ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱིས་སྟོབས་ཤུགས་ཡོད་རྒུས་རིམས་ནད་འགོག་སྡོམ་དུག་སེལ་བྱ་བ་ལེགས་པོར་བསྒྲུབས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-06-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས9ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་གཞུང་སྒྲུབ་ཁང་ནས་རྒྱུས་ལོན་པ་ལྟར་ན། རིམས་ནད་སྐབས་སུ། མཚོ་སྔོན་གྱིས་བྱེད་ཐབས་སྣ་མང་མཉམ་སྤྱོད་ཀྱིས་སྟོབས་ཤུགས་ཡོད་རྒུས་རིམས་ནད་འགོག་སྡོམ་དུག་སེལ་བྱ་བ་ལེགས་པོར་བསྒྲུབས་ནས། ནད་དུག་འགོ་བར་འགོག་སྲུང་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་འགན་སྲུང་བྱས། 

རང་ཞིང་གིས་དུས་ཐོག་ཏུ་མཚོ་སྔོན་ཞིང་ཆེན་ནད་རིགས་འགོག་སྲུང་ཚོད་འཛིན་ལྟེ་གནས་དང་། མཚོ་སྔོན་ཞིང་ཆེན་ས་གནས་ནད་རིགས་སྔོན་འགོག་ཚོད་འཛིན་ཁང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ། མཚོ་ཤར་གྲོང་ཁྱེར་བཅས་ཀྱི་རོགས་སྐྱོར་རུ་ཁག་གི་སྐོར་རིམ7གྱི་མི73སྐོང་འཐེན་བྱས་ནས། དུག་སེལ་བྱ་བའི་ཚན་ཆུང་བཙུགས་ཏེ་སོ་སོར་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཆུས་དང་ཧོང་ཀྲུང་ཆུས། རྟ་ཐང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་། སྟོང་སྐོར་རྫོང་། མཁར་དཀྱིལ་ཆུས་དང་མཁར་བྱང་ཆུས་སུ་དུག་སེལ་བྱ་བ་སྤེལ། ས་གནས་སོ་སོའི་རོགས་སྐྱོར་མི་སྣས་གྲུབ་པའི“དུག་སེལ་སྲུང་དམག”གིས་དུས་ཚོད་དང་པོའི་ནང་གཙོ་གནད་ས་ཁོངས་དང་གཙོ་གནད་ར་བ། གཙོ་གནད་ས་ཚིགས་སོགས་སུ་དུག་སེལ་བྱ་བ་སྒྲུབ་པའི་ཁྲོད། རིམས་ནད་འགོག་སྡོམ་བཀོད་འདོམས་པུའུ་ཡི་བཀོད་སྒྲིག་ལྟར། རིམས་ནད་འགོག་སྡོམ་གྱི་རྗེས་སྙེག་པའི་དུས་མཚུངས་སུ་དུས་ཚོད་དམ་འཛིན་གྱིས་ནད་དུག་ལ་འགྲན་བསླངས་ཏེ། རིམས་འགོག་ཡུལ་དངོས་སུ་འབད་པ་ཆེན་པོས་ཆེད་ལས་ལག་རྩལ་དང་གཟབ་ནན་གྱི་རྣམ་འགྱུར་གྱིས་རིམས་ནད་འགོག་སྡོམ་གྱི“བཙན་རྫོང”ཞིག་ཆགས་སུ་བཅུག 

མིག་སྔའི་བར་དུ། ཟི་ལིང་གྲོང་ཁྱེར་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་སོགས་ས་ཁོངས་ནང་ཁུལ་གྱི་རིམས་ནད་ས་ཚིགས370དང་། རིམས་ནད་དང་འབྲེལ་བའི་འགྲིམ་འགྲུལ་ཡོ་བྱད137ཚང་མར་དུག་སེལ་བྱས་པའི་དུས་མཚུངས་སུ། སློབ་གྲྭ་དང་སྤྱོད་ཁང་སོགས་གཙོ་གནད་ར་བར་སྔོན་འགོག་རང་བཞིན་གྱི་དུག་སེལ་བྱས། སྨི་གྲུ་བཞི་མ་ཁྲི619.20ཡི་དངོས་རྫས་ཕྱི་ངོས་ལ་དུག་སེལ་བྱས་པ་དང་། རྒྱ་དཔང་གྲུ་བཞི་མ་ཁྲི186.48ཡི་མཁའ་དབུགས་དུག་སེལ་བྱས། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།