི་སྐྱེ་ཁམས་ཁོར་ཡུག་སློབ་གསོ་ཚན་རིག་ཁྱབ་གདལ་དང་དྲིལ་སྒྲོག་བྱེད་ནུས་ཕུན་སུམ་ཚོགས་པར་འདོན་སྤེལ་བྱས། 

“སྤྱི་ཁྱབ་ཧྲུའུ་ཅིས་གཟིགས་ཞིབ་གནང་སྐབས་ཀྱི་རྣམ་པ་ད་ལྟ་ད་དུང་མིག་ལམ་དུ་གསལ་ལེར་འཆར་ཞིང་། ཐུགས་བརྩེ་ཟབ་མོའི་བཀའ་མངག་ད་དུང་རྣ་ལམ་དུ་ཡལ་མེད་དུ་གནས། འདི་ནི་ལོ་ངོ་དྲུག་གི་རིང་ལ་ང་ཚོས་བྱ་བ་ལེགས་པར་སྒྲུབ་པའི་ཁ་ཕྱོགས་དང་ཁྲིད་སྟོན་དུ་ཡང་གྱུར་ཡོད”ཅེས་ཁྲེན་ལང་པོ་ཡིས་བཤད། སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མངག་ཡིད་ལ་དམ་པོར་བཟུང་བས། ད་ལྟའི་དུས་སུ“མཚོ་སྔོན་གྱི་སྐྱེ་ཁམས་སྒེའུ་ཁུང”གི་ལྟ་ཞིབ་གནས་ཀྱི་ཁེབས་རྒྱ་དང་། བྱེད་ནུས་རྒྱ་སྐྱེད། གཞི་གྲངས་བེད་སྤྱོད་བཅས་ཀྱི་ཕྱོགས་ནས་མཐོར་འདེགས་ཆེན་པོ་བྱུང་བ་དང་། ཞིང་ཆེན་ཡོངས་ཀྱི་གཙོ་གནད་སྐྱེ་ཁམས་བྱེད་ནུས་ཁུལ་གྱི་ལྟ་རྟོག་དོ་དམ། སྐྱེ་ཁམས་བཟོ་སྐྲུན་གལ་ཆེན་གྱི་དཔྱད་དཔོག སྐྱེ་ཁམས་འགྱུར་ལྡོག་འགུལ་རྣམ་ལྟ་ཞིབ་བེད་སྤྱོད་བཅས་ལ་ཞབས་ཞུ་སྒྲུབ་པའི་ཕན་འབྲས་མངོན་གསལ་ཡིན་པ། མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་དང་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བའི་འདེགས་སྐྱོར་ནུས་པ་མངོན་གསལ་དུ་གྱུར་ཅིང་། སྐྱེ་ཁམས་ཁོར་ཡུག་ལྟ་རྟོག་དོ་དམ་མཐོར་འདེགས་པར་ནུས་ལྡན་གྱི་ལག་རྩལ་ལག་ཐབས་འདོན་སྤྲོད་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་དོ་དམ་ཇུས་ཆོད་གྱི་ཚན་རྩལ་འདེགས་སྐྱོར་ཆུ་ཚད་མཐོར་བཏེགས། 

མ་འོངས་པར་ཁ་ཕྱོགས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཧྲག་དམག་འདིས“མཚོ་སྔོན་གྱི་སྐྱེ་ཁམས་སྒེའུ་ཁུང”གི་ལྟ་ཞིབ་གནས་ཀྱི་བརྟན་ལྷིང་འཁོར་སྐྱོད་འགན་སྲུང་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་འཛུགས་སྐྱོང་བྱས་ཏེ། བརྙན་ལམ་རིག་ནུས་སྐོར་ཞིབ་དང་དབྱེ་ཞིབ་བྱ་བ་སྤེལ་ནས། རང་བྱུང་སྲུང་སྐྱོང་ཁུལ་གྱི་སྲོག་ཤིང་ཁུལ་ལྟ་རྟོག་དོ་དམ་ཁྲིམས་བསྟར་དང་དངོས་རིགས་སྣ་མང་ལྟ་ཞིབ་བྱ་བར་རམ་འདེགས་དང་རྒྱབ་སྐྱོར་བྱས། བརྙན་ལམ་དང་འགུལ་ཚོར་གྱི་ལྟ་ཞིབ་སྲོག་ཤིང་ཡིན་པའི་རང་བྱུང་སྐྱེ་ཁམས་སྲུང་སྐྱོང་ལྟ་ཞིབ་དྲ་བ་འཛུགས་སྐྲུན་བྱེད་པ་དང་། མིའི་རིགས་ཀྱི་བྱེད་སྒོ་དང་རི་སྐྱེས་སྲོག་ཆགས་ལྟ་ཞིབ་ལྟ་རྟོག་དོ་དམ་ཕྱོགས་བསྡུས་མངོན་འགྱུར་བྱས་ཤིང་། སྐྱེ་ཁམས་ཁོར་ཡུག་འགྱུར་ལྡོག་ལྟ་ཞིབ་སོགས་གཞི་གྲངས་འཚོལ་བསྡུ་དང་དབྱེ་ཞིབ་མངོན་འགྱུར་བྱས། ། 

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།